Jump to content

སུ་ཙེའུ། རྒྱ་ནག།

Wikipedia ལས།

༉ སུ་ཙེའུ་འདི་ཤར་ཕྱོགས་རྒྱ་ནག་གི་ མངའ་སྡེ་ཇིན་སུ་གི་ཤར་ལྷོ་གི་ ཁྲོམ་ཚོགས་སྦོམ་ཅིག་ཨིན། ཁྲོམ་འདི་ཤང་ཧའེ་གི་ནུབ་བྱང་ལུ་ཀི་ལོ་མི་ཊར་ ༡༠༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། མངའ་སྡེའི་ཡན་ལག་གི་སའི་རྒྱ་ཁྱོན་འདི་ ཀི་ལོ་་མི་ཊར་གྲུ་བཞི་ ༨,༤༠༠ ཡོདཔ་ཨིན། []ཁྲོམ་འདི་མངའ་སྡེའི་ནང་ ཁྲོམ་ཚོགས་སྦོམ་ཤོས་ཨང་གཉིས་པ་ཨིནམ་དང་ ཨང་དང་པ་འདི་ནཱན་ཇིང་འདི་ཨིན་པས། སུ་ཙེའུ་འདི་ཡང་ཙེ་གཙང་ཆུ་གྱེས་སའི་ས་ཁོངས་ལས་ཕར་ཆགས་ཡོད་མི་དེ་ཡང་ ཡང་ཙེ་གི་མཇུག་ཁ་ཐུག་དང་ཏའེ་མཚོ་གི་འགྲམ་ལུ་ཆགས་ཡོདཔ་ཨིན།[] ཁྲོམ་འདི་མངའ་སྡེའི་ཡན་ལག་ཅིག་ཨིནམ་དང་ མངའ་སྡེའི་ཡན་ལག་འདི་ བདག་སྐྱོང་གི་གནས་རིམ་གཉིས་པ་ཨིན་པས། ཁྲོམ་ཙང་ཙ་ཡོད་མི་ཁྲོམ་ངོ་མའི་ནང་མི་རློབས་ ས་ཡ་ ༤.༣༣ ཡོདཔ་དང་ སྤྱི་ལོ་ ༢༠༡༥ ལུ་ ཡན་ལག་མངའ་སྡེའི་མི་རློབས་ཡོངས་བསྡོམས་ ༡༠,༦༥༨,༠༠༠ ཡོདཔ་སྦེ་ཨིན་པས། གནམ་རིམ་གཉིས་པ་དེ་ནང་ ཚོ་ཁག་ ༡༡ ཡོདཔ་ཨིན་པས། ཁྲོམ་འདི་ དང་ཕུའི་མངའ་སྡེའི་ལྟེ་བ་ཅིག་ཨིནམ་དང་ སྤྱི་ལོ་མ་ཐོན་པའི་སྔོན་ལོ་ ༥༡༤ ལུ་འུ་མངའ་སྡེའི་རྒྱལཔོ་ ཧེར་ལི་བོ་གིས་གཞི་བཙུགས་གནང་ཡོདཔ་ཨིན། རྒྱལཔོ་དང་རྒྱལ་ཆེན་ཚུ་གིས་ གནམ་བྱཱར་ ངལ་སང་སའི་ལྟེ་བ་དང་ཚོང་འབྲེལ་ཡོད་སའི་ ས་ཁོངས་ཅིག་སྦེ་སྡོད་ཡོདཔ་ཨིན།[]

སུ་ཙེའུ་ཁྲོམ་ཚོགས་འདི་ཡ་མཚན་ཆེ་བའི་ཁྲོམ་ཚོགས་ཅིག་ཨིན་མི་དེ་ཡང་ ཁྲོམ་ཁར་འཆར་གཞི་སྤུས་དག་དང་ལེགས་ལོམ་སྦེ་བརྩམས་བརྩམས་ཏེ་བཟོ་བཀོད་ལེགས་ཤོམ་སྦེ་བཟོ་བའི་ གཡུར་ཆེན་ཚུ་ཡོདཔ་ཨིན་པས། དེ་བཟུམ་སྦེ་ཟམ་དང་ ལྷ་ཁང་དང་སྔར་སྲོལ་གྱི་ལྡུམ་ར་མཛེས་ཆ་དང་ལྡན་མི་དང་དགའ་ཏོག་ཏོ་ཡོད་མི་ཚུ་ཡོདཔ་ཨིན། ལྡུམ་ར་ཚུ་ལོ་ངོ་བརྒྱ་གི་ཧེ་མ་ ཕྱུགཔ་དང་དཔོན་ཚུ་གིས་བཟོ་སྟེ་དབང་ཡོདཔ་ཨིན། ཁྲོམ་ཚོགས་འདི་སེ་ཤུད་བཏོན་མི་དང་བཟོ་སྐྲུན་འབད་མིའི་ལྟེ་བ་ཅིག་ཨིན་པས། ཁྲོམ་འདི་འཛམ་གླིང་སྤྱི་ཚོགས་ཤེས་ཡོན་ཚན་རིག་དང་ལམ་སྲོལ་ལས་སྡེའི་ཐོ་ནང་ འཛམ་གླིང་གི་སྔར་ཁྱུན་ས་ཁོངས་ཅིག་སྦེ་ཚུད་དེ་ཡོདཔ་ཨིན། []དེ་ལས་ས་ཁོངས་ཚུ་ནང་ མཚོ་དང་ གཙང་ཆུ་ རྫིང་ མཚོའི་ཤར་ཕྱོགས་ཀྱི་འགྲམ་ལུ་ མཐོང་སྣང་ཆེཝ་དང་མཛེས་པའི་སྤོ་ཏོ་ཚུ་ཡང་མཐོང་སར་ཡོདཔ་ཨིན། དེ་མ་ཚད་ ཁྲོམ་འདི་ འཛམ་གླིང་ནང་གི་སྒྲིང་ཁྱིམ་རིང་ཤོས་ཀྱི་གྲས་ལས་ཅིག་ཨིན་མི་ ཐོག་ ༩༥ འབད་མི་ སུ་ཙེའི་རྒྱལ་སྤྱི་དངུལ་འབྲེལ་གྲུ་བཞི་དེ་ཡོདཔ་ཨིན། དེ་ལས་ས་ཁོངས་ནང་ ཐོན་ཁུངས་ཆེ་བའི་སོ་ནམ་ཞིང་ལཱ་འབད་མི་ཡང་ཡོདཔ་དང་ ལྟེ་བ་ཅིག་སྦེ་རྩི་དོ་ཡོདཔ་ཨིན། རྒྱ་མི་གི་དཔེ་གཏམ་ནང་ལས་ ལྷའི་ཡུལ་ལུ་ཞིང་ཁམས་དང་ འཛམ་བུ་གླིང་ནང་ཧང་ཇུའོ་དང་སུ་ཙེའུ་ཡོད་ཟེར་སླབ་སྲོལ་ཡོདཔ་ཨིན་པས། སྔ་རབས་ཁྱུན་བཟང་གི་ལྡུམ་ར་དང་ སྔར་སྲོལ་གྱི་ཆུ་མཐའི་བཟོ་བཀོད་དང་ སྔར་སྲོལ་གྱི་རོལ་གར་ཚུ་ཡོངས་གྲགས་ཡོདཔ་ཨིན། ཁྲོམ་འདི་ཆུའི་ཁྲོམ་ཟེར་བཤད་དོ་ཡོདཔ་ཨིན། []

  1. ཝི་ཀི་པི་ཌི་ཡ། (༢༠༢༥) སུ་ཙེའུ། https://simple.wikipedia.org/wiki/Suzhou ནང་ལས་ཐོབ་ཡོདཔ་ཨིན།
  2. བིརི་ཊ་ནི་ཀ། (༢༠༢༥) སུ་ཙེའུ། https://www.britannica.com/place/Suzhou ནང་ལས་ཐོབ་ཡོདཔ་ཨིན།
  3. 1 2 ཅཱའེ་ན་ཧའེ་ལའེཊ། (ལོ་མེད།) སུ་ཙེའུ་ལམ་འགྲུལ་ལམ་སྟོན། https://www.chinahighlights.com/suzhou/ ནང་ལས་ཐོབ་ཡོདཔ་ཨིན།
  4. ཝི་ཀི་པི་ཌི་ཡ། (༢༠༢༥) སུ་ཙེའུ། https://en.wikipedia.org/wiki/Suzhou ནང་ལས་ཐོབ་ཡོདཔ་ཨིན།
"https://dz.wikipedia.org/w/index.php?title=སུ་ཙེའུ།_རྒྱ་ནག།&oldid=39677" ལས་ སླར་འདྲེན་འབད་ཡོདཔ།