སཱན་ ཇོསེ་ཌི་ ཌི་ཝིཌ།

༉ སཱན་ ཇོསེ་ཌི་ ཌི་ཝིཌ (San José de David) ཟེར་སླབ་མི་ ཌེ་ཝིཌ་འདི་ ནུབ་ཕྱོགས་པ་ན་མ་ལུ་ཡོད་པའི་ ཅི་རི་ཀོའི་མངའ་སྡེའི་རྒྱལ་ས་ལྟེ་བ་ཅིག་ཨིནམ་དང་ རྒྱལ་ཁབ་ནང་ལུ་ ཁྲོམ་ཚོགས་སྦོམ་ཤོས་གསུམ་པ་ཨིན་མི་ ཌེ་ཝིཌ་འདི་ ལུང་ཕྱོགས་འདི་གི་དོན་ལུ་ དཔལ་འབྱོར་དང་ལམ་སྲོལ་ དེ་ལས་ སྐྱེལ་འདྲེན་གྱི་ལྟེ་བ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན། ཀོས་ཊ་རི་ཀན་གྱི་ས་མཚམས་དང་ པེ་སི་ཕིག་མཚོ་འགྲམ་གྱི་ཉེ་འདབས་ལུ་ཡོད་པའི་ ཐབས་བྱུས་ཅན་གྱི་ས་གནས་དང་ རྒྱལ་རབས་ཕྱུགཔོ་དང་ ལམ་སྲོལ་གྱི་སྲོལ་ཁྱུན་མ་འདྲཝ་ཚུ་དང་གཅིག་ཁར་ ཌེ་ཝིཌ་འདི་ པ་ན་མ་ལུ་ གལ་གནད་ཅན་གྱི་ཁྲོམ་ཚོགས་ལྟེ་བ་ཅིག་ལུ་འགྱུར་ཡོདཔ་དང་ ཌི་ཝིཌ་འདི་ པེ་སི་ཕིག་རྒྱ་མཚོ་ལས་ ཀི་ལོ་མི་ཊར་ ༣༠ དེ་ཅིག་གི་ས་ཁར་ ཌེ་ཝིཌ་གཙང་ཆུ་གི་ཉེ་འདབས་ལུ་ཡོད་པའི་ མཚོ་ཐང་ཅིག་ནང་ཆགས་ཡོདཔ་ཨིན།
ཁྲོམ་འདི་ ཀོསི་ཊ་རི་ཀཱན་གྱི་ས་མཚམས་ལས་ ཀི་ལོ་མི་ཊར་ ༥༥ དེ་ཅིག་གི་ས་ཁར་ཆགས་ཡོདཔ་ལས་ ས་མཚམས་བདའ་སྟེ་ ཚོང་འབྲེལ་དང་ འགྲུལ་སྐྱོད་འབད་སའི་ ས་ཁོངས་གཙོ་བོ་ཅིག་ཨིནམ་དང་ ཌེ་ཝིཌ་གི་ས་ཆའི་གནས་སྟངས་འདི་ ལྟ་བཤལ་དང་སོ་ནམ་གྱི་དོན་ལུ་ ཡོངས་གྲགས་ཅན་གྱི་ས་གོ་ བཱོ་ཀུའིཊི (Boquete) དང་ ཝོལ་ཀཱེན་(Volcán) བཟུམ་གྱི་ ཉེ་འདབས་ལུ་ཡོད་པའི་ གངས་རིའི་ལུང་ཕྱོགས་ནང་ཡོདཔ་ཨིན། ཌེ་ཝིཌ་གི་རྒྱབ་ཁུངས་དུམ་གྲ་ཅིག་ཞུ་བ་ཅིན་ སྤྱི་ལོ་༡༦༠༢ ལུ་ ཇོཡན་ ལོ་པིསེ་ཌི་སི་ཀོའི་ར (Juan López de Sequeira) གིས་གཞི་བཙུགས་འབད་དེ་ ཁྲོམ་གྱི་མིང་འདི་ སཱན་ཇཱོས་ཌི་ཌི་ཝིཌ ("San José de David") ཟེར་བཏགས་ཡོདཔ་ད་ མིང་འདི་ ཨེསི་པི་ནིཤ་གིས་ དབང་འོག་བཙུགས་པའི་སྐབས་ལུ་ཡང་ གནས་ཏེ་ཡོདཔ་ཨིན་མས། སྟེ་ ཌེ་ཝིཌ་གཞི་བཙུགས་འབད་མི་འདི་ ས་གནས་ཀྱི་མི་སེར་ཚུ་ ཞི་བདེ་བཟོ་ནི་དང་ གསེར་འཚོལ་ནི་ལུ་ ཕན་ཐོགས་འབྱུང་ནི་གི་དོན་ལུ་ཨིན་མས། དེ་ལས་ རིམ་པ་བཞིན་དུ་ ཌེ་ཝིཌ་འདི་ དམིགས་བསལ་གྱིས་ སྤྱི་ལོ་༡༩༠༣ ལུ་ པཱ་ན་མ་འདི་ ཀོ་ལོམ་བི་ཡ་ལས་ རང་དབང་ཐོབ་པའི་ཤུལ་ལུ་ གལ་གནད་ཅན་གྱི་ཁྲོམ་ཚོགས་ལྟེ་བ་ཅིག་ལུ་ འགྱུར་ནུག།
འཕྲལ་གྱི་ཚོད་དཔག་དང་འཁྲིལ་བ་ཅིན་ ཌེ་ཝིཌ་ལུ་ མི་རློབས་ ༡༨༠,༠༠༠ དེ་ཅིག་ཡོདཔ་ལས་ པ་ན་མ་གི་ཁྲོམ་ཚོགས་སྦོམ་ཤོས་གསུམ་པ་ཨིན་པས། ཁྲོམ་ཚོགས་འདི་ནང་ མི་རློབས་མ་འདྲཝ་ཡོདཔ་ད་ དེ་ནང་ ཨཱེསི་ཊི་ཟོའསེ (mestizos) སླ་བསྲེ་སྟེ་ ཡུ་རོབ་པིཡན་དང་ ཨེ་ཕཱོརོ་པ་ན་མ་ནཡན་(Afro-Panamanians) དེ་ལས་ འཛམ་གླིང་གི་ས་གོ་མ་འདྲཝ་ཚུ་ནང་ལས་ གནས་སྤོ་འགྱོ་མི་ཚུ་ཡོདཔ་ལས་ འ་ནཱི་སྣ་མང་འདི་གིས་ ཁྲོམ་གྱི་ལམ་སྲོལ་ཕྱུགཔོ་དང་ འཛམ་གླིང་ཡོངས་ཁྱབ་ཀྱི་གནས་སྟངས་ལུ་ ཕན་ཐོགས་དོ་ཡོདཔ་ཨིན་མས།
ཌེ་ཝིཌ་གི་ལམ་སྲོལ་ངོ་རྟགས་འདི་ ས་གནས་ཀྱི་ལམ་སྲོལ་དང་ ཨེསི་པི་ནིཤ་གི་དབང་འོག་སྲོལ་ཁྱུན་ དེ་ལས་ དེང་སང་གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་མས། ཁྲོམ་འདི་ནང་ལུ་ ལམ་སྲོལ་སྣ་ཚོགས་ཀྱི་སྲོལ་ཁྱུན་ཚུ་ བརྩི་སྲུང་འབད་ནི་གི་དོན་ལུ་ དུས་སྟོན་དང་ལས་རིམ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན། འདི་གི་གྲལ་ལས་ གལ་གནད་ཅན་ཅིག་འདི་ ལོ་བསྟར་གྱི་ སོ་ནམ་ཐོན་སྐྱེད་དང་ སྒོ་ནོར་དང་ལམ་སྲོལ་གྱི་ འཁྲབ་སྟོན་ཚུ་སྟོན་མི་ ཕཱི་རི་ཡ་རྒྱལ་སྤྱི་ཌི་ཌེ་ཝིཌ (Feria Internacional de David) ཟེར་མི་ འགྲེམས་སྟོན་འདི་ཨིན་མས། ཁྲོམ་ཚོགས་འདི་གི་བཟོ་རིགས་འདི་གིས་ ཧེ་མའི་དབང་འོག་དུས་སྐབས་ཚུ་གསལ་སྟོན་འབདཝ་ཨིན་མས། ཌེ་ཝིཌ་གིས་ ཅི་རི་ཀོའི (Chiriquí) མངའ་སྡེ་གི་དཔལ་འབྱོར་ལྟེ་བ་ཅིག་སྦེ་ཕྱག་ཞུ་སྟེ་ ལུང་ཕྱོགས་འདི་གི་ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་ལུ་ ཕན་ཐོགས་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན་མས། སྟེ་ ཁྲོམ་གྱི་དཔལ་འབྱོར་འདི་ སོ་ནམ་དང་སྒོ་ནོར་ ཚོང་འབྲེལ་དང་བཟོ་གྲྭ་ཚུ་བརྩིས་ཏེ་ གཙོ་བོའི་ལས་ཁུངས་ཚུ་ སྣ་མང་སྦེ་ཡོདཔ་མ་ཚད་ ཌེ་ཝིཌ་འདི་ ཀོ་པི་དང་ངང་ལག་ དེ་ལས་ སོ་ནམ་གྱི་ཐོན་སྐྱེད་གཞན་ཚུ་ གནམ་གཤིས་བཟང་པོ་ལས་བརྟེན་ ཕུན་སུམ་ཚོགས་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཐོན་ནུག། འདས་པའི་ལོ་ཚུ་ནང་ ཌེ་ཝིཌ་གིས་ དཔལ་འབྱོར་གོང་འཕེལ་འགྱོ་སྟེ་ ཚོང་འབྲེལ་ལྟེ་བ་དང་ ཟ་ཁང་ དེ་ལས་ གཞི་རྟེན་ལས་འགུལ་གཞན་ཚུ་ གོང་འཕེལ་བཏང་ཡོདཔ་ཨིན་པས། ཁྲོམ་སྡེ་འདི་གི་ཐབས་བྱུས་ཅན་གྱི་ས་གནས་དང་ སྐྱེལ་འདྲེན་གྱི་མཐུན་རྐྱེན་ དཔེར་ན་ ཨེན་རི་ཀ་མ་ལེག་རྒྱལ་སྤྱི་གནམ་གྲུ་ཐང་ཚུ་གིས་ ཚོང་འབྲེལ་ལྟེ་བ་ཅིག་སྦེ་ འགན་ཁུར་འབག་ཨིན་མས།
ཌེ་ཝིཌ་གིས་ གཞི་རྟེན་མཐུན་རྐྱེན་དང་ མི་མང་ཞབས་ཏོག་ཚུ་ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ ཁྲོམ་སྡེ་གོང་འཕེལ་གྱི་ལས་འགུལ་ཚུ་ འཕྲོ་མཐུད་དེ་ར་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན་མས། ཁྲོམ་སྡེ་གིས་ སྐྱེལ་འདྲེན་ལམ་ལུགས་ཚུ་ དེང་སང་བཟོ་ནི་དང་ ལམ་གྱི་ཡོངས་འབྲེལ་རྒྱ་སྐྱེད་འབད་ནི་ དེ་ལས་ མི་མང་གི་ས་གོ་ཚུ་ ཡར་དྲག་གཏང་ནི་ལུ་ མ་རྩ་བཙུགས་ཡོདཔ་ཨིན་པས། ཨིན་རུང་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ཁྲོམ་ཚོགས་ལྟེ་བ་ཚུ་བཟུམ་སྦེ་ ཌེ་ཝིཌ་ལུ་ཡང་ ཁྲོམ་ཚོགས་རྒྱ་སྐྱེད་འཛིན་སྐྱོང་དང་ ཡུན་བརྟན་གོང་འཕེལ་ངེས་གཏན་བཟོ་ནི་ དེ་ལས་ མི་སྡེའི་ཁྱད་པར་བསལ་ནི་ལ་སོགས་པའི་གདོང་ལེན་ཚུ་བྱུང་དོ་ཡོདཔ་ཨིན་མས།
དེ་དང་གཅིག་ཁར་ དཔལ་འབྱོར་གོང་འཕེལ་དང་ མཐའ་འཁོར་ཉམས་སྲུང་གཉིས་ འདྲ་མཉམ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་དང་ དེ་ཡང་ དམིགས་བསལ་གྱིས་ ཁྲོམ་འདི་ སྐྱེ་ལྡན་གནས་སྟངས་ལུ་ ཚོར་ཤུགས་ཅན་གྱི་ས་ཁོངས་ཚུ་གི་ ཉེ་འདབས་ལུ་ཡོད་ནི་འདི་གིས་ཨིན་པས། མི་སྡེ་འབྲེལ་གཏོགས་དང་ ཐབས་བྱུས་འཆར་གཞི་བརྩམ་དགོཔ་འདི་ ཌེ་ཝིཌ་གི་གོང་འཕེལ་འདི་གིས་ མི་སེར་ཆ་མཉམ་ལུ་ ཕན་ཐོགས་འབྱུང་ཚུགས་ནི་དང་ ལུང་ཕྱོགས་ཀྱི་རང་བཞིན་དང་ལམ་སྲོལ་གྱི་སྲོལ་ཁྱུན་ཚུ་ ཉམས་སྲུང་འབད་ཚུགས་ནི་ལུ་ ཁག་ཆེཝ་ཅིག་ཨིན་མས། ཌེ་ཝིཌ་འདི་ ནུབ་ཕྱོགས་པ་ན་མ་གི་ བྱུང་རབས་ཕྱུགཔོ་དང་ ལམ་སྲོལ་སྣ་ཚོགས་ དེ་ལས་ དཔལ་འབྱོར་གྱི་སྟོབས་ཤུགས་ཚུ་ བསྡུ་སྒྲིག་འབད་མི་ ཕན་ནུས་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན་མས།
རྒྱབ་རྟེན་ཐོ།
༡) ནི་རོཔ་ ཨར་ཨེཕཱ་ (གནམ་ལོ་མེད ༡༩༨༡) པ་ན་མ་རྒྱལ་ཁབ་ཀྱི་ཞིབ་འཇུག། དམག་སྡེ་ལས་ཁུངས་ཀྱི་དུས་དེབ་ ༢༠༡༦། འཛམ་གླིང་གི་སྲིད་དོན་དང་ལམ་སྲོལ་ དེ་ལས་ དཔལ་འབྱོར། བམ་ཚན་ ༩༤༦-༩༥༠།
༣) མེ་ཌོག་ ཊི་ (གནམ་ལོ་མེད ༡༩༤༧) པ་ན་མའི་སོ་ནམ་དང་དེང་སང་གི་གོང་འཕེལ། ཨ་མི་རི་ཀ།
༤) ཝུཌ་སི་ ཨེས་ (གནམ་ལོ་མེད ༢༠༠༩) པ་ན་མ། བཱེརཌ་འགྲུལ་སྐྱོད་ལམ་སྟོན།