སི་ལོ་ཝེ་ནི་ཡ། Slovenia
སྤྱིར་གཏང་ལུ་ སོ་ལོ་ཝེ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་སླབ་མི་ སོ་ལོ་ཝེ་ནི་ཡ་འདི་ དབུས་ཕྱོགས་ཡུ་རོབ་ཀྱི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ འཚོ་སྡོད་ཅན་ཅིག་ཨིན་མས། འདི་གི་སྦོམ་ཆུང་འདི་ ཆུང་ཀུ་ཅིག་ཨིན་རུང་ རྒྱལ་རབས་ཕྱུགཔོ་དང་ ལམ་སྲོལ་མ་འདྲཝ་ དེ་ལས་ དཔལ་འབྱོར་ སྟོབས་ཤུགས་ཅན་སྦེ་ཡོདཔ་ཨིན་མས།
ས་གནས་དང་ས་ཁོངས།
སོ་ལོ་ཝེ་ནི་ཡ་འདི་ ལྷོ་ཕྱོགས་དབུས་ཕྱོགས་ཡུ་རོབ་ལུ་ཆགས་ཏེ་ཡོདཔ་ད་བྱང་ཕྱོགས་ལུ་ ཨས་ཊི་ཡ་དང་ ནུབ་ཕྱོགས་ལུ་ ཨི་ཊ་ལི་ བྱང་ཤར་ཕྱོགས་ལུ་ ཧང་གྷ་རི་ ལྷོ་ཕྱོགས་དང་ཤར་ལྷོ་ཕྱོགས་ལུ་ ཀྲོ་ཨེ་ཤི་ཡ་(Croatia)་ལས་ ལྷོ་ནུབ་ཕྱོགས་ལུ་ ཨེ་ཌི་རི་ཡ་ཊིག་མཚོ་ (Adriatic Sea) ་དང་ ས་མཚམས་ཡོདཔ་ཨིན་མས། རྒྱ་ཁྱོན་འབད་བ་ཅིན་ གྲུ་བཞི་མ་༢༠༢༧༣ ཡོད་པའི་སོ་ལོ་ཝེ་ནི་ཡ་འདི་ ཡུ་རོབ་ཀྱི་རྒྱལ་ཁབ་ཆུང་ཤོས་ཅིག་ཨིན་མས།
གནམ་གཤིས་དང་ས་ཁམས་ཆགས་ཚུལ།
སོ་ལོ་ཝེ་ནི་ཡ་གི་ས་ཆའི་གནས་སྟངས་མ་འདྲཝ་ཚུ་ཡོདཔ་ཨིན་མས། དེ་ཡང་ (Alpine) གངས་རི་དང་ (Mediterranean) མཚོ་འགྲམ་ དེ་ལས་ ཐང་ཚུ་ཡོདཔ་ཨིན་མས། གནམ་གཤིས་འདི་ བྱང་ནུབ་ཁ་ཐུག་ལུ་ (Alpine) ལས་མཚོའི་མཐའ་མར (Mediterranean) དང་ ཤར་ཁ་ཐུག་ལུ་ གླིང་ཆེན་ཚུན་ཚོད་ མ་འདྲཝ་འབད་ཡོདཔ་ཨིན་མས། འདི་བཟུམ་གྱི་ས་ཆགས་འདི་ནང་ སྔོ་ཤིང་དང་སྲོག་ཆགས་མ་འདྲཝ་ཚུ་ཡོདཔ་ལས་ སོ་ལོ་ཝེ་ནི་ཡ་ འདི་ རང་བཞིན་གནས་སྟངས་ལུ་སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ ས་གོ་དགའ་ཏོག་ཏོ་ཅིག་ཨིན་མས།
ལོ་རྒྱུས་དང་མི་རིགས།
སོ་ལོ་ཝེ་ནི་ཡ་གི་ ཧེ་མའི་བྱུང་རབས་འབད་བ་ཅིན་ (Roman) གི་དུས་སྐབས་ལས་འགོ་བཙུགས་ཏེ་ ལུང་ཕྱོགས་འདི་ ཤུལ་ལས་ (Holy Roman Empire) གི་ཆ་ཤས་ཅིག་ལུ་འགྱུར་ནུག། དུས་རབས་༡༩པའི་ནང་ ཨས་ཀྲི་ཡན་རྒྱལ་ཁམས་དང་ དེ་གི་ཤུལ་ལས་ ཨས་ཀྲི་ཡ་ ཧང་གེ་རི་ཡན་རྒྱལ་ཁམས་ནང་ བཙུགས་ནུག། འཛམ་གླིང་དམག་ཆེན་དང་པའི་ཤུལ་ལས་ སོ་ལོ་ཝེ་ནི་ཡ་འདི་ (Serbs) དང་ (Croats) དེ་ལས་ (Slovenes) རྒྱལ་ཁབ་ནང་ལུ་འཛུལ་ཏེ་ ཤུལ་ལས་ (Yugoslavia) ལུ་འགྱུར་ནུག སྤྱི་ལོ་༡༩༩༡ ཟླ་༦ པའི་ཚེས་༢༥ ལུ་ སོ་ལོ་ཝེ་ནི་ཡ་གིས་ ཡུ་གོ་སི་ལེ་ཝི་ཡ་ལས་ རང་དབང་ཐོབ་སྟེ་ རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ལུ་འགྱུར་ནུག། སོ་ལོ་ཝེ་ནི་ཡ་ལུ་མི་རློབས་མང་ཤོས་རང་ (Slovenian) གི་མི་རིགས་ཨིནམ་དང་ དམིགས་བསལ་གྱིས་ས་མཚམས་ལུང་ཕྱོགས་ནང་ལུ་ ལ་ལུ་ (Hungarian) དང་ (Italians) ཚུ་རྩིས་ཏེ་ཡོདཔ་ཨིན་མས།
མི་རློབས་དང་ཆོས་ལུགས།
སྤྱི་ལོ་༢༠༢༣ ལོའི་ནང་ སོ་ལོ་ཝེ་ནི་ཡ་གི་མི་རློབས་འདི་ ཧ་ལམ་ས་ཡ་༢.༡༢ དེ་ཅིག་ཡོདཔ་ཨིན་མས། ཆོས་ལུགས་ཁྱབ་ཆེ་ཤོས་ཡང་ (Roman Catholicism) ཨིནམ་ད་ མི་རློབས་བརྒྱ་ཆ་༥༧དང་ཚག་༨དེ་ཅིག་གིས་ (Catholic) ཟེར་ངོས་འཛིན་འབདཝ་ཨིན་མས། ཆོས་ལུགས་གཞན་ཚུ་ ཡང་ ཤར་ཕྱོགས་ཡིད་ཆེས་ཅན་གྱི་ཡེ་ཤུའི་ཆོས་ལུགས་ བརྒྱ་ཆ་༢.༥ དང་ མུ་ས་ལིམ་ཆོས་ལུགས་ བརྒྱ་ཆ་༡ ཡོདཔ་ཨིན་མས།
ལུའུ་བི་ལི་ཡ་ན། Ljubljana. CapitalCity Of Slovenia.
སོ་ལོ་ཝེ་ནི་ཡ་གི་རྒྱལ་ས་ལྟེ་བ་ ལུའུ་བི་ཡ་ན་འདི་ ལུའུ་བི་ཡ་ནི་ཀ་གཙང་ཆུ་བདའ་སྟེ་ འཚོ་སྡོད་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན་མས། སྤྱི་ལོ་༢༠༢༣ སྤྱི་ཟླ་༧ པའི་ནང་ མི་རློབས་༢༩༧༤༣༢ ཡོདཔ་ད་ སོ་ལོ་ཝེ་ནི་ཡ་གི་ ཁྲོམ་སྦོམ་ཤོས་ཅིག་ཨིན་མས། རོ་མཱན་དམག་སྡེའི་གཞི་ཆགས་ཅིག་སྦེ་གཞི་བཙུགས་འབད་མི་ ལུའུ་བི་ལི་ཡ་ན་གིས་ སྤྱི་ལོ་༡༢༢༠ ལུ་ ཁྲོམ་གྱི་ཐོབ་དབང་ཐོབ་ནུག། སྤྱི་ལོ་༡༣༣༥ ལུ་ (Habsburg-Austrian) མངའ་སྡེ་ (Carniola) གི་རྒྱལ་ས་ལྟེ་བ་ལུ་འགྱུར་ཡོདཔ་དང་ ཤུལ་ལས་ སྤྱི་ལོ་༡༨༠༩ ལུ་ (French) གི་དབང་འོག་ལུ་ཡོད་པའི་ (Illyrian Provinces) གི་ལྟེ་བ་སྦེ་སྡོད་ནུག། ཁྲོམ་འདི་ནང་ མང་ཤོས་ཅིག་རང་ སོ་ལོ་ཝེ་ནི་ཡན་གྱི་སྐད་ཡིག་སླབ་དོ་ཡོདཔ་ད་ སོ་ལོ་ཝེ་ནི་ཡན་གྱི་སྐད་ཡིག་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིན།
ཤེས་རིག་ལུ་བརྩི་མཐོང་སྦོམ་ཡོདཔ་ལས་ སྤྱི་ལོ་༡༩༡༩ ལུ་གཞི་བཙུགས་འབད་མི་ ལུའུ་བི་ཡ་ན་གཙུག་ལག་སློབ་སྡེ་འདི་ རྒྱལ་ཁབ་ནང་ལུ་ གཙུག་ལག་སློབ་སྡེ་སྦོམ་ཤོས་དང་རྙིང་ཤོས་ཅིག་ཨིན་མས། ལུའུ་བི་ཡ་ན་འདི་ སྨན་རིགས་དང་ རྡོ་སྣུམ་རྫས་སྦྱོར་ དེ་ལས་ ཟ་འཐུང་བཟོ་གྲྭ་ཚུ་རྩིས་ཏེ་ བཟོ་གྲྭའི་ལྟེ་བ་ཅིག་ཨིན་མས། ཁྲོམ་སྡེ་འདི་ནང་ ཞབས་ཏོག་ལས་སྡེ་ཡང་ ཡར་རྒྱས་འགྱོ་དོ་ཡོདཔ་ལས་ ཁྲོམ་སྡེ་འདི་གི་ས་མཚམས་ནང་འཁོད་ལུ་ ལས་སྡེ་༤༩༠༠༠ ལྷགཔ་ཅིག་ ལཱ་འབད་དོ་ཡོདཔ་ཨིན་མས། ལམ་སྲོལ་གྱི་ཐད་ལུ་ ལུའུ་བི་ལི་ཡ་ན་འདི་ རྒྱལ་རབས་ཕྱུགཔོ་ཡོདཔ་ལས་ གློག་བརྙན་ཁང་དང་འགྲེམས་སྟོན་ཁང་ དེ་ལས་ འགྲེམས་སྟོན་ཁང་ལེ་ཤ་ཅིག་ཡོདཔ་ཨིན་མས།
སྐད་ཡིག་དང་ཤེས་རིག།
གཞུང་འབྲེལ་སྐད་ཡིག་འདི་ ལྷོ་ཕྱོགས་སི་ལེ་ཝིག་གི་སྐད་ཡིག་ སི་ལོ་ཝེ་ནི་ཡན་འདི་ཨིན་མས། མི་རིགས་སླ་བསྲེ་བའི་ལུང་ཕྱོགས་ནང་ལུ་ ཧང་གྷ་རི་ཡན་ དང་ཨི་ཊ་ལི་ཡན་སྐད་ཡིག་ཚུ་ཡང་ གཞུང་འབྲེལ་གྱི་སྐད་ཡིག་ཨིན་མས། སོ་ལོ་ཝེ་ནི་ཡ་ ལུ་ བྲིས་ལྷག་ཤེས་ཡོན་གྱི་ཚད་གཞི་ ༩༩% མཐོ་དྲགས་ སྦེ་ ཡོདཔ་ཨིན་མས། ཤེས་རིག་གི་ལམ་ལུགས་འདི་ གོང་འཕེལ་འགྱོ་བའི་བསྒང་ཡོདཔ་ད་ ལོ་༩་གི་རིང་ ངེས་པར་དུ་གཞི་རིམ་ཤེས་ཡོན་སྦྱང་ དགོཔ་ ཨིན་མས། འབྲིང་རིམ་ཤེས་ཡོན་ནང་ སྤྱིར་བཏང་དང་ ལག་རྩལ་སློབ་གྲྭ་ཚུ་ཚུདཔ་ཨིནམ་ད་ མཐོ་རིམ་ཤེས་ཡོན་ནང་ གཙུག་ལག་སློབ་སྡེ་བཞི་ ལུའུ་བི་ལི་ཡ་ན་ (Ljubljana) མ་རི་བོར་ (Maribor) པྲི་མོར་སི་ཀ་ (Primorska) དེ་ལས་ ནོ་ཝ་གོ་རི་ཀ་ (Nova Gorica) ཚུ་གིས་ བྱིན་དོ་ཡོདཔ་ཨིན་པས།
རིག་རྩལ་དང་རིག་གནས།
སོ་ལོ་ཝེ་ནི་ཡ་ལུ་ ཡུ་རོབ་ཀྱི་ལམ་སྲོལ་མ་འདྲཝ་ཚུ་གི་ ཤན་ཞུགས་འབད་དེ་ཡོདཔ་ཨིན། འདི་གི་བཟོ་རིགས་ཀྱི་ས་ཆའི་གནས་སྟངས་དང་འཁྲིལ་ ཡེ་ཤུའི་ལྷ་ཁང་༢༥༠༠ ལྷགཔ་ཅིག་དང་ བརྩོན་རྫོང་ལེ་ཤ་ཅིག་ཡོདཔ་ཨིན་མས།གལ་གནད་ཅན་གྱི་ལམ་སྲོལ་གྱི་ས་ཁོངས་ཚུ་ཡང་ (Škocjan Caves) དང་ (UNESCO) གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་ དེ་ལས་ དུས་རབ་བར་མའི་ (Bled Island) ལྷ་ཁང་ཚུ་ཡོདཔ་ཨིན་མས། རྒྱལ་ཁབ་ འདི་ནང་ སྙན་ཆ་དང་རྩོམ་རིག་ དེ་ལས་ པར་རིས་ཚུ་ནང་ ལམ་སྲོལ་སྒྲིང་སྒྲིང་ཡོདཔ་ལས་ སྒྱུ་རྩལ་མཁས་མཆོག་ལེ་ཤ་ཅིག་གིས་ ལམ་སྲོལ་གྱི་ མཛེས་རྒྱན་ཚུ་ བཙུགས་ཏེ་ཡོདཔ་ཨིན་པས།
གྱོན༌ཆས།
སོ་ལོ་ཝེ་ནི་ཡ་གི་ སྔར་སྲོལ་གྱི་གྱོན་ཆས་འདི་ ལུང་ཕྱོགས་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ཡོདཔ་ཨིན་རུང་ འཕྲལ་འཕྲལ་སྐབས་ ཐགས་འཐག་ ཡོད་ པའི་གྱོན་ཆས་དང་ དར་ཐག་ དེ་ལས་ བལ་གྱི་རས་ཆ་ཚུ་གྱོནམ་ཨིན་མས། འདི་བཟུམ་གྱི་གྱོན་ཆས་ཚུ་ སྤྱིར་བཏང་ལུ་ མི་སྡེའི་དུས་སྟོན་དང་ ལམ་ སྲོལ་གྱི་ལས་རིམ་ཚུ་ནང་ གྱོན་དོ་ཡོདཔ་ལས་ རྒྱལ་ཁབ་ཀྱི་ སྲོལ་བཟང་པོ་ཚུ་ གསལ་སྟོན་འབདཝ་ཨིན་པས།
རྩེད་རིགས།
སོ་ལོ་ཝེ་ནི་ཡ་ལུ་ རྩེད་རིགས་ཀྱི་ལམ་སྲོལ་སྒྲིང་སྒྲིང་ཡོདཔ་ལས་ བཱསི་ཀེཊ་བཱོལ་དང་ གངས་ཤུད་རྐྱབ་ནི་ དེ་ལས་ རྐང་འཁོར་རྒྱུག་ནི་ཚུ་ནང་ ཁྱད་དུ་འཕགས་པ་ཡོདཔ་ཨིན། རྒྱལ་ཡོངས་བཱསི་ཀེཊ་བཱོལ་སྡེ་ཚན་གྱིས་ རྒྱལ་སྤྱི་འགྲན་བསྡུར་ཚུ་ནང་ གྲུབ་འབྲས་སྦོམ་སྦེ་ར་ ཐོན་ཡོདཔ་ཨིན། (Alpine skiing) འདི་ ཡོངས་གྲགས་ཅན་ཅིག་ཨིནམ་ལས་ (Tina Maze) བཟུམ་གྱི་རྩེད་འགྲན་པ་ཚུ་གིས་ རྒྱལ་སྤྱིའི་ནང་ བསྔགས་བརྗོད་ཐོབ་དོ་ཡོདཔ་ཨིན་མས། རྐང་འཁོར་བཏང་ནི་འདི་ཡང་ ཡོངས་གྲགས་ཅན་ཅིག་ཨིན་མས།
ཆབ་སྲིད་ལམ་ལུགས་དང་གཞུང་སྐྱོང་།
སོ་ལོ་ཝེ་ནི་ཡ་གིས་ དམངས་གཙོའི་སྤྱི་ཚོགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཅིག་སྦེ་ལཱ་འབདཝ་ཨིན་མས། སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ཡོདཔ་ད་ བློན་ཆེན་གྱིས་ གཞུང་གི་དབུ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་འདུ་འདི་ ཁྲིམས་བཟོའི་གཙུག་སྡེ་ ཨིནམ་མ་ཚད་ དྲང་ཁྲིམས་འདི་ རང་དབང་ཅན་ཅིག་ཨིན་མས། སོ་ལོ་ཝེ་ནི་ཡ་ནི་འདི་ ཡུ་རོབ་མཐུན་ཚོགས་དང་ནེ་ཊོ་དེ་ལན་ མཉམ་འབྲེལ་ རྒྱལ་ཚོགས་ཀྱི་འཐུས་མི་ཅིག་ཨིན་མས།
འཛིན་སྐྱོང་སྡེ་ཚན།
རྒྱལ་ཁབ་འདི་ རྩིས་དཔྱད་ལུང་ཕྱོགས་༡༢ ལུ་དབྱེ་སྟེ་ཡོདཔ་ད་ ལུང་ཕྱོགས་རེ་རེ་ལུ་ རང་སོའི་བདག་སྐྱོང་ལྟེ་བ་ཡོདཔ་ཨིན་མས། ལུང་ཕྱོགས་འདི་ཚུ་གིས་ ས་གནས་གཞུང་སྐྱོང་དང་ ལུང་ཕྱོགས་གོང་འཕེལ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་མས།
ཕྱི་འབྲེལ།
སོ་ལོ་ཝེ་ནི་ཡ་འདི་ ཡུ་རོ་པིན་མཉམ་འབྲེལ་དང་ ནེ་ཊོ་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཚུ་རྩིས་ཏེ་ རྒྱལ་སྤྱིའི་ཚོགས་པ་ཚུ་གི་ འཐུས་མི་ ཤུགས་ཅན་ཅིག་ཨིན་མས། རྒྱལ་ཁབ་ལེ་ཤ་ཅིག་དང་གཅིག་ཁར་ མཐུན་ལམ་བཞག་སྟེ་ འཛམ་གླིང་ནང་ ཞི་བདེ་སྲུང་སྐྱོབ་དང་ མི་སྡེའི་ ལས་འགན་མ་འདྲཝ་ཚུ་ནང་ འབྲེལ་གཏོགས་འབད་དོ་ཡོདཔ་ཨིན་པས།
དཔལ་འབྱོར་དང་ཉོ་ཚོང་།
སོ་ལོ་ཝེ་ནི་ཡ་ལུ་ དཔལ་འབྱོར་གོང་འཕེལ་སྦོམ་སྦེ་འགྱོ་སྟེ་ཡོདཔ་ལས་ སྤྱི་ལོ་༢༠༢༣ ལུ་ རྒྱལ་ཡོངས་ནང་འོང་འབབ་ཡུ་རོབ་དུང་ཕྱུར་༦༣.༩༥ འོང་ནི་ཨིནམ་ལས་ ངོ་མ་འབད་བ་ཅིན་ བརྒྱ་ཆ་༢.༡ ཡར་སེང་འགྱོ་ཡོདཔ་ཨིན་པས། རྒྱལ་ཁབ་ཀྱི་དཔལ་འབྱོར་དེ་ ཕྱིར་ཚོང་ལུ་ གཞི་བཞག་ སྟེ་ཡོདཔ་ལས་ སྤྱི་ལོ་༢༠༢༣ ལུ་ ཕྱིར་ཚོང་གིས་ རྒྱལ་ཡོངས་ནང་འདྲེན་གྱི་ བརྒྱ་ཆ་༩༡ དེ་ཅིག་ བཟུང་ནི་ཨིན་པས། ཕྱིར་ཚོང་ མཉམ་འབྲེལ་པ་ གཙོ་བོ་ཚུ་ཡང་ ཇར་མ་ནི་ ཨི་ཊ་ལི་ ཀོརོ་ཨེ་ཤི་ཡ་ དེ་ལས་ ཨས་ཊི་ཡ་ཚུ་ཨིན་པས། རྒྱལ་ཡོངས་ཀྱི་དངུལ་ལོར་ཡུ་རོབ་ (EUR) ཟེར་མི་འདི་ ཨིན་མས།
དམག་སྡེ།
སོ་ལོ་ཝེ་ནིའི་དམག་སྡེ་ནང་ ས་ཐོག་དམག་མི་དང་ གནམ་དམག་ དེ་ལས་མཚོ་དམག་ཚུ་ཚུདཔ་ཨིན་པས། སྤྱི་ལོ་༢༠༢༠ ཚུན་ དམག་མི་ ལཱ་འབད་མི་ ༧༠༠༠ དེ་ཅིག་ཡོདཔ་ད་ ཁ་སྐོང་ ༢༦༠༠༠ དེ་ཅིག་ གསོག་འཇོག་འབད་དེ་ ཡོདཔ་ཨིན་པས། སྤྱི་ལོ་༢༠༢༤ ལོའི་སྲུང་སྐྱོབ་འཆར་ དངུལ་ཡུ་ རོབ་ དུང་ཕྱུར་༡.༠༦༤ བཞག་ཡོདཔ་ཨིན་མས།
མཇུག་དོན།
སོ་ལོ་ཝེ་ནི་ཡ་འདི་ དབུས་ཕྱོགས་ཡུ་རོབ་ཀྱི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ རྒྱལ་རབས་ཕྱུགཔོ་དང་ ལམ་སྲོལ་མ་འདྲཝ་ དེ་ལས་ དཔལ་འབྱོར་སྟོབས་ཤུགས་ཅན་སྦེ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ནང་ དཔལ་འབྱོར་གོང་འཕེལ་སྦོམ་སྦེ་འགྱོ་སྟེ་ཡོདཔ་ལས་ རང་དབང་ཅན་ གྱི་རྒྱལ་ཁབ་ཅིག་ཨིན་མས།
རྒྱབ་རྟེན་ཐོ།
https://en.wikipedia.org/wiki/University_of_Ljubljana
https://en.wikipedia.org/wiki/Slovenia
https://www.poslovniportal.si/en/doing-business-slovenia/i-slovenia-country-profile