Jump to content

སཱའུ་དི་ཨ་ར་བི་ཡ། Slovakia

Wikipedia ལས།

ས་ཆ་དང་རྒྱ་ཚད།

སཱའུ་དི་ཨ་ར་བི་ཡ་འདི་ ཨ་ར་བི་ཡ་ཕྱེད་གླིང་ཕྲན་ནང་ ཤར་དབུས་ཕྱོགས་ལུ་ཆགས་ཡོདཔ་ད་ བྱང་ཕྱོགས་ལུ་ ཇོར་ཌན་དང་ཨི་རག་གི་ས་མཚམས་ལུ་ཆགས་ཡོདཔ་ཨིན། བྱང་ཤར་ལུ་ཀུ་ཝེཊ་དང་ ཤར་ཕྱོགས་ལུ་ ཀ་ཏར་ བཱ་ཧ་རེན་ དེ་ལས་ ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊ་དང་ ཤར་ལྷོ་ལུ་ ཨོ་མཱན་ དེ་ལས་ ལྷོ་ཕྱོགས་ལུ་ ཡེ་མེན་ཚུ་ཨིན་པས། ནུབ་ཕྱོགས་ལུ་ མཚོ་དམརཔོ་དང་ ཤར་ཕྱོགས་ལུ་ ཨ་ར་བི་ཡན་མཚོ་ཁུག་ཡོདཔ་ཨིན། ས་ཆའི་རྒྱ་ཁྱོན་ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་ ༢.༡༥ ༼མའིལ་གྲུ་བཞི་མ་ ༨༣༠,༠༠༠༽ ཡོད་པའི་རྒྱལ་ཁབ་འདི་ ཤར་དབུས་རྒྱལ་ཁབ་ནང་ རྒྱལ་ཁབ་སྦོམ་ཤོས་ཅིག་ཨིནམ་མ་ཚད་ འཛམ་གླིང་ནང་ རྒྱལ་ཁབ་སྦོམ་ཤོས་༡༣ པ་ཡང་ཨིན་པས།

གནམ་གཤིས།

སཱའུ་དི་ཨ་ར་བི་ཡ་གི་ས་ཆའི་གནས་སྟངས་འདི་ མང་ཤོས་ཅིག་རང་ བྱེ་ཐང་ཨིནམ་དང་ Rub' al Khali (Empty Quarter) འདི་ འཛམ་གླིང་ནང་ལུ་ བྱེམ་བྱེ་ཐང་སྦོམ་ཤོས་ཅིག་ཨིནམ་དང་ ལྷོ་ཕྱོགས་ལུང་ཕྱོགས་མང་ཤོས་ཅིག་རང་ ཁྱབ་སྟེ་ཡོདཔ་ཨིན། གནམ་གཤིས་འདི་ དྲོད་ཚད་མཐོ་དྲགས་སྦེ་ཡོདཔ་ལས་ གནམ་བྱཱར་གྱི་དྲོད་ཚད་འདི་ འཕྲལ་འཕྲལ་རང་ ༤༥°C (༡༡༣°F) ལས་ལྷག་སྟེ་ཡོདཔ་ཨིན། ཆར་ཆུ་འདི་ ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ལོ་བསྟར་བཞིན་དུ་ སྤྱིར་སྙོམས་ལུ་ མི་ལི་མི་ཊར་༡༠༠ ལས་ཉུངམ་སྦེ་འབབ་དོ་ཡོདཔ་ཨིན། ཨིན་རུང་ ལྷོ་ནུབ་ཁ་ཐུག་ལུ་ཡོད་པའི་ ཨ་སིར་ལུང་ཕྱོགས་ནང་ གནམ་གཤིས་ཚ་དྲོད་ཆེ་བའི་ དུས་ཚོད་དང་ སྔོ་ཤིང་ཚུ་ མཐོ་དྲགས་སྦེ་ འཐོན་དོ་ཡོདཔ་ཨིན་པས།

ཧེ་མའི་འབྱུང་རབས་དང་མི་རིགས།

Arabian Peninsula འདི་ དུས་རབས་༧ པའི་ནང་ Mecca ལུ་ ལུང་སྟོན་པ་ Muhammad གིས་ གཞི་བཙུགས་འབད་མི་ ཨིསི་ལམ་བྱུང་ས་ཅིག་སྦེ་ ཆ་བཞགཔ་ཨིན། ལུང་ཕྱོགས་འདི་ནང་ བྱུང་རབས་དང་འཁྲིལ་ཏེ་ Bedouins རྩིས་ཏེ་ མི་རིགས་མ་འདྲཝ་ཚུ་གིས་ སྡོད་ཡོདཔ་ད་ ཤུལ་ལས་ དུས་རབས་༢༠ པ་འགོ་བཙུགས་ཚུན་ཚོད་ Ottoman གི་དབང་འོག་ལུ་སྡོད་ནུག། དེང་སང་གི་སཱའུ་དི་ཨ་ར་བི་ཡ་འདི་ སྤྱི་ལོ་༡༩༣༢ སྤྱི་ཟླ་༩ པའི་སྤྱི་ཚེས་༢༣ ལུ་ ནེཇད་དང་ཧེ་ཇཱཛ་( Nejd and Hejaz )རྒྱལ་ཁབ་ཚུ་ གཅིག་ཁར་བསྡོམས་ཏེ་ སའུ་དི་ཨ་ར་བི་ཡ་རྒྱལ་ཁབ་ལུ་ གཞི་བཙུགས་འབད་མི་ ཨབ་དུལ་ཨ་ཟི་ཟི་ཨིབ་སའུཌ་(Abdulaziz Ibn Saud) གིས་ གཞི་བཙུགས་འབད་ནུག། རྒྱལ་ཁབ་འདི་ Arab གི་མི་རིགས་སྦེ་རང་ ལུས་ཡོདཔ་ཨིན་རུང་ ལྷོ་ཨེ་ཤི་ཡ་དང་ ཤར་ལྷོ་ཨེ་ཤི་ཡ་ དེ་ལས་ Africa གི་ཕྱི་ཁར་འགྱོ་མི་ མི་རློབས་མང་ཤོས་ཅིག་རང་ ཚུད་དེ་ཡོདཔ་ཨིན།

མི་རློབས།

སྤྱི་ལོ་༢༠༢༤ ལུ་ སཱའུ་དི་ཨ་ར་བི་ཡ་གི་མི་རློབས་འདི་ ཧ་ལམ་ས་ཡ་༣༦.༣ དེ་ཅིག་ཡོདཔ་ད་ དེ་ལས་ ས་ཡ་༡༣.༤ དེ་ཅིག་ (བརྒྱ་ཆ་༣༧ དེ་ཅིག་) ཕྱི་རྒྱལ་གྱི་ ཕྱི་མི་ཚུ་ཨིན་མས། ཁྲོམ་ཚོགས་སྦོམ་ཤོས་ཚུ་ཡང་ Riyadh (རྒྱལ་ས་ལྟེ་བ་) དང་ Jeddah དེ་ལས་ མེ་ཀ་(Mecca) དང་ མེ་ཌི་ན་ (Medina) དང་ Dammam ཚུ་ཨིན་མས།

རི་ཡད། The capital city of Saudi Arabia.

སཱའུ་དི་ཨ་ར་བི་ཡ་གི་ རྒྱལ་ས་ལྟེ་བ་དང་ཁྲོམ་སྦོམ་ཤོས་ རི་ཡད་ འདི་ Najd ལུང་ཕྱོགས་དབུས་ཕྱོགས་ལུ་ཆགས་ཏེ་ བྱང་ཕྱོགས་ ༢༤.༧༡༣༦° དང་ ཤར་ཕྱོགས་ ༤༦.༦༧༥༣° ལུ་ཆགས་ཡོདཔ་ཨིན། རི་ཡད་འདི་ རྒྱ་མཚོའི་མཐོ་ཚད་མི་ཊར་༦༡༢ གི་ས་ཁར་ ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞི་མ་༡༧༩༨ དེ་ཅིག་ ཁྱབ་སྟེ་ཡོདཔ་ཨིན་པས། རྒྱལ་རབས་དང་འཁྲིལ་བ་ཅིན་ རི་ཡད་འདི་ དུས་རབས་༣ པའི་ནང་ གཞི་བཙུགས་འབད་མི་ ཧེ་མའི་ཁྲོམ་ཚོགས་ ཧ་ཇར་ལས་ གོང་འཕེལ་འགྱོ་ཡོདཔ་དང་ སྤྱི་ལོ་༡༩༠༢ ལུ་ རྒྱལ་པོ་ཨབ་དུལ་ཛི་ཛི་ཨིབ་ན་སཱའུཌ་གིས་ བཙན་བཟུང་འབད་བའི་སྐབས་ སའུ་དི་མངའ་སྡེ་གི་འོག་ལུ་ གཅིག་སྒྲིལ་འབད་ཡོདཔ་ལས་ དེང་སང་གི་ སཱའུ་དི་ཨ་ར་བི་ཡ་འགོ་བཙུགས་ནུག།

སྤྱི་ལོ་༢༠༢༤ ལུ་ རི་ཡད་ཀྱི་མི་རློབས་ས་ཡ་༧.༥ ལས་བརྒལ་ཡོདཔ་ལས་ ཤར་དབུས་རྒྱལ་ཁབ་ནང་ ཡར་རྒྱས་མགྱོགས་དྲགས་འགྱོ་མི་ཁྲོམ་ཅིག་ལུ་འགྱུར་ཡོདཔ་ཨིན། མི་མང་ཤོས་རང་ མུ་ས་ལིམ་ཨིནམ་ལས་ རྒྱལ་ཡོངས་ཆོས་ལུགས་ ཨིསི་ལམ་འབདཝ་ཨིན་མས། ཨ་ར་བིཀ་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ད་ ཨིང་ལིཤ་འདི་ ཤེས་རིག་དང་ཚོང་འབྲེལ་གྱི་ནང་ལུ་ ཁྱབ་ཆེཝ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

ཕོ་སྐྱེས་ཚུ་གིས་ ཐོ་བེ་དང་ གུ་ཏྲ་གྱོན་དོ་ཡོདཔ་ད་ ཨམ་སྲུ་ཚུ་གིས་ ཨ་བ་ཡ་གྱོནམ་ཨིན་རུང་ འདས་པའི་ལོ་ཚུ་ནང་ གྱོན་ཆས་ཚུ་ བདེ་ཏོག་ཏོ་སྦེ་ འགྱོ་སྟེ་ཡོདཔ་ཨིན་པས།རི་ཡད་འདི་ ཁྲོམ་སྡེའི་རྫོང་ཁག་༡༥ ལུ་དབྱེ་སྟེ་ རྒྱལ་ཁབ་ཀྱི་སྲིད་དོན་དང་བདག་སྐྱོང་ལྟེ་བ་ཅིག་ཨིན། ཁྲོམ་སྡེའི་དཔལ་འབྱོར་དེ་ དངུལ་འབྲེལ་དང་གཞིས་ཁྱིམ་ བཟོ་བསྐྲུན་དང་འཕྲུལ་རིག་ལ་སོགས་པའི་ལས་ཁུངས་ཚུ་ཨིནམ་དང་ མི་ས་ཡ་ལས་བཅད་དེ་ལཱ་གཡོག་བྱིན་ཏེ་ རྒྱལ་ཡོངས་ཀྱི་ནང་འཁོད་ཐོན་སྐྱེད་ལུ་ ཕན་ཐོགས་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན།

ཆོས་ལུགས།

སཱའུ་དི་ཨ་ར་བི་ཡ་འདི་ཆོས་ལུགས་ ཨིསི་ལམ་གྱི་སྐྱོང་བའི་རྒྱལ་ཁབ་ཅིག་ཨིན། ཨིསི་ལམ་འདི་གཞུང་འབྲེལ་གྱི་ཆོས་ལུགས་ཅིག་ཨིནམ་དང་ རྒྱལ་ཁབ་འདི་གིས་ སུ་ནི་ཨིསི་ལམ་འདི་ དམིགས་བསལ་གྱིས་ ཝ་ཧ་བི་གྲུབ་མཐའ་འདི་ སཱ་ལ་ཕི་ཟམ་གྱི་ཡན་ལག་ཅིག་ཨིན་མས། ཨིསི་ལམ་གྱི་ཁྲོམ་ཚོགས་དམ་པ་གཉིས་ མེ་ཀ་དང་ མེ་ཌི་ན་གཉིས་ སཱའུ་དི་ཨ་ར་བི་ཡ་ལུ་ཆགས་ཡོདཔ་ཨིན་པས། ལོ་བསྟར་བཞིན་དུ་ ཨིསི་ལམ་གྱི་ གནས་སྐོར་གྱི་ ཧ་ཇི་ཟེར་མི་འདི་ ལོ་བསྟར་བཞིན་དུ་ འཛམ་གླིང་ནང་ལས་ མུ་ས་ལིམ་ས་ཡ་༢ ལྷགཔ་ཅིག་ འོང་དོ་ཡོདཔ་ཨིན་མས།

རིག་རྩལ།

སཱའུ་དི་ ལམ་སྲོལ་འདི་ ཨིསི་ལཱ་མིཀ་ལམ་སྲོལ་ནང་ གཏིང་ཟབ་སྦེ་ རྩ་བ་བཙུགས་ཏེ་ཡོདཔ་ཨིན། ཡིག་གཟུགས་དང་བཟོ་རིག་ སྙན་རྩོམ་ དེ་ལས་ སྙན་ཆ་ཚུ་ དམིགས་བསལ་གྱིས་ ནཱ་བཱ་ཏི་སྙན་རྩོམ་ (Nabati poetry )དང་ ཨའུཌ་སྙན་ཆ་ (oud music) ཚུ་ བརྩི་མཐོང་སྦོམ་སྦེ་ར་ བསྐྱེད་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ནང་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ བཀག་ཆ་འབད་བའི་ཤུལ་ལས་ གློག་བརྙན་དང་ ཟློས་གར་ཁང་ དེ་ལས་ སྙན་ཆའི་དུས་སྟོན་ཚུ་གི་ སྒོ་ཕྱེ་སྟེ་ཡོད་མི་ འཆར་སྣང་༢༠༣༠ གི་ ལས་སྣ་དང་འཕྲིལ་ཐོག་ལས་ ལམ་སྲོལ་གོང་འཕེལ་གྱི་ གྲུབ་འབྲས་སྦོམ་སྦེ་ར་ ཐོན་ཡོདཔ་ཨིན་པས།

གྱོན༌ཆས།

རང་ལུགས་ཀྱི་གྱོན་ཆས་འདི་ སྤྱིར་བཏང་སྦེ་རང་ ལུས་ཡོདཔ་ཨིན། ཕོ་སྐྱེས་ཚུ་གིས་ གྱོན་ཆས་དཀརཔོ་རིངམོ་ཅིག་དང་ འདི་དང་གཅིག་ཁར་ གུ་ཏྲ་༼མགུ་ཏོ་གུ་བཀབ་ནི་༽ འདི་ ཨ་གཱལ་༼ཐགསཔ་ནགཔོ་༽ གིས་བསྡམ་ཨིན་མས། ཨམ་སྲུ་ཚུ་གིས་ ཨ་བ་ཡ་ཟེར་མི་ གྱོན་ཆས་ནགཔོ་རིངམོ་ཅིག་ གྱོནམ་ཨིནམ་ད་ དེ་དང་གཅིག་ཁར་ འཕྲལ་འཕྲལ་སྐབས་ ཧི་ཇབ་ཡང་ན་ ནི་ཀབ་ཡང་ གྱོནམ་ཨིན་པས། འདས་པའི་ལོ་ནང་ གྱོན་ཆས་སྒྲིག་གཞི་ཚུ་ ལྷོད་ལྷོད་སྦེ་ བཟོ་ཡོདཔ་ཨིན་པས། དམིགས་བསལ་གྱི་ ཕྱི་རྒྱལ་གྱི་ཨམ་སྲུ་དང་ཁྲོམ་ཚོགས་ནང་ལུ་སྡོད་མི་ཚུ་ལུ་ཨིན་མས།

རྩེད་རིགས།

རྐང་རིལ (soccer) འདི་ རྒྱལ་ཁབ་འདི་ནང་ ཡོངས་གྲགས་ཅན་གྱི་རྩེད་མོ་ཅིག་ཨིན། སཱའུ་དི་གི་རྒྱལ་ཡོངས་སྡེ་ཚན་གྱིས་ འཛམ་གླིང་རྐང་རྩེད་འགྲན་བསྡུར་ནང་ ཚར་༦ འཛུལ་ཞུགས་འབད་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ སྤྱི་ལོ་༢༠༢༢ ལུ་ རྒྱལ་ཁ་ཐོབ་ཡོདཔ་ད་ འགོ་ཐོག་རྩེད་འགྲན་ནང་ ཡོངས་གྲགས་ཅན་གྱི་ ཨར་ཇེན་ཊི་ན་ ཕམ་ཡོདཔ་ཨིན་པས། རྔ་མོང་འགྲན་བསྡུར་དང་ བྱ་ཕོ་དང་རྟ་རྒྱུག་ཚུ་ཡང་ རང་ལུགས་དང་ལམ་སྲོལ་གྱི་ཐོག་ལས་ གལ་གནད་ཅན་ཅིག་ཨིན། རྒྱལ་ཁབ་འདི་ནང་ འཛམ་གླིང་རྩེད་རིགས་ཀྱི་ལས་རིམ་ ཕོར་མུ་ལ་ཨི་དང་ ཌབ་ལུ་ཌབ་ལུ་ཨི་ དེ་ལས་ མདའ་རྩེད་འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན།

སྐད་ཡིག་དང་ཤེས་རིག།

གཞུང་འབྲེལ་གྱི་སྐད་ཡིག་ཨ་ར་བིཀ་ཨིནམ་ད་ ཚོང་འབྲེལ་དང་ ཤེས་རིག་ནང་ ཨིང་སྐད་འདི་ ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན། སྤྱི་ལོ་༢༠༢༣ ལུ་ བྲིས་ལྷག་ཤེས་ཡོན་གྱི་ཚད་གཞི་དེ་ བརྒྱ་ཆ་༩༧.༦ ལུ་ལྷོད་ཡོདཔ་ད་ སྐྱེས་ལོ་༦ ལས་༡༥ གི་བར་ན་འབད་མི་ ཨ་ལུ་ཚུ་ ཤེས་ཡོན་ལྷབ་དགོཔ་ཨིན་པས།

གཞུང་གིས་ ཤེས་རིག་ནང་ མ་རྩ་སྦོམ་སྦེ་ར་ བཙུགས་དོ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༠༥ ལུ་ འགོ་བཙུགས་ཞིནམ་ལས་ཚུར་ སློབ་ཕྲུག་འབུམ་༢ ལྷགཔ་ཅིག་ ཕྱི་རྒྱལ་ལུ་ བཏང་དོ་ཡོདཔ་ཨིན་པས།

ཆབ་སྲིད་ལམ་ལུགས་དང་གཞུང་སྐྱོང་།

སཱའུ་དི་ཨ་ར་བི་ཡ་འདི་ རྒྱལ་བརྒྱུད་ཆ་ཚང་ཅིག་ཨིན། ད་རེས་ནངས་པའི་རྒྱལཔོ་ སཱལ་མཱན་བིན་ཨབ་དུལ་ཨ་ཟི་ཟི་ཨཱལ་སཱའུཌ་གིས་ སྤྱི་ལོ་༢༠༡༥ ལུ་ རྒྱལ་པོའི་ཁྲི་གུ་བཞུགས་ཡོདཔ་ད་ རྒྱལ་པོའི་སྲས་མོ་ཧ་མཱད་བིན་སཱལ་མཱན་གྱིས་ དམིགས་བསལ་གྱིས་ སྤྱི་ལོ་༢༠༣༠ གི་ མཐོང་ཚུལ་བསྐྱར་ཞིབ་ཀྱི་འོག་ལུ་ འགོ་ཁྲིད་ཀྱི་འགན་ཁུར་གཙོ་བོ་ཅིག་ འབག་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ནང་ ཤ་རི་ཡ་གི་ཁྲིམས་ལུགས་ལུ་ གཞི་བཞག་སྟེ་ ཁྲོམ་སྡེའི་བཙག་འཐུ་ཚུ་ འགོ་འདྲེན་འཐབ་རུང་ བཙག་འཐུ་གྲུབ་པའི་ རྒྱལ་ཡོངས་སྤྱི་ཚོགས་དང་ སྲིད་དོན་ཚོགས་པ་ཚུ་ མེདཔ་ཨིན་པས།

འཛིན་སྐྱོང་།

སཱའུ་དི་ཨ་ར་བི་ཡ་འདི་ བདག་སྐྱོང་ལུང་ཕྱོགས་༡༣ ལུ་དབྱེ་སྟེ་ཡོདཔ་ད་ ལུང་ཕྱོགས་རེ་རེ་ནང་ རྒྱལ་སྲས་ཡང་ན་ རྒྱལ་པོའི་བསྐོ་བཞག་འབད་མི་གིས་ གཞུང་སྐྱོང་འབདཝ་ཨིན་མས། ལུང་ཕྱོགས་གཙོ་བོ་ཚུ་ཡང་ མེ་ཀ་དང་ མེ་ཌི་ན་ ཤར་ཕྱོགས་མངའ་སྡེ་ (Ash Sharqiyah) དེ་ལས་ ཨ་སིར་ཚུ་ཨིན་མས།

དཔལ་འབྱོར་དང་དངུལ།

སཱའུ་དི་ཨ་ར་བི་ཡ་འདི་ ཤར་དབུས་རྒྱལ་ཁབ་ནང་ དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཅིག་ཨིན། སྤྱི་ལོ་༢༠༢༤ ཚུན་ ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡.༠༥ དེ་ཅིག་ཡོདཔ་ལས་ འཛམ་གླིང་ནང་ གནས་རིམ་༡༧ པའི་ནང་ ཚུད་ཡོདཔ་ཨིན་པས། དཔལ་འབྱོར་དེ་ མར་ཁུ་ལུ་ ཤུགས་སྦེ་ར་ བརྟེན་དོ་ཡོདཔ་ལས་ དེ་གིས་ རྒྱལ་ཡོངས་ནང་འདྲེན་གྱི་ བརྒྱ་ཆ་༤༠ ལྷགཔ་ཅིག་དང་ ཕྱིར་ཚོང་གི་འོང་འབབ་བརྒྱ་ཆ་༧༠ ལྷགཔ་ཅིག་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།

སའུ་དི་ཨ་ར་བི་ཡན་རི་ཡལ་ (SAR) འདི་ རྒྱལ་ཡོངས་དངུལ་ཀྲམ་ཨིནམ་ད་ ཡུ་ཨེས་དྲོ་ལར་ལུ་ ཧ་ལམ་ ༣.༧༥ SAR/USD ལུ་ བཀལ་ཡོདཔ་ཨིན་པས། ཚོང་འབྲེལ་གྱི་མཉམ་འབྲེལ་པ་གཙོ་བོ་ཚུ་ཡང་ རྒྱ་ནག་དང་ ཡུ་ཨེས་ ཇ་པཱན་ རྒྱ་གར་ དེ་ལས་ ལྷོ་ཀོ་རི་ཡ་ཚུ་ཨིན་པས།

དམག་སྡེ།

སཱའུ་དི་ཨ་ར་བི་ཡ་ལུ་ ལུང་ཕྱོགས་ནང་ མ་དངུལ་ལེགས་ཤོམ་སྦེ་ བཏང་མི་ དམག་སྡེ་ཅིག་ཨིནམ་ད་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༦༩ དེ་ཅིག་ ཟད་འགྲོ་བཏང་དོ་ཡོདཔ་ལས་ འཛམ་གླིང་ནང་ སྲུང་སྐྱོབ་ཀྱི་དོན་ལུ་ ཟད་འགྲོ་བཏང་མི་ མཐོ་ཤོས་དྲུག་པ་ཨིན་པས། དམག་སྡེ་ནང་ལུ་ རྒྱལ་འཛིན་སཱའུ་དི་ས་དམག་དང་ མཚོ་དམག་ གནམ་དམག་ དེ་ལས་ རྒྱལ་ཡོངས་སྲུང་སྐྱོབ་དམག་སྡེ་ཚུ་ཡོདཔ་ད་ དེང་སང་གི་མཚོན་ཆ་ཚུ་ ངོ་མ་རང་ ཡུ་ཨེས་དང་ ཡུ་ཀེ་ དེ་ལས་ ཕཱརན་སི་ལས་ ཐོབ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་གིས་ ཨིསི་ལཱ་མིཀ་དམག་སྡེ་ ངོ་རྒོལ་འགོག་ཐབས་མཉམ་འབྲེལ་ཚོགས་པ་ འགོ་འཁྲིད་འབད་དེ་ སྤྱི་ལོ་༢༠༡༥ ལས་ ཡེ་མེན་གྱི་ དཀའ་ངལ་ནང་ འགོ་ཁྲིད་ཀྱི་ འགན་ཁུར་འབག་སྟེ་ཡོདཔ་ཨིན་པས།

མཇུག༌དོན།

སཱའུ་དི་ཨ་ར་བི་ཡ་འདི་ སྔར་སྲོལ་ལམ་སྲོལ་དང་ དེང་སང་གི་ལམ་ལུགས་གཉིས་གཅིག་ཁར་ སླ་བསྲེ་ཡོདཔ་ཨིན། རྒྱལ་ཁབ་འདི་གིས་ བྱེ་ཐང་སྦོམ་དང་ ཆོས་དོན་གྱི་གལ་གནད་ མར་ཁུ་གསོག་འཇོག་ དེ་ལས་ བསྐྱར་ཞིབ་ཀྱི་གྲོས་གཞི་སྦོམ་ཡོད་མི་ཚུ་གིས་ རྒྱལ་ཁབ་འདི་གིས་ འཛམ་གླིང་ནང་ལུ་ གཟུགས་བརྙན་འདི་ བསྐྱར་བཟོ་འབད་དོ་ཡོདཔ་ཨིན། སྤྱི་ལོ་ ༡༩༣༢ ལུ་གཞི་བཙུགས་འབད་མི་ལས་ ད་རེས་ སྤྱི་ལོ་༢༠༣༠གི་འཆར་སྣང་འོག་ལུ་ བསྒྱུར་བཅོས་འགྱོ་མི་ཚུན་ཚོད་ སཱའུ་དི་ཨ་ར་བི་ཡ་གི་ མ་འོངས་པའི་རེ་བ་འགྲུབ་འཐབ་ལུ་ ལཱ་འབད་དོ་ཡོདཔ་ཨིན།

རྒྱབ་རྟེན་ཐོ།

https://simple.wikipedia.org/wiki/Saudi_Arabia

https://en.wikipedia.org/wiki/Saudi_Arabia

https://simple.wikipedia.org/wiki/Riyadh