Jump to content

སཱན་པེ་ཌོ་སུ་ལ།

Wikipedia ལས།

༉ ཧོན་ཌུ་རས་ཀྱི་བྱང་ནུབ་ཁ་ཐུག་ལུ་ཆགས་ཡོད་པའི་ སཱན་པེ་ཌོ་སུ་ལ་འདི་ ཧོན་ཌུ་རས་ཀྱི་མཚོ་ཁར་ པུའུ་ཊོ་ཀོར་ཊེས་ལས་ ཀི་ལོ་མི་ཊར་ ༦༠ དེ་ཅིག་གི་ས་ཁར་ ཆགས་ཏེ་ཡོདཔ་ཨིན་མས། ཧོན་ཌུ་རས་ཀྱི་ཁྲོམ་ཚོགས་སྦོམ་ཤོས་གཉིས་པ་ སཱན་པེ་ཌོ་སུ་ལ་འདི་ དཔལ་འབྱོར་གྱི་ཐད་ཁར་ སྟོབས་ཤུགས་ཅན་དང་ ལམ་སྲོལ་ལྟེ་བ་ཅིག་ཡང་ཨིནམ་མ་ཚད་ ཧོན་ཌུ་རས་ཀྱི་ བཟོ་གྲྭའི་ལྟེ་བ་སྙིང་ཤོས་ཅིག་ཡང་ཨིན་མས། དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ བྱང་ནུབ་ཁ་ཐུག་ལུ་ མཛེས་ཞིང་ཡིད་དུ་འོང་བའི་ སུ་ལ་ལུང་གཤོང་ནང་ཆགས་ཏེ་ཡོད་པའི་ཁྲོམ་ཚོགས་འདི་ དེང་སང་དུས་ཀྱི་འཕོ་འགྱུར་དང་བསྟུན་ བཟོ་གྲྭ་དང་ཚོང་འབྲེལ་ ལམ་སྲོལ་གྱི་ལྟེ་བ་ཅིག་ལུ་འགྱུར་ཡོདཔ་ཨིན། ཁྲོམ་འདི་ (ཨུ་ལི་ཡ) Ulúa གཙང་ཆུའི་ལུང་གཤོང་ནང་ལུ་ཆགས་ཡོདཔ་ལས་ གཞུང་ལམ་དང་རེ་ལི་ལམ་ཚུ་བརྩིས་ཏེ་ སྐྱེལ་འདྲེན་གྱི་ལམ་ལུགས་གཙོ་བོ་ཚུ་ནང་ ཐབས་བྱུས་ཅན་གྱི་ཐབས་ལམ་བྱིན་ཏེ་ ལུང་ཕྱོགས་ནང་འཁོད་ལུ་ ཚོང་འབྲེལ་དང་མཐུད་འབྲེལ་གྱི་མཐུན་རྐྱེན་ཚུ་བྱིན་དོ་ཡོདཔ་ཨིན་མས།

སེན་པེ་གྲོ་སུ་ལ་གི་ཡི་ཤུའི་ལྷ་ཁང་།

སྟེ་་་བྱུང་རབས་ཀྱི་སྐོར་ལས་ཞུ་བ་ཅིན་ སྤྱི་ལོ་༡༥༣༦ སྤྱི་ཟླ་ ༦ པའི་ཚེས་༢༧ ལུ་ ཨེསེ་པི་ནིཤི་གི་ དབང་བཟུང་འབད་མི་  པི་ཌོ་ཌི་ ཨཱལ་ཝ་རཱ་ཌོ (Pedro de Alvarado) གིས་གཞི་བཙུགས་འབད་མི་ སཱན་པེ་ཌོ་སུ་ལ་འདི་ ཆོ་ལོ་མཱ་ (Choloma) གི་ས་གནས་གཞི་ཆགས་སའི་ཉེ་འདབས་ལུ་ གཞི་བཙུགས་འབད་ནུག འགོ་ཐོག་ལུ་ དབང་འོག་ཁྲོམ་སྡེ་ཅིག་སྦེ་སྡོད་པའི་སྐབས་ ཚོང་འབྲེལ་གྱི་ལམ་ཚུ་བསྒྱུར་བཅོས་འགྱོ་མི་ལུ་བརྟེན་ དཔལ་འབྱོར་གྱི་ཉམས་རྒུད་ལ་སོགས་པ་ཚུ་བརྩིས་ཏེ་ གདོང་ལེན་ལེ་ཤ་ཅིག་རང་ ཐོན་ནུག། སྟེ་ དུས་རབས་༡༩ པའི་མཇུག་བསྡུ་ཁམས་ཅིག་ཁར་ ཁྲོམ་གྱི་དཔལ་འབྱོར་གྱི་གནས་སྟངས་འདི་ ངང་ལག་གི་ཚོང་འབྲེལ་ཡར་འཕར་འགྱོ་མི་དང་ རྒྱ་མཚོའི་བར་ན་རེ་ལི་ལམ་བཟོ་སྐྲུན་འབད་མི་འདི་གིས་ ཀེ་རི་བི་ཡན་མཚོ་དང་མཐུད་འབྲེལ་འབད་ཞིནམ་ལས་ དཔལ་འབྱོར་གྱི་མདུན་ལམ་འདི་ འགྱུར་བཅོས་འགྱོ་ནུག།

མི་རློབས་ཀྱི་ཐད་ཁར་ སྤྱི་ལོ་ ༢༠༢༣ ལུ་ སཱན་པེ་ཌོ་སུ་ལ་གི་མི་རློབས་འདི་ ཧ་ལམ་སྟོང་ཕྲག་ ༨༣༤,༨༨༣ དེ་ཅིག་ཡོདཔ་དང་ ཁྲོམ་ཆེན་གྱི་ས་ཁོངས་ནང་ མི་ས་ཡ་ ༡.༤ དེ་ཅིག་ཡོདཔ་ཨིན་མས། མི་རློབས་དང་འཁྲིལ་ཏེ་ མི་རིགས་མ་འདྲཝ་ཡང་ཡོདཔ་ལས་ དེ་ཚུ་ཡང་ མཱེསི་ཊི་ཟོ (Mestizo) དང་ Afro-Honduran ཨེ་ཕཱོརོ་ ཧཱོན་ཌོ་རེ་ཡན་ དེ་ལས་ ཕྱི་རྒྱལ་གྱི་མི་རིགས་ཚུ་ཡང་ སླ་བསྲེ་རྐྱབ་སྟེ་ཡོདཔ་ལས་ ཁྲོམ་ཚོགས་འདི་ ལམ་སྲོལ་གྱི་ཐད་ཁར་ ཕྱུགཔོ་སྦེ་སྡོད་ནི་ལུ་ ཕན་ཐོགས་ཏེ་ཡོདཔ་ཨིན་མས། སཱན་པེ་ཌོ་སུ་ལ་གིས་ རྒྱལ་རབས་དང་དེང་སང་དུས་ཀྱི་འཕོ་འགྱུར་ དེ་ལས་ ཅི་དང་མ་འདྲ་བའི་ ཡ་མཚན་ཆེ་ཏོག་ཏོ་གི་ ལམ་སྲོལ་གྱི་མཐོང་སྣང་ཚུ་ གསལ་སྟོན་འབདཝ་ཨིན། ཁྲོམ་ཚོགས་འདི་གི་བཟོ་རིགས་ཀྱི་ངོ་རྟགས་ཚུ་ཡང་ སྤྱི་ལོ་༡༩༤༩ ལུ་ཡོད་མི་ ཡེ་ཤུའི་ལྷ་ཁང་འདི་ཨིནམ་ད་ འདི་ནང་ལུ་ དམིགས་གཏད་བསྐྱར་གསོ་གི་ བཟོ་རིགས་ཀྱི་རྣམ་པ་ཚུ་ཡང་ སྟོན་ཡོདཔ་ཨིན། ལམ་སྲོལ་གྱི་དུས་སྟོན་འདི་ ལོ་བསྟར་ཕེ་རི་ཡ་ཇུ་ནིཡན་གིས་ ཁྲོམ་སྡེ་གི་སྐྱབས་འཛིན་པ་ལུ་ གུས་བཏུད་ཞུ་སྟེ་ ཟླཝ་གཅིག་གི་རིང་ ཕེ་རི་ཡ་ཇུ་ནི་ཡ་ན་གིས་ བརྩི་སྲུང་ཞུ་དོ་ཡོདཔ་ཨིན་མས། དེ་ལས་ སཱན་པེ་ཌོ་སུ་ལ་གི་ཁྲོམ་སྡེའི་ལྟེ་བའི་ཁྲོམ་གཞུང་འདི་ མི་ཚུ་དཔུང་འཛོམས་འབད་སའི་ས་ཁོངས་ཅིག་ཡང་ཨིན་མས། འདི་ནང་ལུ་ སྔོན་མའི་དབང་འོག་དུས་སྐབས་ཀྱི་བཟོ་རིགས་དང་ ཆོས་དོན་གྱི་སྲོལ་རྒྱུན་ཚུ་ གསལ་སྟོན་འབད་མི་ ངོ་རྟགས་ཅན་གྱི་ཡེ་ཤུའི་ལྷ་ཁང་འདི་ཡོདཔ་ཨིན། དེ་མ་ཚད་ རང་བཞིན་གནས་སྟངས་ཀྱི་ཐད་ཁར་ སཱན་པེ་ཌོ་སུ་ལ་འདི་ རྒྱལ་ཡོངས་གླིང་ག་དང་ སྐྱེ་ལྡན་སྲུང་སྐྱོབ་ཀྱི་ཉེ་འདབས་ལུ་ཡོདཔ་ལས་ (ཀུ་སུ་ཀོ་རྒྱལ་ཡོངས་གླིང་ཀ་) གིས་ མི་ཚུ་ ཞིང་ཁམས་དང་འདྲ་བའི་ རང་བཞིན་གནས་སྟངས་ཀྱི་མཐོང་སྣང་བལྟ་ནི་ལུ་ འཛུལ་སྒོ་ཅིག་ཨིནམ་ད་ དེ་གིས་ སྐྱེ་ལྡན་ལྟ་བཤལ་དང་ རྐང་འགྲུལ་ དེ་ལས་ རི་དྭགས་སེམས་ཅན་ཚུ་ བལྟ་ནི་གི་གོ་སྐབས་བྱིནམ་ཨིན་མས།

སཱན་པེ་ཌོ་སུ་ལ་ལུ་ ཁྲིམས་འགལ་གྱི་ལཱ་འབད་མི་མཐོ་དྲགས་དང་ མི་སྡེ་འདྲ་མཉམ་མེད་པའི་ གདོང་ལེན་སྦོམ་སྦེ་ར་ ཐོན་ཡོདཔ་ལས་ གཞུང་དང་སྒེར་སྡེ་ཚུ་གིས་ དཔལ་འབྱོར་གོང་འཕེལ་གྱི་ལས་རིམ་དང་ ཉེན་སྲུང་གི་ཐབས་ལམ་ཡར་དྲག་བཏང་མི་ དེ་ལས་ ཤེས་རིག་དང་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ལུ་དམིགས་ཏེ་ མི་སྡེའི་ལས་རིམ་ཚུ་གི་ཐོག་ལས་ གནད་དོན་དེ་ཚུ་ སེལ་ཐབས་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས། དེ་ལས་ སྣུམ་འཁོར་ལམ་རྒྱ་སྐྱེད་དང་ མི་མང་སྐྱེལ་འདྲེན་ དེ་ལས་ བཟོ་གྲྭའི་ས་ཁོངས་ཚུ་ དེང་སང་དང་བསྟུནམ་སྦེ་བཟོ་ནི་ཚུ་བརྩིས་ཏེ་ གཞི་རྟེན་མཐུན་རྐྱེན་ཚུ་ནང་ མ་རྩ་བཙུགས་མི་འདི་གིས་ ཁྲོམ་སྡེ་གོང་འཕེལ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་མས། ད་རུང་ མི་སེར་ཚུ་གི་ མི་ཚེའི་སྤུས་ཚད་ཡར་དྲག་གཏང་ཐབས་ལུ་ ཡུན་བརྟན་ཁྲོམ་སྡེ་འཆར་གཞི་དང་ མཐའ་འཁོར་ཉམས་སྲུང་འབད་ནི་ལུ་ འབད་བརྩོན་བསྐྱེད་དོ་ཡོདཔ་ཨིན་མས།

དཔལ་འབྱོར་གྱི་ཐད་ཁར་ སཱན་པེ་ཌོ་སུ་ལ་འདི་ ཧོན་ཌུ་རས་གི་བཟོ་གྲྭ་དང་དངུལ་འབྲེལ་གྱི་རྒྱལ་ས་ལྟེ་བ་ཅིག་སྦེ་ཕྱག་ཞུ་སྟེ་ རྒྱལ་ཁབ་ཀྱི་ཚོང་འབྲེལ་ལས་སྣ་གལ་ཅན་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས། ཁྲོམ་ཚོགས་འདི་ནང་ གོ་ལ་དང་གྱོན་ཆས་བཟོ་གྲྭ་ལེ་ཤ་ཡོདཔ་ལས་ ཅ་ཆས་ཚུ་ ཡུ་ཨེས་དང་རྒྱལ་སྤྱིའི་ཚོང་འབྲེལ་ཚུ་ནང་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ བཟོ་བསྐྲུན་འབདཝ་ཨིན་མས། བཟོ་གྲྭ་ཁང་དེ་ཚུ་གིས་ རྒྱལ་ཁབ་ནང་ ལཱ་གཡོག་དང་ ཕྱི་དངུལ་འོང་འབབ་བཟོ་ནི་ལུ་ ཁག་ཆེ་བའི་ འགན་ཁུར་འབག་དོ་ཡོདཔ་ཨིན་པས། དེ་མ་ཚད་ ཁྲོམ་སྡེ་འདི་ནང་ དངུལ་ཁང་སྦོམ་དང་ མ་རྩ་གཞི་བཙུགས་ལས་སྡེ་ དེ་ལས་ རྒྱལ་ཡོངས་དཔལ་འབྱོར་གྱི་ལཱ་ཚུ་ འགོ་འདྲེན་འཐབ་མི་ ཚོང་འབྲེལ་ལས་སྡེ་ཚུ་ཡང་ཡོདཔ་མ་ཚད་ དེང་སང་གི་ཚོང་འབྲེལ་ལྟེ་བ་དང་རེ་ལི་གི་ལྟེ་བ་ དེ་ལས་ ཁྲོམ་སྡེ་ནང་ ཚོང་འབྲེལ་ཡར་འཕར་འགྱོ་དོ་ཡོདཔ་སྦེ་ གསལ་སྟོན་འབདཝ་ཨིན།

ད་མཇུག་ར་ སཱན་པེ་ཌོ་སུ་ལ་ལུ་ འདས་པའི་ལོ་ཚུ་ནང་ མཐའ་འཁོར་གནས་སྟངས་ཀྱི་གདོང་ལེན་ཚུ་ དམིགས་བསལ་གྱིས་ རླུང་བཙོག་པ་ ཚབས་ཆེན་སྦེ་ཐོན་ཡོདཔ་ཨིན་པས། སྤྱི་ལོ་ ༢༠༢༤ ལུ་ ཁྲོམ་སྡེ་ནང་ (PM) ༢.༥ གི་གནས་ཚད་ ༢༤༩.༡ mg/m3 ལུ་ལྷོད་དེ་ཡོདཔ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ གྲོས་འཆར་བཀོད་མི་ཚད་གཞི་བ་ལྷགཔ་སྦེ་ ཡོདཔ་ཨིན་པས། དེ་མ་ཚད་ སན་པེ་ཌོ་སུ་ལ་གིས་ རྒྱལ་སྤྱིའི་མཐུན་ལམ་རྒྱ་སྐྱེད་བཏང་དོ་ཡོདཔ་ཨིན་པས།

རྒྱབ་རྟེན་ཐོ།

༡) མཱི་རཱཝ་ ཌི་ཨི་དང་ སོ་ལོ་གེབ་རཱེལ ཨེཆ་ (གནམ་ལོ་མེད ༢༠༠༧) ཧོན་ཌུ་རས་ཀྱི་ས་གནས་ སན་པེ་ཌོ་སུ་ལ་ལུ་ མཐའ་འཁོར་གནས་སྟངས་དང་ མི་སྡེ་དཔལ་འབྱོར་གྱི་བརྡ་སྟོན། རྒྱལ་སྤྱིའི་མཐའ་འཁོར་དང་བཙོག་རླུང་། བམ་ཚན་ ༣༡(༣-༤) ཤོག་གྲངས་ ༢༦༧-༢༧༩།

༢) ཐོ་མཱསི་ ཨར་ཨེན་དང་ ཀྲོ་ནར་ སི་ཨེམ་ (གནམ་ལོ་མེད ༡༩༧༥) ཊེ་གུ་སི་གཱལ་པ་དང་ སཱན་པེ་ཌོ་སུ་ལ་ལུ་གནས་སྤོ་འགྱོ་མི་གི་སྐོར། མི་སྡེ་དང་དཔལ་འབྱོར་ཞིབ་འཇུག་དུས་དེབ་ ༢༤(༤)

༣) མེ་ཌོན་ན་ ཨར་དང་ ཊོར་རི་སི་ དེ་ལས་ ཀོསི་ཊན་ཊི་ནོ་ཝི་ (གནམ་ལོ་མེད ༢༠༠༧) སཱན་པེ་ཌོ་སུ་ལ་ས་ཁོངས་གི་རྡོ་དང་ཆུའི་སྤུས་ཚད། ཨི་ཊ་ལི་གི་ས་ཁམས་རིག་པ་དང་མཐའ་འཁོར་གནས་སྟངས་ཀྱི་བཟོ་རིག་དུས་དེབ་ (༡) ཤོག་གྲངས་ ༡༩ ལས་ ༣༢།" />

"https://dz.wikipedia.org/w/index.php?title=སཱན་པེ་ཌོ་སུ་ལ།&oldid=39047" ལས་ སླར་འདྲེན་འབད་ཡོདཔ།