སཱའི་པྲས། Ciprus
ངོ་སྤྲོད།
སཱའི་པྲས་འདི་ མཚོ་གླིང་གི་མཛེས་ཆ་དང་ལྡན་པའི་རྒྱལ་ཁབ་ཅིག་ཨིན་པས། དེ་ཡང་ རྒྱལ་རབས་ཀྱི་ཕྱུགཔོ་དང་ མཚོ་འགྲམ་མཛེས་ཏོག་ཏོ་ དེ་ལས་ གནམ་གཤིས་དྲོ་ཏོག་ཏོ་ཡོདཔ་ལས་ ཡོངས་གྲགས་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ གིརིག་དང་ ཊར་ཀི་གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ གཞན་དང་མ་འདྲ་བའི་ ལམ་སྲོལ་ཡོདཔ་ཨིན། སཱའི་པྲས་འདི་ ལྟ་བཤལ་གྱི་ས་གནས་ཡོངས་གྲགས་ཅན་ཅིག་ཨིནམ་མ་ཚད་ དཔལ་འབྱོར་ཡང་ སྒྲིང་སྒྲི་ཡོདཔ་ཨིན་པས།
རྒྱལ་ས་ལྟེ་བ་ ནི་ཀ་སི་ཡ།
སཱའི་པྲས་གི་རྒྱལ་ས་ལྟེ་བ་འདི་ ནི་ཀོ་སི་ཡ་ཨིནམ་ད་ དེ་ཡང་ རྒྱལ་ཁབ་འདི་གི་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། ནི་ཀ་སི་ཡ་འདི་ དམིགས་བསལ་གྱི་ཁྲོམ་ཚོགས་ཅིག་ཨིནམ་ལས་ ལྷོ་ཕྱོགས་འདི་ སཱའི་པྲས་སྤྱི་མཐུན་རྒྱལ་ཁབ་དང་ བྱང་ཕྱོགས་འདི་ བྱང་ཕྱོགས་སཱའི་པྲས་གི་ ཊར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱིས་ དབང་འཛིན་འབདཝ་ཨིན་པས། དབྱེ་བ་འདི་ སྤྱི་ལོ་༡༩༧༤ ལུ་ སྲིད་དོན་གྱི་འཁྲུག་རྩོད་ལས་བརྟེན་ཏེ་ བྱུང་ཡོདཔ་ཨིན་པས། ད་རེས་ནངས་པ་ ནི་ཀ་སི་ཡ་འདི་ ཚོང་འབྲེལ་དང་ལམ་སྲོལ་ དེ་ལས་ རྒྱལ་རབས་ཚུ་གི་དོན་ལུ་ ཁག་ཆེ་བའི་ལྟེ་བ་ཅིག་སྦེ་རང་ ལུས་ཡོདཔ་ཨིན།
ཆགས་རབས།
སི་སི་ལི་དང་ སར་ཌི་ནི་ཡ་གི་ཤུལ་ལས་ མཚོ་གླིང་སྦོམ་ཤོས་གསུམ་པ་ སཱའི་པྲས་རྒྱལ་ཁབ་འདི་ཨིན། རྒྱལ་ཁབ་འདི་ ཊར་ཀི་གི་ལྷོ་ཕྱོགས་དང་ སི་རི་ཡ་དང་ལེ་བ་ནོན་གྱི་ནུབ་ཕྱོགས་ དེ་ལས་ ཨི་ཇིབ་ཀྱི་བྱང་ཕྱོགས་ལུ་ཆགས་ཡོདཔ་ཨིན་པས། མཚོ་གླིང་འདི་ནང་ རི་དང་ནགས་ཚལ་ དེ་ལས་ མཚོ་མཐའི་ས་ཁོངས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་པས། ཊོ་རུཌ་གངས་རི་འདི་ སཱའི་པྲས་གི་གངས་རི་ སྦོམ་ཤོས་ཅིག་ཨིནམ་ལས་ དེ་ཚུ་ནང་ སྤང་ཤིང་དང་ གཡུས་ཚན་ཆུང་ཀུ་ཚུ་གི་ གང་སྟེ་ཡོདཔ་ཨིན་པས།
གནམ་གཤིས།
སཱའི་པྲས་གི་གནམ་གཤིས་འདི་ མེ་ཌི་ཊེ་རེ་ནི་ཡཱན་སྦེ་སྡོད་དོ་ཡོདཔ་ཨིན། བྱཱར་དུས་ཟླ་༦ པ་ལས་༩ པ་ཚུན་ དྲོད་ཚད་འདི་ཤུགས་སྦེ་ར་ཡར་སེང་འགྱོ་དོ་ཡོདཔ་ལས་ དྲོད་ཚད་ཌི་གི་རི་ཤེལ་ཤེསི་༣༠ ལས་ལྷག་སྟེ་ འགྱོ་དོ་ཡོདཔ་ཨིན། གནམ་དགུན་འདི་ སྤྱི་ཟླ་༡༢ པ་ལས་ སྤྱི་ཟླ་༢ པ་ཚུན་ཚོད་ཨིནམ་ད་ ཆརཔ་ཡང་ རྐྱབ་དོ་ཡོདཔ་ཨིན། ཊུ་རུཌ་གངས་རི་ནང་ ཁཝ་རྐྱབ་མི་ལུ་བརྟེན་ གངས་རི་བརྒལ་ནིའི་དོན་ལུ་ ས་གོ་ལེགས་ཤོམ་ཅིག་ཨིན་པས།
བྱུང་རབས།
སཱའི་པྲས་རྒྱལ་ཁབ་འདི་ནང་ ལོ་རྒྱུས་ལེ་ཤ་ཅིག་ར་ཡོདཔ་ཨིན་པས། དེ་ཡང་ གིརིཀ་དང་ རོ་མཱན་ བཱའི་ཛན་ཊིན་ དེ་ལས་ ཨོ་ཊོ་མཱན་ཚུ་རྩིས་ཏེ་ ཡར་ཐོན་གནས་སྟངས་མ་འདྲཝ་ལེ་ཤ་ཅིག་གིས་ དབང་འཛིན་འབད་ནུག། ཡུ་རོབ་དང་ཨེ་ཤི་ཡ་ དེ་ལས་ ཨཕ་རི་ཀ་གི་བར་ན་ ཁག་ཆེ་བའི་ས་གནས་ཅིག་འབདཝ་ལས་ དབང་ཚད་ཅན་གྱི་རྒྱལ་ཁབ་ མང་ཤོས་ཅིག་གིས་ མཚོ་གླིང་འདི་ དབང་འཛིན་འབད་དགོ་མནོ་ནུག།
སྤྱི་ལོ་ ༡༨༧༨ ལོར་ སཱའི་པྲས་འདི་ བིརི་ཊེན་གྱི་དབང་འོག་ལུ་ བཙུགས་ཏེ་ཡོདཔ་ཨིན་པས། སྤྱི་ལོ་༡༩༦༠ ལུ་ རྒྱལ་ཁབ་འདི་ བིརི་ཊེན་ལས་ རང་དབང་ཐོབ་སྟེ་ སཱའི་པྲས་སྤྱི་མཐུན་རྒྱལ་ཁབ་ལུ་འགྱུར་ནུག། ཨིན་རུང་ གིརིག་སའི་པི་རི་ཡཊ་དང་ ཊར་ཀི་སི་པི་རི་ཡཊ་གཉིས་ཀྱི་བར་ན་ སྲིད་དོན་གྱི་ མཐུན་ལམ་མེད་མི་ལུ་བརྟེན་ འཁྲུག་རྩོད་བྱུང་ནུག། སྤྱི་ལོ་ ༡༩༧༤ ལོར་གྷི་རིག་གི་རྒྱབ་སྐྱོར་ཐོབ་པའི་ཤུལ་ལུ་ ཊར་ཀི་ཡིས་དམག་མི་ སཱའི་པྲས་ལུ་བཏང་ཡོད། དེ་ལས་ཚུར་ མཚོ་གླིང་འདི་ ལྷོ་ཕྱོགས་ལུ་ སཱའི་པྲས་སྤྱི་མཐུན་རྒྱལ་ཁབ་དང་ བྱང་ཕྱོགས་ལུ་ ཊར་ཀི་བྱང་ཕྱོགས་སཱའི་པྲས་སྤྱི་མཐུན་རྒྱལ་ཁབ་ཟེར་ ཆ་ཤས་གཉིས་ལུ་དབྱེ་སྟེ་ཡོདཔ་ཨིན་པས། དེ་འབདཝ་ལས་ འཛམ་གླིང་སྤྱི་ཚོགས་ཀྱིས་ དཀའ་ངལ་སེལ་ཐབས་ལུ་ གྲོགས་རམ་འབད་ནི་གི་ དཔའ་བཅམ་ཡོད་རུང་ དབྱེ་བ་ཕྱེ་སྟེ་ཡོདཔ་ཨིན་པས།
ནི་ཀ་སི་ཡ་འདི་ སཱའི་པྲས་རྒྱལ་ཁབ་ཀྱི་དོན་ཧིང་བཟུམ་ཅིག་ཨིན་པས། རྒྱལ་ས་ལྟེ་བ་འདི རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན་པས། ཨིན་རུང་ འཛམ་གླིང་ནང་ བགོ་བཤའ་རྐྱབ་སྟེ་ཡོད་མི་ རྒྱལ་ས་ལྟེ་བ་ཅིག་ཡང་ཨིན་པས། ལྗང་ཁུ་ཐིག་ཟེར་མི་ས་མཚམས་འདི་གིས་ ལྷོ་ཕྱོགས་གིརིཀ་སའི་པི་རིའོཊ་ཆ་ཤས་དང་ བྱང་ཕྱོགས་ཊར་ཀིཤ་སའི་པི་རིའོཊ་ཆ་ཤས་གཉིས་འབད་ཁ་ཕྱེ་སྟེ་ཡོདཔ་ཨིན་པས། མི་ཚུ་གིས་ དམིགས་གསལ་གྱི་ ཞིབ་དཔྱད་སྒོ་ར་ཚུ་བརྒྱུད་དེ་ ཕྱོགས་གཉིས་ཀྱི་བར་ན་ བརྒལ་ཚུགས་ནི་ཨིན་པས།
དབྱེ་བ་ཕྱེ་སྟེ་ཡོད་རུང་ ནི་ཀ་སི་ཡ་འདི་ སྤྲོ་སྣང་ཅན་དང་ དེང་སང་གི་ཁྲོམ་ཚོགས་ཅིག་ཨིན་པས། དེ་ནང་ གཙུག་ལག་སློབ་སྡེ་དང་ ཚོང་འབྲེལ་ལྟེ་བ་ ཟ་ཁང་ དེ་ལས་ འགྲེམས་སྟོན་ཁང་ཚུ་ཡོདཔ་ཨིན་པས། ནི་ཀ་སི་ཡ་ལུ་ཡོད་པའི་ སཱའི་པྲས་འགྲེམས་སྟོན་ཁང་འདི་ རྒྱལ་ཁབ་ནང་ལུ་ རྙིང་ཤོས་དང་ འགྲེམས་སྟོན་ཁང་སྦོམ་ཤོས་ཅིག་ཨིན་པས། མཚོ་གླིང་འདི་གི་ བྱུང་རབས་སྟོན་མི་ སྔོན་ལུགས་ཀྱི་ཅ་ཆས་ལེ་ཤ་ཅིག་ཡོདཔ་ཨིན་པས།
དཔལ་འབྱོར།
སཱའི་པྲས་ལུ་ དཔལ་འབྱོར་སྟོབས་ཤུགས་ཅན་དང་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ནང་ བཟོ་གྲྭ་གཙོ་བོ་ཚུ་ཡང་ ལྟ་བཤལ་དང་ དངུལ་འབྲེལ་ གྲུ་བཏང་ནི་ དེ་ལས་ སོ་ནམ་ཚུ་ཨིན་པས། ལོ་བསྟར་བཞིན་དུ་ ལྟ་བཤལཔ་མང་ཤོས་ཅིག་གིས་ སཱའི་པྲས་ལུ་ མཚོའི་མཐའ་མ་ མཛེས་ཏོག་ཏོ་དང་ གནམ་གཤིས་དྲོ་ཏོག་ཏོ་ དེ་ལས་ རྒྱལ་རབས་ཀྱི་ ས་ཁོངས་ཚུ་ཡོད་མི་ལུ་བརྟེན་ འོང་དོ་ཡོདཔ་ཨིན་པས། ལྟ་བཤལ་གྱི་ས་གནས་ཡོངས་གྲགས་ཅན་ཚུ་ཡང་ ཨ་ཡ་ན་པ་ ལི་མ་སོལ་ པ་ཕོས་ དེ་ལས་ ལར་ན་ཀ་ཚུ་ཨིན་པས།
སོ་ནམ།
སཱའི་པྲས་ལུ་ སོ་ནམ་ཡང་ཁག་ཆེཝ་འབད་རྩིས་དོ་ཡོདཔ་ཨིན་པས། མཚོ་གླིང་འདི་ནང་ ཨོ་ལིབ་དང་ སིཊ་རཱསི་ཤིང་འབྲས་ ཀེ་བ་ དེ་ལས་ རྒུན་འབྲུམ་ཚུ་ བཙུགས་དོ་ཡོདཔ་ཨིན་པས། སཱའི་པྲས་འདི་ ཧ་ལུ་མི་ ཆུམ་གྱི་དོན་ལུ་ ཡོངས་གྲགས་ཅན་ཅིག་ཨིནམ་ད་ ཆུམ་འདི་ བཞེས་སྒོ་འབད་བའི་སྐབས་ བཞུ་མ་ཚུགས་པའི་ དམིགས་བསལ་གྱི་ ཆུམ་ཅིག་ཨིནམ་ལས་ འཛམ་གླིང་རྒྱལ་ཁབ་མང་རབ་ཅིག་ནང་ ཡོངས་གྲགས་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ལུ་ དངུལ་ཁང་དང་དངུལ་འབྲེལ་ལས་སྡེ་ཡང་ སྒྲིང་སྒྲིང་ཡོདཔ་ཨིན་པས། རྒྱལ་སྤྱིའི་ཚོང་འབྲེལ་མང་ཤོས་ཅིག་གིས་ སཱའི་པྲས་ལུ་ ཁྲལ་དམའ་ཤོས་དང་ ས་གནས་ལེགས་ཤོམ་ཡོད་མི་ལུ་བརྟེན་ཏེ་ ལཱ་འབད་དོ་ཡོདཔ་ཨིན་པས། གྲུ་བཏང་ནིའི་བཟོ་གྲྭ་དེ་ཡང་ ཁག་ཆེ་ཤོས་ཅིག་ཨིནམ་ད་ དེ་ཡང་ སཱའི་པྲས་ལུ་ འཛམ་གླིང་ནང་ གྲུ་བཏང་ནིའི་ཐོ་བཀོད་སྦོམ་ཤོས་ཅིག་ཨིན་པས།
ལམ་སྲོལ།
སཱའི་པྲས་ལུ་ གི་རིཊ་ དང་ ཀྲར་ཀིཤ་ དེ་ལས་ མི་གྲལ་ཨིསི་གི་ལམ་སྲོལ་ཚུ་གིས་ ཤན་ཞུགས་འབད་དེ་ ལམ་སྲོལ་ཕྱུག་པོ་ཡོད་པའི་ཁར་གཞན་དང་མ་འདྲ་བའི་ ཁྱད་ཆོས་ཚུ་ཡོདཔ་ཨིན། སཱའི་པྲས་གི་མི་ཚུ་གིས་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ དུས་སྟོན་ཚུ་ལུ་དགའཝ་ཨིན་པས། སྔར་སྲོལ་གྱི་ སའི་པོརཊ་ སྙན་ཆ་ནང་ བོའུ་ཛོའུ་ཀོ་(bouzouki) དང་ བཱོའི་ལོན་བཟུམ་གྱི་ རོལ་དབྱངས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ད་ མི་སྡེའི་ཞབས་ཁྲ་ཚུ་དུས་སྟོན་དང་ གཉེན་གྱི་རྟེན་འབྲེལ་ཚུ་ནང་ འཐེན་དོ་ཡོདཔ་ཨིན་པས།
ཆོས་ལུགས་ཀྱི་དུས་སྟོན་ཚུ་ཡང་ སཱའི་པྲས་ལུ་ ཁག་ཆེཝ་འབད་རྩིས་དོ་ཡོདཔ་ཨིན་པས། གིརིག་སའི་པི་རིའོཊ་ཚུ་གིས་ ཨིསི་ཊར་འདི་ ཆོས་ལུགས་ཀྱི་དུས་སྟོན་ཁག་ཆེ་ཤོས་ཅིག་སྦེ་ བརྩི་སྲུང་འབད་དོ་ཡོདཔ་ད་ ཊར་ཀི་སི་པི་རིའོཊ་ཚུ་གིས་ ར་མ་དཱན་དང་ ཨཱིད་ཟེར་མི་ དུས་སྟོན་ཚུ་ བརྩི་སྲུང་འབད་དོ་ཡོདཔ་ཨིན། ས་གནས་ཀྱི་དུས་སྟོན་ལེ་ཤ་ཅིག་ ལོ་གཅིག་གི་རིང་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ནང་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ རང་ལུགས་ཀྱི་ཟ་འཐུང་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཤེས་རིག།
སཱའི་པྲས་ལུ་ཤེས་ཡོན་གྱི་སྤུས་ཚད་འདི་ལེགས་ཤོམ་ཡོདཔ་ལས་ སློབ་གྲྭ་དང་གཙུག་ལག་སློབ་སྡེ་ཚུ་གིས་ སྤུས་ཚད་ཅན་གྱི་ཤེས་ཡོན་བྱིན་དོ་ཡོདཔ་ལས་ སཱའི་པི་རི་ཡ་གི་མི་མང་ཤོས་ཅིག་གིས་ མཐོ་རིམ་ཤེས་ཡོན་གྱི་དོན་ལུ་ ཕྱི་རྒྱལ་ལུ་ལྷབ་སྟེ་ཡོདཔ་ཨིན་པས། ནི་ཀོ་སི་ཡ་ལུ་ཡོད་པའི་ སཱའི་པྲས་གཙུག་ལག་སློབ་སྡེ་འདི་ གཙུག་ལག་སློབ་སྡེ་སྦོམ་ཤོས་ཅིག་ཨིན་པས།
མཇུག་དོན།
སཱའི་པྲས་འདི་ རྒྱལ་རབས་ཕྱུགཔོ་དང་ ས་ཆ་མཛེས་ཏོག་ཏོ་ དེ་ལས་ དཔལ་འབྱོར་སྟོབས་ཤུགས་ཅན་གྱི་ རྒྱལ་ཁབ་གཞན་དང་མ་འདྲཝ་དང་ གཞན་གྱི་སེམས་ཁར་འབབ་སི་སི་ཅིག་ཨིན་པས། འདི་གི་རྒྱལ་ས་ལྟེ་བ་ ནི་ཀ་སི་ཡ་འདི་ རྒྱལ་ཁབ་ཀྱི་ མགུ་རྙོག་དྲགས་ཅན་གྱི་ ཧེ་མ་དང་ད་རེས་ཀྱི་ ངོ་ཚབ་འབད་མི་ ཁ་ཕྱེ་སྟེ་ཡོད་པའི་ཁྲོམ་ཚོགས་ཅིག་ཨིན་པས། གདོང་ལེན་ཡོད་རུང་ སཱའི་པྲས་འདི་ ཞི་བདེ་དང་ མགྱོནམོ་ལུ་དྭངས་སྣང་ཡོད་སའི་ ས་ཁོངས་ཅིག་སྦེ་ ལུས་ཡོདཔ་ལས་ འཛམ་གླིང་ནང་འཁོད་ལས་ ལྟ་བཤལཔ་ཚུ་ འོང་དོ་ཡོདཔ་ཨིན་པས། མཚོ་འགྲམ་གྱི་མཛེས་ཆ་དང་ བཞེས་སྒོ་ཞིམ་ཏོང་ཏོ་ དེ་ལས་ ལམ་སྲོལ་གྱི་ འཚོ་བའི་གནས་སྟངས་ཚུ་ཡོདཔ་ལས་ སཱའི་པྲསི་འདི་ ལྟ་སྐོར་དང་ བཤལ་འགྱོ་སའི་ རྒྱལ་ཁབ་ཅིག་ཨིན་པས།
རྒྱབ་ཁུངས།
https://www.britannica.com/place/Cyprus