Jump to content

སུ་བང་ཇ་ཡ། མ་ལེ་ཤི་ཡ། Subang, Malaysia

Wikipedia ལས།
སུ་བང་ཇ་ཡ་ཁྲོམ་སྡེ་ཡིག་ཚང་།

༉ སུ་བང་ཇ་ཡ་འདི་ སེ་ལེང་གོར་མངའ་སྡེའི་འོག་གི་ པེ་ཏ་ལིང་རྫོང་ཁག་གི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་ཚོགས་འདི་ པེ་ཏ་ལིང་རྫོང་ཁག་གི་ཁྲོམ་ཚོགས་སྦོམ་ཤོས་ཨང་གསུམ་པ་ཨིན་པས། མ་ལེ་ཤི་ཡ་རྒྱལ་ཁབ་ནང་འཁོད་ཀྱི་ཡོངས་གྲགས་ཅན་གྱི་ཁྲོམ་ཨང་ལྔ་པ་ཨིན་པས། དེ་ཡང་ ཀལང་ལུང་གཤོང་ནང་ལས་ པེ་ཏ་ལིང་ཇ་ཡ་དང་ཤ་ཨ་ལམ་གྱི་ཤུལ་ལུ་ཨིན་པས། []ས་གནས་འདི་ཧེ་མ་ སྤྱི་ལོ་ ༡༩༩༧ ལུ་ཁྲོམ་སྡེའི་གནས་ཚད་ནང་ཚུད་སོ་ནུག། []ཁྲོམ་འདི་ཁྲོམ་ཨིན་པའི་ཆ་གནས་འདི་ སྤྱི་ལོ ༢༠༢༠ ཟླ་ ༡༠ པའི་ཚེས་ ༢༠ ལུ་འབད་ནུག། ཁྲོམ་འདི་ཀོོ་ལ་ལམ་པུར་ལས་ ནུབ་ཁ་ཐུག་ལུ་ཀི་ལོ་མི་ཊར་ ༢༠ ལུ་ཡོདཔ་ཨིན།

ཁྲོམ་འདི་སུ་བང་ཇ་ཡ་ཁྲོམ་སྡེ་ཚོགས་སྡེ་གིས་སྐྱོང་དོ་ཡོདཔ་དང་ ཚོགས་སྡེ་གིས་པེ་ཏ་ལིང་རྫོང་ཁག་གི་པེ་ཏ་ལིང་ཇ་ཡ་ ཤ་ཨ་ལམ་ པུ་ཆོང་ སེ་རི་ཀེམ་བང་གཱན་ཡང་དབང་སྟེ་སྐྱོངམ་ཨིན་པས། ས་གནས་འདི་བཟོ་གྲྭ་འཕྲུལ་ཁང་ཉུངམ་སྦེ་ཡོདཔ་པའི་ས་གནས་ཅིག་ཨིན་པས།[]

ཁྲོམ་འདི་ཟང་ཟིང་འར་འུར་ཡོད་པའི་ཁར་ དེ་ནང་སྔར་སྲོལ་བྱུང་རབས་དང་ལམ་སྲོལ་ཡོད་པའི་ཁར་ དེང་སང་གི་བཟོ་བཀོད་་ཚུ་མཐོང་ཚུགས་ནི་ཨིན་པས། དེ་ལས་བརྟེན་ས་གོ་འདི་ལྟ་བཤལཔ་གི་དོན་ལུ་ ལེགས་ཤོམ་འགྱོ་དོ་ཡོདཔ་ཨིན་པས། ལྟ་སྐོར་ནང་འོང་མི་ཚུགས་གིས་ བྱུང་རབས་ལས་འགོ་བཙུགས་ དེང་སང་གི་ཡིད་འཕྲོག་མི་དང་ངལ་གསོ་བཅུག་མི་ ཐབས་ལམ་ཚུ་ལོངས་སྤྱོད་ཚུགས་པའི་གོ་སྐབས་ཡོདཔ་ཨིན།[]

དེ་བཟུམ་སྦེ་ རྒྱལ་སྤྱིའི་གནས་ཚད་ཁར་ ཁྲོམ་ཚོགས་དེ་ནང་ ཤེས་ཡོན་གྱི་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་ གཙུག་ལག་སློབ་སྡེ་ཚུ་ལེ་ཤ་ར་ཡོདཔ་ཨིན། སྤྲོ་ཉམས་ཆེ་བའི་ཁྲོམ་ཆེན་འདི་ནང་ སིལ་ཚོང་མཛོད་ཁང་དང་ ཟ་འཐུང་གི་ཚོང་ཁང་ ཕྱི་རྒྱལ་གྱི་ལྟ་བཤལཔ་ཚུ་གིས་ལྟ་སྐོར་འབད་སའི་ས་གོ་དང་ཡུལ་ཚུ་སྤྲོ་ཏོག་ཏོ་དང་ངོ་མཚར་ཆེ་ཏོག་ཏོ་ཚུ་ཡོདཔ་ཨིན། ཁྲོམ་ནང་ཕར་ཚུར་འགྲོ་འགྲུལ་འབད་ནི་དང་རྒྱུན་འགྲུལ་འཐབ་ནི་གི་དོན་ལུ་ རེལ་ལི་དང་བཱསི་ གླ་འཁོར་ཚུ་གི་སྦེ་མཐུད་སྦྲེལ་འབད་དེ་ཡོདཔ་ཨིན།[]

སྤྱི་ལོ་ ༡༩༩༨ ལུ་སུ་བང་ཇ་ཡ་གི་མི་རློབས་འདི་ ༥༥༠༠༠ ལས་ ༧༠༠༠༠ ཚུན་ཡོདཔ་སྦེ་ཚོད་དཔག་འབད་ཡོདཔ་ཨིནམ་དང་ སྤྱི་ལོ་ ༢༠༡༥ ལུ་ ༦༤༢༡༠༠ སྡོད་ཡོདཔ་སྦེ་བཀོད་དེ་འདུག། དེ་བཟུམ་སྦེ་ར་སུ་བང་ཇ་ཡ་ཁྲོམ་ཚོགས་ནང་ སྤྱི་ལོ་ ༢༠༢༠ ལུ་མི་རློབས་ ༩༦༨༩༣༠ ཡོདཔ་སྦེ་བཀོད་ཡོདཔ་དང་ མི་རློབས་ཀྱི་ཐད་ཁར་ མ་ལེ་ཤི་ཡ་གི་ཁྲོམ་ཚོགས་ཨང་དྲུག་པ་སྦ་ཚུད་ཡོདཔ་ཨིན།[]

  1. ཝི་ཀི་པི་ཌི་ཡ། (༢༠༢༥) སུ་བང་ཇ་ཡ། https://simple.wikipedia.org/wiki/Subang_Jaya ནང་ལས་ཐོབ་ཡོདཔ་ཨིན།
  2. 1 2 ལོ་ཡཊ་ནེཊ། (༢༠༡༤) སུ་བང་ཇ་ཡ། https://forum.lowyat.net/topic/3343583/all ནང་ལས་ཐོབ་ཡོདཔ་ཨིན།
  3. ཌེ་ཝིཌ་ཀོརོངག། (༢༠༢༣) སུ་བང་ཇ་ཡ། https://travelodium.com/things-to-do-in-subang-jaya-malaysia/ ནང་ལས་ཐོབ་ཡོདཔ་ཨིན།
  4. ཧོ་ལི་ཌི་ཕའེ། (ལོ་མེད།) སུ་བང་ཇ་ཡ། https://www.holidify.com/places/subang-jaya ནང་ལས་ཐོབ་ཡོདཔ་ཨིན།
  5. ལོ་ཡཊ་ནེཊ། (༢༠༢༥) སུ་བང་ཇ་ཡ། https://en.wikipedia.org/wiki/Subang_Jaya ནང་ལས་ཐོབ་ཡོདཔ་ཨིན།