Jump to content

སི་ཡ་ར་ལིའོན། Sierra Leone

Wikipedia ལས།
སི་རི་ལིའོན་གྱི་རྒྱལ་དར།
སི་ཡ་ར་ལིའོན་གྱི་ས་ཁྲ།

ས་གནས་དང་ས་ཁོངས།

སི་ཡར་ལི་ཡོན་འདི་ ནུབ་ཕྱོགས་ཨཕ་རི་ཀ་གི་ལྷོ་ནུབ་མཐའ་མར་ མཚོ་འགྲམ་གྱི་རྒྱལ་ཁབ་ཅིག་ཨིན་མས། ཤར་ལྷོ་ལུ་ ལའི་བི་རི་ཡ་དང་བྱང་ཤར་ལུ་ གུ་ནི་ཡ་ཚུ་དང་ ས་མཚམས་ཡོདཔ་ཨིན། རྒྱལ་ཁབ་འདི་གི་རྒྱ་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་མ་ ༧༣,༢༥༢ ༼མའིལ་གྲུ་བཞི་མ་ ༢༨,༠༠༠༽ ཡོདཔ་ ལས་ འཛམ་གླིང་ནང་ རྒྱལ་ཁབ་སྦོམ་ཤོས་ ༡༡༧་པ་ཨིན་པས། []

གནམ་གཤིས་དང་ས་ཁམས་ཆགས་ཚུལ།

སི་ཡར་ལིའོན་ལུ་ གནས་གཤིས་མ་འདྲཝ་ཁག་གཉིས་འབད་ཡོདཔ་ད་ དེ་ཡང་ རླན་གཤེར་དང་གནམ་སྐམ་པའི་དུས་གཉིས་ཨིན་མས། ཆརཔ་ རྐྱབ་པའི་དུས་ཚོད་དེ་ སྤྱི་ཟླ་༥ པ་ལས་༡༡ པ་ཚུན་ཨིནམ་ད་ ཆརཔ་ཤུགས་སྦེ་ར་ སྤྱི་ཟླ་༧ པ་ལས་༩ པའི་བར་ན་ རྐྱབ་དོ་ཡོདཔ་ཨིན་པས། གནམ་སྐམ་པའི་དུས་ཚོད་འདི་ སྤྱི་ཟླ་༡༢ པ་ལས་ སྤྱི་ཟླ་༤ པ་ཚུན་ཚོད་ཨིན་མས། ས་ཆའི་གནས་སྟངས་ཀྱི་ཐད་ལུ་ རྒྱལ་ཁབ་འདི་ནང་ ས་ཆའི་ གནས་སྟངས་མ་འདྲཝ་ཚུ་ཡོདཔ་ཨིན་མས། དེ་ཡང་ མཚོ་མཐའི་ཐང་དང་ རྩྭ་ཐང་ དེ་ལས་ ཚ་ཁུལ་གྱི་ཆརཔ་གི་ནགས་ཚལ་(tropical rainforests) ཚུ་རྩིས་ཏེ་ ལེ་ཤ་ཡོདཔ་ཨིན་མས།[]

འབྱུང་རབས་དང་མི་རིགས།

སི་ཡར་ལིའོན་གྱི་ལོ་རྒྱུས་དང་འཁྲིལ་བ་ཅིན་ མི་ཕྱུགཔོ་གི་འོག་ལས་ ལཱ་འབད་སྡོད་མི་ཚུ་ རང་དབང་ཐོབ་པའི་སྐབས་ལུ་ ས་སྒོ་འདི་ནང་ གཞིས་ཆགས་ ནུག་ཟེར་ཨིན་མས། དེ་ཡང་ སྤྱི་ལོ་༡༧༨༧ ལུ་ བིརི་ཊིཤ་གིས་ གཞན་གྱི་འོག་ལུ་ལཱ་འབད་སྡོད་མི་ ཨཕ་རི་ཀ་གི་མི་ཚུ་ལུ་ ཕིརི་ཊཱོན་ལུ་ སྡོད་ས་ གཞི་ བཙུགས་འབད་བྱིན་ནུག། སྤྱི་ལོ་༡༩༦༡ ཟླ་༤ པའི་ཚེས་༢༧ ལུ་ རྒྱལ་ཁབ་འདི་ ཡུ་ནའི་ཊེཊ་ཀིང་ཌོམ་ལས་ རང་དབང་ཐོབ་ནུག། མི་རིགས་ཀྱི་ཐད་ལུ་ མི་རིགས་ མ་འདྲཝ་སྦེ་ཡོདཔ་ད་ དེ་ཡང་ (Temne) བརྒྱ་ཆ་༣༥.༥ དང་ (Mende) བརྒྱ་ཆ་༣༣.༢ དེ་ལས་ (Limba) བརྒྱ་ཆ་༦.༤ དང་ (Kono) བརྒྱ་ཆ་༤.༤ དེ་ལས་ གཞན་མི་ཚུ་ཨིན་མས། []

མི་རློབས།

སྤྱི་ལོ་༢༠༢༣ ཚུན་ སི་ཡར་ལིའོན་གི་མི་རློབས་འདི་ ༨༤༦༠༥༡༢ ལུ་ལྷོད་ཡོདཔ་སྦེ་ཨིན་མས། སྤྱི་ལོ་༢༠༢༤ ལུ་ མི་རློབས་བརྒྱ་ཆ་༤༤.༨ དེ་ཅིག་དམིགས་བསལ་གྱིས་རྒྱལ་ས་ལྟེ་བ་ ཕིརི་ཊཱོན་ནང་སྡོད་ཡོདཔ་ད་ ཁྲོམ་འདི་ཡར་རྒྱས་མགྱོགས་དྲགས་སྦེ་འགྱོ་དོ་ཡོདཔ་ཨིན་མས།[]

ཕི་རི་ཊོན། Freetown. The Capital City Of Sierra Leone.

སི་ཡར་ལིའོན་གྱི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ ཕི་རི་ཊཱོན་འདི་ རྒྱལ་ཁབ་ཀྱི་ནུབ་ཕྱོགས་ས་ཁོངས་ནང་ ཨེ་ཊ་ལན་ཊིག་ མཚོ་ འགྲམ་ལུ་ཆགས་ཡོདཔ་ཨིན་མས། སྤྱི་ལོ་༡༧༨༧ ལུ་ བིརི་ཊིཤ་གི་མི་སེར་ཕན་བདེ་ཅན་ཚུ་གིས་ གཞན་གྱི་ལཱ་འབད་སྡོད་མི་ཨཕ་རི་ཀན་ཚུ་ དབང་དུ་བསྡུ་སྟེ་ གཞི་བཙུགས་འབད་ཡོདཔ་དང་ སྤྱི་ལོ་༡༨༠༨ ལུ་ བིརི་ཊིཤ་གི་དབང་འོག་ལུ་འགྱུར་ཏེ་ ལཱ་འབད་མི་ཚུ་ལུ་རྒྱབ་འགལ་འབད་མི་ མཚོ་དམག་གི་སྐོར་སྲུང་ནང་ འགན་ཁུར་གཙོ་བོ་ཅིག་འབག་ནུག།

སྤྱི་ལོ་༢༠༢༣ ཚུན་ ཕི་རི་ཊོན་ལུ་ མི་རློབས་ས་ཡ་༡.༢ དེ་ཅིག་ཡོདཔ་ཨིན་པས། ཁྲོམ་འདི་ནང་ལུ་ ཆོས་ལུགས་མ་འདྲཝ་ཡོདཔ་ལས་ མང་ཤོས་ཅིག་མུ་ས་ལིམ་དང་ ཡེ་ཤུ་པའི་ཆོས་ལུགས་འབད་མི་འདི་ཉུང་སུ་ཅིག་ཡོདཔ་ཨིན་མས། ཨིང་སྐད་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ད་ ཀིརིའོ་ (Krio) སྐད་ཡིག་འདི་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་ཨིན་མས། ཤེས་རིག་འདི་ ནུབ་ཕྱོགས་ཨཕ་རི་ཀ་གི་གཙུག་ལག་སློབ་སྡེ་རྙིང་ཤོས་ཅིག་ཨིན་མི་ (Fourah Bay College) བཟུམ་གྱི་གཙུག་སྡེ་ཚུ་ནང་ལས་ཕར་ གཞི་བཙུགས་འབད་དེ་ཡོདཔ་ཨིན་མས།

ཕིརི་ཊཱོན་འདི་ ཁྲོམ་དཔོན་གྱིས་འགོ་འཁྲིད་འབད་དེ་ ཁྲོམ་སྡེ་ཚོགས་སྡེ་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ ནུབ་ཕྱོགས་ ས་ཁོངས་ཁྲོམ་སྡེ་ རྫོང་ཁག་ གི་འོག་ལུ་ཚུདཔ་ཨིན་མས། བཟོ་གྲྭ་གཙོ་བོ་ཚུ་ཡང་ གྲུ་བཏང་ནི་དང་ ལྟ་བཤལ་ དེ་ལས་ ཞབས་ཏོག་ཚུ་ཨིནམ་ད་ མི་སེར་མང་ཤོས་ཅིག་རང་ གཞུང་འབྲེལ་མེན་མི་ ལས་སྡེ་ཚུ་ནང་ ལཱ་འབད་དོ་ཡོདཔ་ཨིན་པས། ཁྲོམ་འདི་ནང་ རང་ལུགས་དང་དེང་སང་གི་གྱོན་ཆས་གཉིསཔ་ཆ་ར་གྱོན་དོ་ཡོདཔ་ཨིན་མས།[]

ཆོས་ལུགས།

སི་ཡར་ལིའོན་རྒྱལ་ཁབ་འདི་ ཆོས་ལུགས་ཀྱི་མ་འཛིན་པའི་རྒྱལ་ཁབ་ཅིག་ཨིན་རུང་ ཆོས་ལུགས་ཀྱིས་ མི་སྡེ་ནང་ འགན་ཁུར་གལ་ཅན་ ཅིག་ འབགཔ་ཨིན་མས། སྤྱི་ལོ་༢༠༢༠ ལོའི་ཚོད་དཔག་དང་འཁྲིལ་བ་ཅིན་ མི་རློབས་བརྒྱ་ཆ་༧༨.༥ དེ་ཅིག་ མུ་ས་ལིམ་ཨིནམ་ད་ མང་ཤོས་རང་ སུ་ནི་ཨིན་མས། བརྒྱ་ཆ་༢༠.༤ དེ་ཅིག་ ཡེ་ཤུའི་ཆོས་ལུགས་འཛིན་མི་ཚུ་ཨིནམ་ད་ མང་ཤོས་རང་ པྲོ་ཊེས་ཊེནཊ་ (Protestants) ཆོས་ ལུགས་འཛིན་མི་ཚུ་ཨིན་པས། ལྷག་མ་བརྒྱ་ཆ་༡.༡ གིས་ ཨཕ་རི་ཀའི་སྔར་སྲོལ་གྱི་ཆོས་ལུགས་འབད་མི་དང་ རང་སོའི་ཡིད་ཆེས་དང་ འཁྲིལ་ འབད་མི་ཨིན་མས། རྒྱལ་ཁབ་འདི་ནང་ ཆོས་ལུགས་མ་འདྲཝ་ལེ་ཤ་ཡོད་རུང་ ཆོས་ལུགས་མ་འདྲཝ་ཚུ་གི་བར་ན་ ཞི་བདེ་གི་ཐོག་ལས་ མཉམ་ གནས་འབད་ཚུགསཔ་ཨིན་མས།[]

རིག་རྩལ།

སི་ཡར་ལིའོན་ལུ་ མི་རིགས་མ་འདྲཝ་བསླ་བསྲེས་ཡོདཔ་ལས་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་གི་རྒྱལ་ཁབ་ཅིག་ཨིན། རང་ལུགས་ཀྱི་སྙན་ཆ་དང་ཞབས་ཁྲ་ དེ་ལས་ སྲུང་གཏང་ནི་ཚུ་ ལམ་སྲོལ་གལ་ཆེ་ཤོས་ཅིག་ཨིན་མས། སྒྱུ་རྩལ་གྱི་རྣམ་པ་ཚུ་ཡང་ ཕྱེངམ་བཟོ་ནི་དང་ ཐགས་འཐག་ནི་ དེ་ལས་ ཤིང་གི་ ལག་བཟོ་ཚུ་ཨིནམ་དང་ འདི་ཚུ་ཡང་ འཕྲལ་འཕྲལ་སྦེ་ར་ མཛད་སྒོའི་སྐབས་སྟོན་དོ་ཡོདཔ་ཨིན་མས།

གྱོན༌ཆས།

སི་ཡར་ལིའོན་ལུ་ མི་རིགས་མ་འདྲཝ་སྦེ་ཡོདཔ་ལས་ རང་ལུགས་ཀྱི་གྱོན་ཆས་ཚུ་ཡང་ མ་འདྲཝ་སྦེ་གྱོན་གསོལ་ཡོདཔ་ཨིན་མས། (Mende) དང་ (Temne) གི་མི་ཚུ་གིས་ མང་ཤོས་ར་ ས་གནས་འདི་ནང་ལས་ ཐགས་འཐག་མི་ ཚོས་གཞི་འོད་དང་ལྡནམ་འབད་གྱོནམ་ཨིན་པས། ཨམ་སྲུ་ཚུ་གིས་ གྱོན་ཆ་འདི་  མཁོད་སྟོད་ལུ་མཁན་མཇར་དང་ མཁོད་སྨད་ལུ་ རྒྱབ་གཏན་བཟུམ་འབད་དཀྱི་གསོལ་ཡོདཔ་ཨིན། ཕོ་སྐྱེས་ཚུ་གིས་ གྱོན་ཆས་ གོས་ ཐུང་ཚུ་གྱོནམ་ཨིན་མས། ཁྲོམ་སྡེ་ཚུ་ནང་ དེང་སང་གི་གྱོན་ཆས་ཚུ་ ཡོངས་གྲགས་ཡོད་རུང་ ལམ་སྲོལ་དང་ ཆོས་ཕྱོགས་ཀྱི་ མཛད་སྒོ་ཚུ་ནང་ འགོ་ འདྲེན་འཐབ་པའི་སྐབས་ རང་ལུགས་ཀྱི་གྱོན་ཆས་ཚུ་ གྱོན་སྲོལ་ཡོདཔ་ཨིན་པས།

རྩེད་རིགས།

རྐང་རྩེད་སྤོ་ལོ་ (soccer) འདི་ སི་ཡར་ལིའོན་ལུ་ཡོངས་གྲགས་ཅན་གྱི་ རྩེད་རིགས་ཅིག་ཨིནམ་ད་ རྒྱལ་ཡོངས་སྡེ་ཚན་ (Leoan Star) ཟེར་སླབ་མི་འདི་གིས་ རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ རྒྱལ་སྤྱིའི་འགྲན་བསྡུར་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་མས། རྩེད་རིགས་གཞན་ཚུ་ཡང་ བཱསི་ཀེཊ་བཱོལ་དང་ བོ་ལི་བཱོལ་ དེ་ལས་ རྩེད་རིགས་ཚུ་ཨིན་པས། རྒྱལ་ཁབ་འདི་གིས་ ཀ་མཱན་ཝེལཊ་རྩེད་འགྲན་བཟུམ་གྱི་ རྒྱལ་སྤྱིའི་ལས་རིམ་ ཚུ་ནང་ཡང་ བཅའ་མར་གཏོགས་སྟེ་ རྩེད་རིགས་ཀྱི་རིག་རྩལ་ཚུ་ གསལ་སྟོན་འབད་དོ་ཡོདཔ་ཨིན།

སྐད་ཡིག་དང་ཤེས་རིག།

ཨིང་སྐད་འདི་ སི་ཡར་ལིའོན་གྱི་ གཞུང་འབྲེལ་སྐད་ཡིག་ཅིག་ཨིནམ་ད་ གཞུང་དང་ ཤེས་རིག་ དེ་ལས་ བརྡ་བརྒྱུད་ཚུ་ནང་ ལག་ལེན་ འཐབ་དོ་ ཡོདཔ་ཨིན་མས། ཨིང་སྐད་ལུ་གཞི་བཞག་སྟེ་ མི་རིགས་མ་འདྲཝ་ཚུ་གི་ནང་འཁོད་ལུ་ ཀིརིའོ་ཟེར་མི་ སྐད་ཡིག་འདི་ ཁྱབ་ཆེཝ་སྦེ་རང་ སླབ་དོ་ ཡོདཔ་ཨིན་མས། ཤེས་རིག་ལམ་ལུགས་འདི་ གཞི་རིམ་དང་ འབྲིང་རིམ་ དེ་ལས་ མཐོ་རིམ་གསུམ་སྦེ་ཡོདཔ་ཨིན་མས། ཨིན་རུང་ གཞི་རྟེན་མཁོ་ཆས་དང་སློབ་དཔོན་མ་ལང་པའི་དཀའ་ངལ་ལ་སོགས་པའི་ གདོང་ལེན་ཚུ་གིས་ ཤེས་རིག་གི་སྤུས་ཚད་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས། སྤྱི་ལོ་༢༠༢༡ ཚུན་ བྲིས་ལྷག་ཤེས་ཡོན་གྱི་ཚད་གཞི་འདི་ ཕོ་སྐྱེས་ཚུ་གི་ནང་ལུ་ བརྒྱ་ཆ་༥༥ དང་ ཨམ་སྲུ་ཚུ་གི་ནང་ལུ་ བརྒྱ་ཆ་༤༠ དེ་ཅིག་ཨིན་མས།

ཆབ་སྲིད་ལམ་ལུགས་དང་གཞུང་སྐྱོང་།

སི་ཡར་ལིའོན་ལུ་ ཚོགས་པ་སྣ་ཚོགས་ཀྱི་ལམ་ལུགས་ཡོདཔ་ལས་ སྲིད་འཛིན་སྤྱི་མཐུན་རྒྱལ་ཁབ་ཅིག་སྦེ་ ལཱ་འབདཝ་ཨིན་མས། སྲིད་འཛིན་གྱིས་ རྒྱལ་ཁབ་དང་གཞུང་གི་འགོ་ཁྲིདཔ་གཉིས་ཆ་ར་ ལོ་༥ གི་དོན་ལུ་ བཙག་འཐུ་འབད་དེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས། སྤྱི་ཚོགས་འདི་ ཚོགས་ཁང་ གཅིག་ན་ཨིནམ་ད་ དེ་ནང་ འདེམ་ངོ་༡༤༦ ཡོདཔ་ཨིན་མས། ཁྲིམས་འདུན་འདི་ རང་དབང་ཅན་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་ནང་ དམངས་ གཙོའི་བཙག་འཐུ་ ཧེ་མ་ལས་ཡོད་རུང་ ངན་ལྷད་དང་ སྲིད་དོན་བརྟན་ཏོག་ཏོ་མེད་པའི་ གདོང་ལེན་ཚུ་ ཁྱབ་ཆེཝ་སྦེ་ ཐོན་ཏེ་ཡོདཔ་ཨིན་པས། ད་ལྟོའི་ སྲིད་འཛིན་ ཇུ་ལི་ཡས་མཱ་ཌ་བིའོ་ (Julius Maada Bio) གི་སྤྱི་ལོ་༢༠༢༣ སྤྱི་ཟླ་༤ པའི་ཚེས་༢༧ ལས་ འགན་ཁུར་འབག་ཡོདཔ་ཨིན།

ཕྱི་འབྲེལ་མཐུན་ལམ།

སི་ཡར་ལིའོན་གྱིས་ རྒྱལ་ཁབ་སོ་སོ་དང་མཉམ་དུ་མཐུན་ལམ་བཞག་སྟེ་ འཛམ་གླིང་སྤྱི་ཚོགས་དང་ཨཕ་རི་ཀའི་མཉམ་འབྲེལ་ ནུབ་ཕྱོགས་ ཨཕ་རི་ཀའི་དཔལ་འབྱོར་མི་སྡེ་ (ECOWAS) དེ་ལས་ རྒྱལ་ཁབ་ཀྱི་སྤྱི་མཐུན་ཚོགས་པ་ཚུ་རྩིས་ཏེ་ རྒྱལ་སྤྱིའི་ ཚོགས་པ་ ལེ་ཤ་ཅིག་ གི་ འཐུས་མི་ཅིག་ཨིན་མས། རྒྱལ་ཁབ་འདི་ རྒྱལ་རབས་དང་འཁྲིལ་ཏེ་ ཡུ་ནའི་ཊེཊ་ཀིང་ཌོམ་དང་གཅིག་ཁར་ མཐུན་ལམ་སྒྲིང་སྒྲིང་ཡོདཔ་ལས་ དམག་འཁྲུག་གི་ཤུལ་ལས་ བསྐྱར་བཟོའི་ལཱ་ཚུ་ནང་ གྲོགས་རམ་དང་རྒྱབ་སྐྱོར་འབད་ཡོདཔ་ཨིན་མས།

མཇུག་དོན།

སི་ཡར་ལིའོན་རྒྱལ་ཁབ་འདི་ མི་རིགས་སྣ་ཚོགས་ཀྱི་སྐྱོང་བའི་རྒྱལ་ཁབ་ཅིག་ཨིན་རུང་ རྒྱལ་ཁབ་འདི་ རྒྱལ་སྤྱའི་ཚོགས་པ་ལེ་ཤ་ཅིག་གི་ འཐུས་མི་འབད་དེ་ རྒྱལ་ཁབ་གཞན་གྱི་མངའ་འོག་ལུ་མ་ཚུད་པར་ སྒྲིང་སྒྲིང་འབད་སྐྱོང་ཡོདཔ་ཨིན། དེ་མ་ཚད་ རྒྱལ་ཁབ་འདི་ནང་ མི་རིགས་མ་འདྲཝ་ལེ་ཤ་ཡོདཔ་ལས་ ཆོས་ལུགས་ཡང་སྣ་ཚོགས་ཡོདཔ་ལས་ རྒྱལ་ཁབ་ནང་སྟབས་མ་དེཝ་མེན་པར་ ཞི་བདེ་ཀྱི་ངང་ལུ་གནས་སྟེ་སྡོད་ཡོདཔ་ཨིན་མས།

རྒྱབ་རྟེན་ཐོ།

  1. 1 2 3 4 https://en.wikipedia.org/wiki/Sierra_Leone
  2. https://simple.wikipedia.org/wiki/Sierra_Leone
  3. https://en.wikipedia.org/wiki/Freetown