ཤེན་ཡང་། རྒྱ་ནག། Shenyang, China

ཤེན་ཡང་དང་རེ་ཚེ་མུག་དེན་ཟེར་མི་འདི་ རྒྱ་ནག་བྱང་ཤར་གི་ལ་ཡོ་ནིང་མངའ་སྡེའི་ལྟེ་བ་ཅིག་ཨིནམ་མ་ཚད་ ཁྲོམ་ཚོགས་སྦོམ་ཤོས་ཅིག་སྦེ་རྩིཝ་ཨིན་པས། ཤེན་ཡང་འདི་ འགོ་ཐོག་མཱན་ཅུ་གི་མི་ཚུ་གིས་རྒྱལ་ས་ལྟེ་བ་སྦེ་ལག་ལེན་འཐབ་སྟེ་སྡོད་ནུག། ད་རེས་རྒྱ་ནག་གི་བྱང་ཤར་ནང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་སྦེ་གྱུར་ཡོདཔ་ཨིན། [༡]ཁྲོམ་ཚོགས་འདི་ བྱང་ཕྱོགས་རྒྱ་ནག་གི་ཁྲོམ་ཚོགས་ནང་ལས་མི་རློབས་སྦོམ་ཡོད་པའི་ཁྲོམ་ཅིག་ཨིན། ཁྲོམ་ཚོགས་ནང་སྔོན་དང་ཕུའི་ལམ་སྲོལ་དང་འབྲེལ་བའི་བྱུང་རབས་ཡོད་པའི་ཁར་ ད་རེས་རྒྱ་ནག་དེམ་ཅིག་ཐལ་མིའི་ དེང་སང་གི་ལོ་རྒྱུས་ཚུ་ཡང་ཡོདཔ་ཨིན། ཤེན་ཡང་འདི་ རང་བཞིན་གནས་སྟངས་ཉམས་སྲུང་ཁྲོམ་ཚོགས་ཀྱི་དཔེ་རིས་ཅིག་སྦེ་མིང་གཏམ་ཐོབ་ཡོདཔ་ཨིན། དེ་བཟུམ་སྦེ་ རྒྱལ་ཡོངས་ནགས་ཚལ་གྱི་ཁྲོམ་ཚོགས་སྦེ་ཡང་མིང་གཏམ་ཡོད་པའི་ཁར་ ལོ་ངོ་གཉིས་ཀྱི་རིང་ལུ་ རྒྱ་ནག་གི་ཁྲོམ་ཚོགས་བཅུ་ཐམ་གྱི་གྲས་ལས་ཅིག་ཨིན་པས། ཁྲོམ་ནང་སྤྱི་ལོ་ ༢༠༢༠ ལུ་ མི་རློབས་ ༩༠༧༠༠༩༣ ཡོདཔ་སྦེ་བཀོད་ནུག། [༢]
ཁྲོམ་ཚོགས་ཀྱི་མིང་དེ་སྦེ་བཞག་དགོ་མི་དེ་ཡང་ ཤེན་གཙང་ཆུའི་བྱང་ཁ་ཐུག་ལུ་ཆགས་ཡོད་པའི་ཁྲོམ་ཚོགས་ཟེར་བའི་དོན་ཨིན་པས། ཁྲོམ་གྱི་ལྷོ་ཁ་ཐུག་ལུ་ཡོད་པའི་ཧན་གཙང་ཆུ་ལུ་ ཧེ་མ་ཤེན་གཙང་ཆུ་ཟེར་སླབ་དོ་ཡོདཔ་ཨིན། ས་གནས་དེ་ཁར་ མི་ཚུ་གིས་ ཧེ་མ་སྡོད་ནུག་ཟེར་ཨིན་པས། [༡]ཤེན་ཡང་གི་ས་ཁོངས་འདི་ ཇ་པཱན་དང་ རཱ་ཤི་ཡ་ ཀོ་རི་ཡ་དངག་གཅིག་ཁར་ཚོང་འབྲེལ་འཐབ་སའི་གཞུང་བཟུམ་ཅིག་ཨིནམ་དང་ ས་ཁོངས་འདི་སྐྱེལ་འདྲེན་གྱི་ལྟེ་བ་ཅིག་ཨིན་པས། དེ་བཟུམ་སྦེ་བྱང་ཤར་རྒྱ་ནག་གི་དོན་ལུ་རེལ་ལི་ལམ་གྱི་གཞུང་བཟུམ་ཅིག་ཨིན་པས། རེལ་ལི་ལམ་བརྒྱད་ཡོད་མི་གིས་ ཤེན་ཡང་དང་ བྷེ་ཇིང་ ད་ལིཡན་ ཅང་ཅཱུན་ ཧར་བིན་དང་ཕུ་ཤཱན་ཚུ་མཐུན་འབྲེལ་འབདཝ་ཨིན། [༡]
རང་གི་སེམས་གཡེང་ས་དང་དགའ་སྤྲོའི་དོན་ལུ་ ཁྲོམ་ཚོགས་དེ་ནང་ འགྲེམས་སྟོན་ཁང་དང་ གླིང་ག་ཚུ་ཡོདཔ་ཨིན། དེ་བཟུམ་སྦེ་གསོལཝ་བཏབ་ནིའི་དོན་ལུ་ ཡེ་ཤུའི་ལྷ་ཁང་ཡང་ཡོད་པཨིན། ཁྲོམ་ཚོགས་ནང་བཟོ་གྲྭ་འཕྲུལ་ཁང་ཡོད་པའིི་ཚོང་སྡེ་ལེ་ཤ་ར་ཡོདཔ་ཨིན། ས་ཁོངས་ནང་རྐང་རྩེད་འདི་གནམ་མེད་ས་མེད་ཡོངས་གྲགས་ཡོདཔ་བཞིན་དུ་ རྩེ་སའི་ས་ཁོངས་ཡང་ཡོདཔ་ཨིན། དེ་བཟུམ་སྦེ་ཤེས་ཡོན་སྦྱང་ནིའི་དོན་ལུ་ ཆེ་རིམ་དང་མཐོ་རིམ་སློབ་གྲྭ་ཚུ་ཡང་མཐོང་སར་ཡོདཔ་ཨིན་པས། དེ་ལས་བཟོ་བཀོད་དང་ལྟཝ་ད་གནམ་མེད་ས་མེད་སྦོམ་དང་རིངམ་ མ་འདྲཝ་སྦེ་ཡོད་པའི་སྒྲིང་ཁྱིམ་ཚུ་མཐོངམ་ཨིན། ས་གནས་ཁར་ཚོང་ཉོ་སའི་ཚོང་ཁང་སྣ་ཚོགས་དང་ སྦོམ་ཚུ་ཡོདཔ་མ་ཚད་ ཁྲོམ་ལམ་བདའ་སྟེ་ཟ་ནིའི་ཟས་དང་བཞེས་སྒོ་ཚུ་འཐོབ་སར་ཡོདཔ་ཨིན། དེ་ལས་བཤལ་ནིའི་ས་གོ་མ་འདྲཝ་ཚུ་ཡོད་ས་ལས་གཅིག་ཀོ་རི་གི་ཁྲོམ་འདི་ཨིན་པས།[༣]
ཤེན་ཡང་ལུ་ ཆར་རླུང་གིས་དཀྲོགས་ཏེ་ གནམ་བྱཱ་ལུ་གནམ་མེད་ས་མེད་ཚདཔ་ཚ་བའི་ཁར་ རློན་གཤེར་ཅན་སྦཻ་སྡོད་དགོ་པར་ཐེ་ཚོམ་མེདཔ་དང་ གནམ་དགུན་ལུ་གྱང་པའི་ཁར་ བསིལ་ཀྲག་ཀྲ་ཐར་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ དུས་བཞི་གསལ་རི་རི་སྦེ་སོ་སོ་སྦེ་མཐོང་སར་ཡོདཔ་ཨིན། ལོ་བསྟར་ཆར་པའི་གནས་ཚད་ལས་ཕྱེད་ཀ་དེ་ཅིག་ར་སྤྱི་ཟླ་ ༦ པ་དང་ ༨ པའི་ནང་ཚུདཔ་ཨིན་པས། ས་གནས་ནང་མཁའ་འགྲུལ་དང་རེལ་ལི་ སྣུམ་འཁོར་ཚུ་གི་ཞབས་ཏོག་ཡོདཔ་ཨིན། [༢]
རྒྱབ་ཁུངས་དཔེ་དེབ།
- 1 2 3 ཝི་ཀི་པི་ཌི་ཡ། (༢༠༢༤) ཤེན་ཡང་། https://simple.wikipedia.org/wiki/Shenyang ནང་ལས་འཐོབ་ཡོདཔ་ཨིན།
- 1 2 ཝི་ཀི་པི་ཌི་ཡ། (༢༠༢༥) ཤེན་ཡང་། https://en.wikipedia.org/wiki/Shenyang ནང་ལས་འཐོབ་ཡོདཔ་ཨིན།
- ↑ ཅའེ་ན་ཧའེ་ལའེཊ། (ལོ་མེད།) ཤེན་ཡང་ལམ་འགྲུལ་ལམ་སྟོན། https://www.chinahighlights.com/shenyang/ ནང་ལས་འཐོབ་ཡོདཔ་ཨིན།