Jump to content

སི་ལོ་བཱ་ཀི་ཡ། The Slovakia.

Wikipedia ལས།

ས་གནས་དང་ས་ཁོངས།

སོ་ལོ་བཱ་ཀི་ཡ་གི་རྒྱལ་དར།
སོ་ལོ་བཱ་ཀི་ཡ་གི་ས་ཁྲ།

ཡོངས་གྲགས་ལུ་ སི་ལོ་བཱ་ཀི་ཡ་ཟེར་སླབ་མི་ སི་ལོ་བཱ་ཀི་ཡ་ རྒྱལ་ཁབ་འདི་ དབུས་ཡུ་རོབ་ཀྱི་ ས་མཚམས་མེད་པའི་རྒྱལ་ཁབ་ཅིག་ཨིནམ་ད་ བྱང་ནུབ་ལུ་ ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech Republic) དང་ ནུབ་ཕྱོགས་ལུ་ ཨཱསི་ཊི་ཡ་ (Austria) ལྷོ་ཕྱོགས་ལུ་ ཧང་གྷ་རི་ (Hungary) ཤར་ཕྱོགས་ལུ་ ཡུ་ཀེ་རེན་ (Ukraine ) བྱང་ཕྱོགས་ལུ་ པོ་ལེནཌ་ (Poland ) ཚུ་དང་ ས་མཚམས་ཡོདཔ་ཨིན། དེའི་རྒྱ་ཁྱོན་ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་༤༩༠༣༥ (མའིལ་གྲུ་བཞི་མ་༡༨༩༣༣) ཡོད།

གནམ་གཤིས་དང་ས་ཁམས་ཆགས་ཚུལ།

སི་ལོ་བཱ་ཀི་ཡ་ལུ་ བྱང་ཕྱོགས་དང་དབུས་ཕྱོགས་ཀྱི་ལུང་ཕྱོགས་ཚུ་ནང་ High Tatras རྩིས་ཏེ་ Carpathian གངས་རི་ཚུ་ཡོད་པའི་ ས་ཆའི་གནས་སྟངས་མ་འདྲཝ་ཡོདཔ་ཨིན། གནམ་གཤིས་འདི་གླིང་ཆེན་ཨིནམ་ལས་ དགུན་ཁ་བསིལ་དྲགས་ཡོདཔ་ཨིན་མས། སྤྱིར་སྙོམས་ལུ་ སྤྱི་ཟླ་དང་པའི་དྲོད་ཚད་ −༢°C ཡང་ན་ ༢༨°F དང་ གནམ་བྱཱར་གྱི་སྐབས་སུ་ དྲོད་ཚ་སུ་ཅིག་ཡོདཔ་ཨིན་མས།

ལོ་རྒྱུས་དང་མི་རིགས།

སི་ལོ་བཱ་ཀི་ཡ་ལུ་ འབྱུང་རབས་ཀྱི་ལོ་རྒྱུས་ལེ་ཤ་ཡོད་དོ་ཡོདཔ་ཨིན་མས། དུས་རབས་༩པའི་ནང་ Great Moravia གི་ཆ་ཤས་ཅིག་ཨིནམ་དང་ ཤུལ་ལས་ ལོ་ངོ་༡༠༠༠ ལྷགཔ་ཅིག་གི་རིང་ལུ་ Kingdom of Hungary དང་གཅིག་ཁར་བསྡོམས་ནུག། འཛམ་གླིང་དམག་ཆེན་དང་པའི་ཤུལ་ལས་ སྤྱི་ལོ་༡༩༡༨ ལུ་ ཨས་ཀྲོ་ཧང་གེ་རི་ཡན་Austro-Hungarian Empire རྒྱལ་ཁམས་ཧྲམ་འགྱོ་བའི་ཤུལ་ལས་ ཅེག་ཀོ་སི་ལོ་ཝ་ཀི་ཡ་ Czechoslovakia ་ཆ་ཤས་ཅིག་ལུ་འགྱུར་ནུག། སྤྱི་ལོ་༡༩༩༣ སྤྱི་ཟླ་དང་པའི་སྤྱི་ཚེས་༡ ལུ་ ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ་གཅིག་ཁར་ ཞི་བདེའི་ཐོག་ལས་ ཝེལ་ཝེཊ་ Velvet Divorce ་ཁ་བྱལ་འགྱོ་བའི་ཤུལ་ལས་ སོ་ལོ་བཱ་ཀི་ཡ་འདི་ རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ལུ་འགྱུར་ནུག། མི་རིགས་ཀྱི་ཐད་ཁར་ Slovaks གིས་ མི་རློབས་བརྒྱ་ཆ་༨༣.༨དེ་ཅིག་ཡོདཔ་ད་ དེ་གི་ཤུལ་ལས་ Hungarian བརྒྱ་ཆ་༧.༨ དང་ Roma བརྒྱ་ཆ་༡.༢ དེ་ལས་ Czech དང་ Ukrainian དེ་ལས་ Germanཚུ་གི་ མི་རིགས་ཡང་ཡོདཔ་ཨིན་མས།

མི་རློབས།

སྤྱི་ལོ་༢༠༢༤ ལུ་ Slovakia གི་མི་རློབས་འདི་ ཧ་ལམ་ས་ཡ་༥.༤ དེ་ཅིག་ཡོདཔ་ཨིན་མས། རྒྱལ་ཁབ་ནང་ལུ་ ཨ་ལོ་སྐྱེས་ཚད་ ཉུང་སུ་ཅིག་ ལས་བརྒལ་མེད་མི་དང་ ཕྱི་ཁར་འགྱོ་མི་ལས་བརྟེན་ཏེ་ མི་རློབས་མར་ཕབ་འགྱོ་དོ་ཡོདཔ་ད་ འདི་ཡང་ དམིགས་བསལ་དུ་ ཕྱི་རྒྱལ་ལུ་ དཔལ་འབྱོར་གྱི་ གོ་སྐབས་ལེགས་ཤོམ་འཚོལ་མི་ ན་གཞོན་ཚུ་ཨིན་མས།

བཱ་རཱ་ཊིས་ལ་ཝ། རྒྱལ་ས་ལྟེ་བ།

སོ་ལོ་བཱ་ཀི་ཡ་གི་རྒྱལ་ས་ལྟེ་བ་ བཱ་རཱ་ཊི་སི་ལ་ཝ་ Bratislava ་ འདི་ རྒྱལ་ཁབ་ཀྱི་ལྷོ་ནུབ་ཁ་ཐུག་ལུ་ ཨས་ཊི་ཡ་དང་ཧང་གེ་རི་གི་ ས་མཚམས་ཉེ་འདབས་ལུ་ཡོདཔ་ཨིན། རྒྱ་ཁྱོན་ཀི་ལོ་མི་ཊར་ ༣༦༧.༦ ཡོད་པའི་ སི་ལོ་བཱ་ཀི་ཡའི་ཁྲོམ་སྦོམ་ཤོས་ཅིག་ཨིན་མས། མི་རློབས་ཧ་ལམ་ ༤༣༠,༠༠༠ ཡོད་པའི་ སྲིད་དོན་དང་ལམ་སྲོལ་དེ་ལན་ དཔལ་འབྱོར་གྱི་ལྟེ་བ་ཅིག་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན་མས།

རྒྱལ་རབས་ནང་ལུ་ Pressburg ཟེར་སླབ་ཨིནམ་དང་ སྤྱི་ལོ་༡༥༣༦ ལས་ ༡༧༨༣ ཚུན་ ཧང་གཱ་རི་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ཨིན་པས། ད་རེས་ནངས་པ་ མི་རིགས་མ་འདྲཝ་ཚུ་ སྡོད་ས་ཨིནམ་ད་ རོ་མཱན་ཀེ་ཐོ་ལི་ཟམ་འདི་ ཆོས་ལུགས་གཙོ་བོ་ཅིག་ཨིན་མས། Slovak འདི་ གཞུང་འབྲེལ་སྐད་ཡིག་ཨིནམ་ད་ ཤེས་ཡོན་འདི་ སྤྱི་ལོ་༡༩༡༩ ལུ་ གཞི་བཙུགས་འབད་མི་ Comenius གཙུག་ལག་སློབ་སྡེ་གིས་ གཞི་བཙུགས་འབད་ནུག

བཱ་རཱ་ཊི་སི་ལ་ཝ་འདི་ རྫོང་ཁག་༥ དང་ ཁྲོམ་སྡེ་༡༧ ལུ་དབྱེ་སྟེ་ ས་གནས་ཀྱི་ཚོགས་སྡེ་རེ་རེ་ཡོདཔ་ཨིན་མས།

ཁྲོམ་འདི་ ཁྲོམ་དཔོན་དང་ ཁྲོམ་སྡེ་ཚོགས་སྡེ་གིས་ འཛིན་སྐྱོང་འཐབ་ཨིན་མས། བཟོ་གྲྭ་གཙོ་བོ་ཚུ་ཡང་ སྣུམ་འཁོར་བཟོ་སྐྲུན་དང་ བརྡ་དོན་འཕྲུལ་རིག་ དེ་ལས་ ཞབས་ཏོག་ཚུ་ཨིནམ་ད་ དེ་གིས་ མི་སྟོང་ཕྲག་ལས་བཅད་དེ་ ལཱ་གཡོག་བྱིན་དོ་ཡོདཔ་ཨིན་པས། ད་རེས་ནངས་པ་ Slovak གི་སྔར་སྲོལ་གྱི་གྱོན་ཆས་འདི་ དུས་སྟོན་ཚུ་གི་དོན་ལུ་རྐྱངམ་ཅིག་བཞག་སྟེ་ཡོདཔ་ལས་ ཁྲོམ་སྡེ་འདི་ནང་ དེང་སང་དང་སྲོལ་རྒྱུན་གྱི་སླ་བསྲེ་འདི་ གསལ་སྟོན་འབདཝ་ཨིན་མས།

ཆོས་ལུགས།

རོ་མཱན་ཀེ་ཐོ་ལི་ཟམ་འདི་ མི་རློབས་བརྒྱ་ཆ་༦༢ དེ་ཅིག་གིས་ ཆོས་ལུགས་གཙོ་བོ་ཅིག་ཨིན་མས། གཞན་མི་ཡེ་ཤུ་པའི་ཆོས་ལུགས་ཚུ་ཡང་ ཨི་བཱན་ཇེ་ལི་ཀཱལ་Evangelicals བརྒྱ་ཆ་༥.༩ དང་ གིརིག་གི་ཀེ་ཐོ་ལིག་ Greek Catholics བརྒྱ་ཆ་༣.༨ དེ་ཅིག་ཡོདཔ་ད་ ཧ་ལམ་ Slovaks བརྒྱ་ཆ་༡༣.༤ དེ་ཅིག་གིས་ ཆོས་ལུགས་ནང་ བཅའ་མར་མ་བཏོག་མི་ཨིན་མས།

རིག་རྩལ་དང་རིག་གནས།

སོ་ལོ་བཱག་གི་ལམ་སྲོལ་འདི་ (Slavic) གི་ལམ་སྲོལ་དང་ (Austro-Hungarian) གི་ཤན་ཞུགས་ དེ་ལས་ མི་སྡེའི་ལམ་སྲོལ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་མས། སྙན་ཆ་དང་ཞབས་ཁྲ་འདི་ དམིགས་བསལ་གྱིས་ གྲོང་གསེབ་ས་ཁོངས་ཚུ་ནང་ རྩི་མཐོང་བསྐྱེད་དོ་ཡོདཔ་ཨིན་མས། རང་ལུགས་སོ་ལོ་ཝག་གི་མི་སྡེའི་རིག་རྩལ་ནང་ ཤིང་པ་ཏྲ་བརྐོ་ནི་དང་ ཐགས་འཐག་ནི་ དེ་ལས་ རྫ་ཆས་ཚུ་ཚུདཔ་ཨིན་མས། རྒྱལ་ཁབ་འདི་ནང་ མི་སྡེའི་དུས་སྟོན་མ་འདྲཝ་ དཔེར་ན་ (Východná Folklore Festival) ཟེར་མི་ མི་སྡེའི་དུས་སྟོན་ཚུ་ བརྩི་སྲུང་འབདཝ་ཨིན་མས། དེང་སང་གི་ སོ་ལོ་བཱག་གི་རིག་རྩལ་འདི་ དུས་རབ་༢༠པའི་ནང་ (Ladislav Mednyánszky)དང་ (Martin Benka) བཟུམ་གྱི་ སྒྱུ་རྩལ་མཁས་པ་ཚུ་གི་ཐོག་ལས་ ཡོངས་གྲགས་ཐོན་ཡོདཔ་ཨིན་མས། སོ་ལོ་བཱག་ཀི་ཡ་ལུ་ཡང་ གློག་བརྙན་དང་གློག་བརྙན་ཁང་ཚུ་ ཡར་རྒྱས་ འགྱོ་དོ་ཡོདཔ་དང་ (Bratislava) རྒྱལ་སྤྱི་གློག་བརྙན་དུས་སྟོན་འདི་ གལ་གནད་ཅན་གྱི་ལས་རིམ་ཅིག་ཨིན།་མས།

རང་ལུགས་ཀྱི་གྱོན་ཆས།

དུས་སྟོན་སྐབས་ལུ་གྱོན་མི་ Slovak གི་སྔར་སྲོལ་གྱི་གྱོན་ཆས་ཚུ་ཡང་ ཐགས་འཐག་པའི་གུ་ལུ་ ཚེམ་འབྲུ་ཐུ་ཡོད་པའི་གྱོན་ཆས་ཚུ་དང་ བལ་གྱི་གྱོན་ཆས་ཚུ་ ཨམ་སྲུ་ཚུ་གི་ གྱོནམ་ཨིནམ་ད་ ཕོ་སྐྱེས་ཚུ་གིས་ གོས་ཐུང་དང་ གུས་ཐུང་རྒྱ་སྦོམ་ དེ་ལས་ ཞྭམོ་ཚུ་གྱོནམ་ཨིན་མས། བཟོ་བཀོད་དང་ཚོས་གཞི་ཚུ་ ལུང་ཕྱོགས་དང་འཁྲིལ་ཏེ་མི་འདྲ་དོ་ཡོདཔ་ཨིན་མས།

སྐད་ཡིག་དང་ཤེས་རིག།

གཞུང་འབྲེལ་སྐད་ཡིག་འདི་ སི་ལོ་ཝག་སྐད་ཡིག་འདི་ཨིན་མས། ཧང་གྷ་རིའི་སྐད་ཡིག་འདི་ ལྷོ་ཕྱོགས་ལུང་ཕྱོགས་ཚུ་ནང་ཡང་སླབ་གསོལ་ཡོདཔ་ཨིན་མས། རྒྱལ་ཁབ་ནང་ ཤེས་ཡོན་འདི་ སྐྱེས་ལོ་༦ ལས་༡༦ ཚུན་ རིན་མེད་སྟོང་པ་སྦེ་ བྱིན་དོ་ཡོདཔ་ཨིན་མས། Slovakia གིས་ བྲིས་ལྷག་ཤེས་ཡོན་ཚད་གཞི་འདི་ ༩༩% ཨིན་མས། མཐོ་རིམ་སློབ་གྲྭ་ཁག་ཡང་ སྤྱི་ལོ་༡༩༡༩ ལུ་གཞི་བཙུགས་འབད་མི་ བཱ་རཱ་ཊི་སི་ལ་ཝ་ལུ་ཡོད་པའི་ ཀོ་མེ་ནི་ཡས་གཙུག་ལག་སློབ་སྡེ་དང་ སི་ལོ་ཝག་འཕྲུལ་རིག་གཙུག་ལག་སློབ་སྡེ་ཚུ་ཨིན་པས།

ཆབ་སྲིད་ལམ་ལུགས་དང་གཞུང་སྐྱོང་།

སི་ལོ་བཱ་ཀི་ཡ་འདི་ གྲོས་ཚོགས་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིན་མས། ལོ་༥འི་བར་ན་ བཙག་འཐུ་གྲུབ་མི་ སྲིད་འཛིན་དེ་ རྒྱལ་ཁབ་ཀྱི་ གཙོ་འཛིན་སྦེ་ ཕྱག་ཞུ་དོ་ཡོདཔ་ད་ བློན་ཆེན་དེ་ གཞུང་གི་ གཙོ་འཛིན་ཅིག་འབད་ ཕྱག་ཞུ་དོ་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེ་འདི་ འཐུས་མི་༡༥༠ ཡོད་པའི་ ཚོགས་ཁང་འདི་གིས་ ཁྲིམས་བཟོའི་དབང་ཚད་ཡང་ཡོདཔ་ཨིན་མས། སྤྱི་ལོ་༢༠༢༤ ཚུན་ ཟུ་ཟ་ན་ཅཱ་པུ་ཊོ་ཝ་ (Zuzana Čaputová)གིས་ སྲིད་འཛིན་སྦེ་ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་༢༠༡༩ ལུ་ བཙག་འཐུ་གྲུབ་མི་ ཨམ་སྲུ་འགོ་དང་པ་ཅིག་ཨིན་པས། ད་རེས་ གཞུང་འདི་ བློན་ཆེན་རོ་བཱརཊ་ཕི་ཀོ་གིས་ འགོ་འཁྲིད་འབད་དོ་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༢༣ སྤྱི་ཟླ་༡༠ པའི་ནང་ ལོག་སྟེ་ འགན་ཁུར་འབག་ཡོདཔ་ཨིན་མས།

འཛིན་སྐྱོང་སྡེ་ཚན།

རྒྱལ་ཁབ་འདི་ སྲིད་འཛིན་ས་ཁོངས་༨ ལུ་དབྱེ་སྟེ་ཡོདཔ་ཨིན་མས། བཱ་རཱ་ཊིས་ལ་ཝ (Bratislava)། ཏྲན་ཝ་(Trnava)། ཊེརེན་སིན། (Trenčín)། ནི་ཏྲ (Nitra)། ཟི་ལི་ན (Žilina)། བཱན་སི་ཀ་བིསི་ཊི་རི་ཀ་ (Banská Bystrica) དང་ པེརེ་སོ་ཝ་ (Prešov) ལས་ ཀོ་སི་སི་ (Košice) ཚུ་ཨིན་མས། ལུང་ཕྱོགས་རེ་རེ་ལུ་ རང་སོའི་བཙག་འཐུ་གྲུབ་པའི་ སྤྱི་འཛིན་དང་ བདག་སྐྱོང་རེ་ཡོདཔ་ཨིན་མས།

ཕྱི་འབྲེལ་མཐུན་ལམ།

སི་ལོ་བཱ་ཀི་ཡ་འདི་ རྒྱལ་སྤྱིའི་ཚོགས་པ་གཙོ་བོ་ཚུ་གི་འཐུས་མི་ཅིག་ཨིན་མས། དེ་ཡང་ ཡུ་རོ་པིན་མཉམ་འབྲེལ་ནང་ལུ་ དབྱིན་ལོ་ ༢༠༠༤ ལུ་འཛུལ་ཞུགས་འབད་ཡོདཔ་ད་ (NATO) ལུ་ དབྱིན་ལོ་༢༠༠༤ ལོར་འཛུལ་ནུག། མཉམ་འབྲེལ་རྒྱལ་ཚོགས་དང་ (OECD) དེ་ལས་ ཤེང་གྷན་ཚུ་གི་ ཚོགས་པ་ཡང་ཨིན་མས། ཁྱིམ་ཚང་རྒྱལ་ཁབ་ཚུ་དང་ མཐུན་ལམ་ལེགས་ཤོམ་སྦེ་ བཞག་སྟེ་ ལུང་ཕྱོགས་དང་ འཛམ་གླིང་ནང་ མཐུན་འབྲེལ་ཚུ་ནང་ གཙོ་བོ་སྟོན་དོ་ཡོདཔ་ཨིན་མས།

དཔལ་འབྱོར།

སོ་ལོ་བཱ་ཀི་ཡ་ལུ་ ཚོང་ལས་བརྟན་པའི་ འོང་འབབ་མཐོ་དྲགས་དང་ ཕྱིར་ཚོང་ལུ་བརྟེན་པའི་ དཔལ་འབྱོར་ཡོདཔ་ཨིན་མས། སྤྱི་ལོ་༢༠༢༣ ལུ་ སོ་ལོ་བཱ་ཀི་ཡ་གིས་ སྣུམ་འཁོར་ས་ཡ་༡ ལྷགཔ་ཅིག་ བཟོ་སྐྲུན་འབད་ཡོདཔ་ལས་ མི་རེ་ལུ་ སྣུམ་འཁོར་བཟོ་སྐྲུན་འབད་མི་ འཛམ་གླིང་ནང་ གཙོ་བོ་ཅིག་ཨིན་པས། སྤྱི་ལོ་༢༠༢༣ ལུ་ རྒྱལ་ཡོངས་ནང་འོང་འབབ་འདི་ ཧ་ལམ་ དྲོ་ལར་ཐེར་འབུམ་༡༣༡ དེ་ཅིག་ཨིནམ་དང་ མི་རེ་ལུ་ རྒྱལ་ཡོངས་ནང་འོང་འབབ་འདི་ དྲོ་ལར་༢༤༠༠༠ དེ་ཅིག་ཨིན་མས། སོ་ལོ་བཱག་ཀི་ཡ་གི་ཕྱིར་ཚོང་ངོ་མ་འདི་ སྣུམ་འཁོར་དང་གློག་རིག་ འཕྲུལ་ཆས་ དེ་ལས་ རྫས་སྦྱོར་ཚུ་ཨིནམ་ད་ ཚོང་འབྲེལ་གྱི་མཉམ་འབྲེལ་པ་གཙོ་བོ་ཚུ་ཡང་ (Germany) དང་ (Czech Republic) དེ་ལས་ (Poland) ཚུ་ཨིན་མས། གཞུང་འབྲེལ་གྱི་དངུལ་ཀྲམ་འདི་ ཡུ་རོབ་ (EUR) ཨིན་མས།

དམག་སྡེ།

སོ་ལོ་བཱག་ཀི་ཡ་གིས་ (NATO) གི་སྲུང་སྐྱོབ་གཞི་བཀོད་ཀྱི་ཆ་ཤས་ཅིག་ཨིན་མི་ ཁྱད་རིག་ཅན་གྱི་དམག་མི་ཚུ་ ཡོདཔ་ཨིན་མས། སི་ལོ་ཝག་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྡེ་ནང་ མི་༡༤༠༠༠ དེ་ཅིག་ཡོདཔ་ཨིན་པས། རྒྱལ་ཁབ་འདི་གིས་ རྒྱལ་ཡོངས་ནང་འདྲེན་གྱི་ བརྒྱ་ཆ་༡.༨ དེ་ཅིག་ བདེ་སྲུང་གི་དོན་ལུ་ ཟད་འགྲོ་བཏང་དོ་ཡོདཔ་ཨིནམ་མས།

ལྟ་བཤལ།

ལྟ་བཤལ་གྱིས་ རྒྱལ་ཡོངས་ཀྱི་ རྒྱལ་ཡོངས་ཐོན་སྐྱེད་ནང་ བརྒྱ་ཆ་༢.༥ དེ་ཅིག་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས། ཡོངས་གྲགས་ཅན་གྱི་ ས་སྒོ་ཚུ་ཡང་ (Bratislava) དང་ (Košice) དེ་ལས་ (High Tatras) དང་ (Slovak Paradise National Park) དེ་ལས་ ཡུ་ནིསི་ཀོ་གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་ (Spiš Castle) བཟུམ་གྱི་ བྱུང་རབས་ཅན་གྱི་ས་ཁོངས་ཚུ་ཨིན་མས། སྤྱི་ལོ་༢༠༢༣ ལུ་ སོ་ལོ་བཱ་ཀི་ཡ་ལུ་ ལྟ་བཤལཔ་ས་ཡ་༥ དེ་ཅིག་ འོང་ཡོདཔ་ད་ དེ་ཡང་ མང་ཤོས་ཅིག་ ཅེག་སྤྱི་མཐུན་རྒྱལ་ཁབ་དང་ ཇར་མ་ནི་ དེ་ལས་ པོ་ལེནཌ་ལས་ཨིན་པས།

མཇུག༌དོན།

སི་ལོ་བཱ་ཀི་ཡ་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་དང་ བཟོ་གྲྭའི་དཔལ་འབྱོར་སྟོབས་ཤུགས་ཅན་ དེ་ལས་ དབུས་ཡུ་རོབ་ལུ་ རྒྱལ་རབས་ཀྱི་རྩ་བ་གཏིང་ཟབ་ཡོད་མི་ རྒྱལ་ཁབ་ཅིག་ཨིན་མས།ཐབས་བྱུས་ཅན་གྱི་ས་གནས་དང་ ཤེས་ཡོན་ཅན་གྱི་ལས་བྱེདཔ་ དེ་ལས་ བརྟན་ཏོག་ཏོ་ཡོད་པའི་ སྲིད་དོན་མཐའ་འཁོར་ཚུ་གིས་ ཡུ་རོ་པིན་མི་སྡེ་ནང་ ཁག་ཆེ་བའི་ རྩེད་འགྲན་པ་ཅིག་ལུ་འགྱུར་ཡོདཔ་ཨིན་མས། རང་བཞིན་གྱི་ས་ཆའི་གནས་སྟངས་དང་ ལམ་སྲོལ་གྱི་རྩ་བ་གཏིང་ཟབ་ཡོད་མི་ དེ་ལས་ དེང་སང་གི་མཐུན་རྐྱེན་ཚུ་ ཡར་རྒྱས་འགྱོ་བའི་ བསྒང་ཡོདཔ་ ལས་ སོ་ལོ་བཱ་ཀི་ཡ་འདི་ འཛམ་གླིང་རྙིངམ་གི་མཛེས་སྡུག་དང་ དེང་སང་གི་ཡར་རྒྱས་ཚུ་ གཞན་དང་མ་འདྲཝ་སྦེ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་མས།

རྒྱབ་རྟེན་ཐོ།

https://en.wikipedia.org/wiki/Slovakia

https://en.wikipedia.org/wiki/Bratislava