Jump to content

སེ་ཤེལ་སི། The Seychelles

Wikipedia ལས།

ས་ཆ་དང་རྒྱ་ཚད།

སེ་ཤེལ་འདི་ རྒྱ་གར་རྒྱ་མཚོའི་ནང་ལུ་ ཨཕ་རི་ཀ་གི་ས་གནས་གཙོ་བོ་ལས་ ཤར་ཁ་ཐུག་ལུ་ ཀི་ལོ་མི་ཊར་༡༥༠༠ དེ་ཅིག་གི་ས་ཁར་ མཚོ་གླིང་ རྒྱལ་ཁབ་ཅིག་ཨིན་མས། མཚོ་གླིང་༡༥༥ ཡོདཔ་ད་ འདི་གི་ནང་ལས་ མ་ཧེ་(Mahé་) འདི་ མཚོ་གླིང་སྦོམ་ཤོས་དང་ མི་རློབས་མང་ཤོས་ཅིག་ ཡོདཔ་ཨིན་མས། ས་ཆའི་རྒྱ་ཁྱོན་ཡོངས་བསྡོམས་ཀི་ལོ་མི་ཊར་ ༤༥༧ ཡོདཔ་ད་ ས་ཆའི་རྒྱ་ཁྱོན་གྱི་ཐད་ལས་ ཨཕ་རི་ཀའི་ རྒྱལ་ཁབ་ཆུང་ཤོས་ ཅིག་ཨིན་མས།[]

གནམ་གཤིས།

སེ་ཤེལ་ལུ་ གནམ་གཤིས་ཚ་དྲོད་དང་ལྡནམ་འབད་ཡོདཔ་ལས་ ས་སྒོ་འདི་ནང་ གནམ་གཤིས་དགའ་ཏོག་ཏོ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ནང་ལུ་ ཆར་ཆུ་གི་དུས་ཚོད་ཁག་གཉིས་ཡོདཔ་ཨིན་མས། དེ་ཡང་ བྱང་ནུབ་ཀྱི་ཆར་ཆུ་ སྤྱི་ཟླ་༡༢ པ་ལས་ སྤྱི་ཟླ་༣ པ་ཚུན་དང་ ཤར་ལྷོ་ཁ་ཐུག་གི་ཆརཔ་ སྤྱི་ཟླ་༥ པ་ལས་ སྤྱི་ཟླ་༩ པ་ཚུན་ཨིན་པས། འཛམ་གླིང་རྒྱས་བཤད་ནང་ལུ་ རྡོ་རིང་དང་ བྱེམ་གྱི་མཚོ་གླིང་ཚུ་ཡོདཔ་ད་ དེ་ནང་ སྔོ་ཤིང་དང་ མཚོ་ཡི་སྲོག་ཆགས་མ་འདྲཝ་ཚུ་ཡོདཔ་ཨིན་མས།[]

ཧེ་མའི་འབྱུང་རབས་དང་མི་རིགས།

སེ་ཤེལ་སི་འདི་ནང་ དུས་རབས་༡༦་ཚུན་ མི་གི་གཞི་བཅག་ར་མེདཔ་ཨིན་མས། དུས་རབས་༡༦ པའི་ནང་ (Portuguese) གིས་ འགོ་དང་པ་ ས་སྒོ་འདི་མཐོང་འབད་ངོས་འཛིན་འབད་བའི་ཤུལ་ལུ་ ཕེརེནཆི་ French་ གིས་ སྤྱི་ལོ་༡༧༥༦ ལུ་ མཚོ་གླིང་འདི་ཐོབ་བརྗོད་བཀོད་ཡོདཔ་དང་ དེ་གི་ཤུལ་ལས་ སྤྱི་ལོ་༡༨༡༤ ལུ་ བིརི་ཊིཤ་ (British་) གིས་དབང་དུ་བསྡུ་ཡོདཔ་ཨིན་མས། ཨིན་རུང་སྤྱི་ལོ་༡༩༧༦ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ སེ་ཤེལ་གྱིས་ ཡུ་ནའི་ཊེཊ་ཀིང་ཌོམ་ (United Kingdom་) ལས་རང་དབང་ཐོབ་ནུག། མི་རིགས་འདི་ ཕཱརན་སི་དང་རྒྱ་གར་ རྒྱ་ནག་ དེ་ལས་ ཨ་རབ་ཀྱི་མི་སྡེ་ཚུ་སླ་བསྲེས་རྐྱབ་ཡོདཔ་ཨིན་མས།[]

ཝིག་ཊོ་རི་ཡ། Victoria. The Capital City of Seychelles.

ཝིག་ཊོ་རི་ཡ་འདི་ མཧེ་གླིང་ཕྲན་གྱི་བྱང་ཤར་མཚོ་འགྲམ་ལུ་ཆགས་ཏེ་ཡོད་མི་ སེ་ཤེལ་གྱི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན་མས། སྤྱི་ལོ་༡༧༧༨ ལུ་ ཕཱརནསི་གི་དབང་འོག་བཙུགས་མི་ཚུ་གིས་ གཞི་བཙུགས་འབད་ཡོདཔ་དང་ སྤྱི་ལོ་༡༩༠༣ ལུ་ རྒྱལ་ས་ལྟེ་བ་ལུ་འགྱུར་ཡོདཔ་ཨིན་མས། སྤྱི་ལོ་༡༨༤༡ ལུ་ རྒྱལ་བཙུན་ཝིག་ཊོ་རི་ཡ་གི་མིང་ཐོག་ལས་འབད་ རྒྱལ་ས་ལྟེ་བ་གི་མིང་བཏགས་བཏགསཔ་ཨིན་མས།

སྤྱི་ལོ་༢༠༡༠ ཚུན་ ཁྲོམ་སྡེ་འདི་ནང་ མི་རློབས་༢༦༤༥༠ ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ཀྱི་མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༢༦.༦༦ དེ་ཅིག་ཡོདཔ་ཨིན་པས། ཆོས་ལུགས་གཙོ་བོ་འདི་ ཡེ་ཤུའི་ཆོས་ལུགས་ཨིནམ་ད་ འདི་ནང་ རོ་མཱན་ཀེ་ཐོ་ལིག་དང་ ཨེང་ལི་ཀཱན་མི་སྡེ་གཉིས་ཆ་ར་ཡོདཔ་མ་ཚད་ ཧིན་དུའི་ཆོས་ལུགས་དང་ ཨིསི་ལམ་ཡང་ཡོདཔ་ཨིན་མས།

གཞུང་འབྲེལ་སྐད་ཡིག་ཚུ་ཡང་ སེ་ཅེ་ལོ་ཨིསི་ཀིརིའོ་ལི་ (Seychellois Creole) དང་ཨིང་ལིཤ་ དེ་ལས་ ཕཱརེནཆི་ཚུ་ཨིན་མས། ཤེས་རིག་འདི་ ཤེས་རིག་ལྷན་ཁག་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ སེ་ཤེལ་གཙུག་ལག་སློབ་སྡེ་ མོན་ཊི་ཕི་ལུ་རི་ (Mont Fleuri) གཙུག་སྡེ་ཚུ་ཡོདཔ་ཨིན་མས།

ཝིག་ཊོ་རི་ཡ་འདི་ བེལ་ཨེ་ཡར་ (Bel Air) དང་ མོན་ཕི་ལུ་རི་ (Mont Fleuri) དེ་ལས་ སེནཊ་ལུའུས་ (Saint Louis) རྩིས་ཏེ་ རྫོང་ཁག་ཚུ་ནང་ དབྱེ་སྟེ་ཡོདཔ་ཨིན་མས། སྲིད་དོན་ལམ་ལུགས་འདི་ ཚོགས་པ་སྣ་ཚོགས་ཀྱི་དམངས་གཙོའི་རིང་ལུགས་ཅིག་ཨིནམ་ད་ སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ གཞུང་གི་འགོ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་མས།

ཁྲོམ་གྱི་དཔལ་འབྱོར་དེ་ཡང་ གཙོ་བོ་ར་ ལྟ་བཤལ་དང་ཉ་ཚོང་ སོ་ནམ་ཐོན་སྐྱེད་ དེ་ལས་ བཟོ་གྲྭ་ཆུང་བ་ཚུ་ ལུ་བརྟེན་དོ་ཡོདཔ་ད་ བཟོ་གྲྭ་གཙོ་བོ་ཚུ་ཡང་ བེ་ནི་ལ་ (vanilla) དང་ཀོ་ཀོ་ནཱཊ་ (coconut) ཐོན་སྐྱེད་ ཉའི་བཟོ་གྲྭ་ཚུ་ཨིན་པས།[]

མི་རློབས་དང་ཆོས་ལུགས།

སྤྱི་ལོ་༢༠༢༤ ཚུན་ སེ་ཤེལ་ལུ་ མི་རློབས་༡༢༡༣༥༥ ཡོདཔ་སྦེ་ ཚོད་དཔག་འབད་ཡོདཔ་ཨིན་མས། མང་ཤོས་ཅིག་གིས་རང་ ཡེ་ཤུ་པའི་ ཆོས་ལུགས་ འཛིན་དོ་ཡོདཔ་ད་ བརྒྱ་ཆ་༧༤.༩ དེ་ཅིག་གིས་ རོ་མཱན་ཀེ་ཐོ་ལི་ཟམ་གྱི་ ཆོས་ལུགས་འདི་འབདཝ་ལས་ འདི་སྦོམ་ཤོས་ཅིག་ཨིན་མས། ཆོས་ལུགས་ གཞན་ཚུ་ཡང་ ཧིན་དུའི་ཆོས་ལུགས་ བརྒྱ་ཆ་༥.༤ དང་ ཨིསི་ལམ་ཆོས་ལུགས་ བརྒྱ་ཆ་༢.༤ དེ་ཅིག་ཡོདཔ་ཨིན་མས།

རིག་རྩལ།

སེ་ཤེལ་སི་ གི་ལམ་སྲོལ་འདི་ (African) དང་ (French) དེ་ལས་ (Indian) དང་རྒྱ་ནག་གི་ལམ་སྲོལ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་མས། འདི་བཟུམ་གྱི་ ལམ་སྲོལ་སྣ་སྨང་འདི་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ དུས་སྟོན་ཚུ་ནང་ མཐོང་ཚུགསཔ་ཨིན་མས། རང་ལུགས་ཀྱི་སྙན་ཆ་ནང་ (‘moutya’) དང་ (‘sega’) གི་ཞབས་ཁྲ་ཚུ་ཚུདཔ་ཨིནམ་ད་ ལོ་བསྟར་ (‘Festival Kreol’) ནང་ (Creole) གི་སྲོལ་ཁྱུན་ཚུ་ བརྩི་སྲུང་ འབདཝ་ཨིན་མས། དུས་སྟོན་གྱི་སྐབས་སུ་ ལག་བཟོཔ་ཚུ་གིས་ ཐགས་འཐག་པའི་ བཱསི་ཀེཊ་དང་ ཤིང་གི་བརྐོས་རིས་བཟུམ་གྱི་ ལག་བཟོ་ཚུ་ བཟོ་བསྐྲུན་འབད་དེ་ ས་གནས་ཀྱི་ལག་བཟོ་ཚུ་ སྟོན་དོ་ཡོདཔ་ཨིན་པས།[]

གྱོན༌ཆས།

རང་ལུགས་ཀྱི་གྱོན་ཆས་འདི་ གནམ་གཤིས་གནས་སྟངས་དང་སྟུན་གྱོནམ་ཨིནམ་ད་ རང་སོའི་སྔར་སྲོལ་ལམ་ལུགས་ཀྱི་ གྱོན་ཆས་ཡང་ གྱོན་དོ་ ཡོདཔ་ཨིན་མས། ཨམ་སྲུ་ཚུ་གིས་ འཕྲལ་འཕྲལ་རང་ གྱོན་ཆས་འཇམ་པོ་དང་ ཚོས་གཞི་མ་འདྲཝ་སྦེ་ གྱོནམ་ད་ ཕོ་སྐྱེས་ཚུ་གིས་ གྱོན་ཆས་ ལགཔ་ཐུང་ཀུ་དང་ དོརམ་ཐུང་ཀུ་ཚུ་ གྱོནམ་ཨིན་པས། དུས་སྟོན་ཚུ་གི་སྐབས་ལུ་ རང་ལུགས་ཀྱི་གྱོན་ཆས་མ་འདྲཝ་དང་ ལམ་སྲོལ་ མ་འདྲཝ་ ཚུ་མཐོང་ཚུདཔ་ཨིན་མས།[]

རྩེད་རིགས།

སེ་ཤེལ་ལུ་ རྐང་རྩེད་འདི་ ཡོངས་གྲགས་ཅན་གྱི་རྩེད་རིགས་ཅིག་ཨིནམ་ད་ ཀིརི་ཀེཊ་དང་ བོ་ལི་བཱོལ་ཚུ་ཡང་ ཁྱབ་ཆེཝ་སྦེ་རྩེད་དོ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ནང་ རྩེད་རིག་ལེགས་ཤོམ་ཡོད་པའི་ མིང་གཏམ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ནང་ མཚོའི་མཐའ་འཁོར་གནས་སྟངས་ལས་བརྟེན་ ཆུ་རྩེད་དང་ ཆུ་ནང་འཛུལ་ནི་བཟུམ་གྱི་ རྩེད་རིགས་ཚུ་ཡང་ ཡོངས་གྲགས་ཡོདཔ་ཨིན་པས།[]

སྐད་ཡིག་དང་ཤེས་རིག།

སེ་ཤེལ་ལུ་ གཞུང་འབྲེལ་གྱི་སྐད་ཡིག་གསུམ་ཡོདཔ་ད་ དེ་ཡང་ སེ་ཤེལ་ཁི་རིའོལ་ (Seychellois Creole) ཨིང་ལིཤ་ དེ་ལས་ ཕཱརེནཆི་ཚུ་ཨིན་པས། སེ་ཅེ་ལོ་ཨིསི་ཀིརིའོ་ལི་ཡིག་ (Seychellois Creole) འདི་ ཁྱབ་ཆེ་ཤོས་སྦེ་སླབ་ཨིན་མས། ཤེས་ཡོན་གྱི་ལམ་ལུགས་འདི་ རིན་མེད་སྟོང་པ་སྦེ་ སྐྱེས་ལོ་༡༥ ཚུན་ ངེས་པར་དུ་བྱིནམ་ཨིན་མས། རྒྱལ་ཁབ་འདི་ནང་ བྲིས་ལྷག་ཤེས་ཡོན་གྱི་གནས་ཚད་མཐོ་དྲགས་ཡོདཔ་ལས་ སྤྱི་ལོ་༢༠༢༠ ལུ་ རྒས་ཤོས་ཚུ་གི་བྲིས་ལྷག་ཤེས་ཡོན་འདི་ བརྒྱ་ཆ་༩༦ ལུ་ལྷོད་དེ་ཡོདཔ་ཨིན་མས།[]

ཆབ་སྲིད་ལམ་ལུགས་དང་གཞུང་སྐྱོང་།

སེ་ཤེལ་སི་འདི་ གཅིག་མཐུན་གྱི་སྲིད་འཛིན་ སྤྱི་མཐུན་རྒྱལ་ཁབ་ཅིག་སྦེ་ལཱ་འབདཝ་ཨིན་མས། སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ གཞུང་གི་འགོ་ཁྲིདཔ་གཉིས་ཆ་ར་ ལོ་༥ གི་དོན་ལུ་ བཙག་འཐུ་འབད་དེ་ཕྱག་ཞུ་དོ་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་འདུ་འདི་ ཚོགས་ཁང་ གཅིག་འབད་མི་ཅིག་ཨིནམ་ད་ དེ་ནང་ འཐུས་མི་༣༥ ཡོདཔ་ཨིན་མས། སྤྱི་ལོ་༢༠༢༣་ལས་ཚུར་ ཝ་ཝེལ་རམ་ཀ་ལ་ཝན་ (Wavel Ramkalawan) འདི་སྲིད་འཛིན་གྱི་གོ་གནས་བཞེས་ཡོདཔ་ཨིན་མས།[]

འཛིན་སྐྱོང་།

རྒྱལ་ཁབ་འདི་ནང་ བདག་སྐྱོང་རྫོང་ཁག་༢༥ ལུ་དབྱེ་སྟེ་ཡོདཔ་ད་ རྫོང་ཁག་རེ་ལུ་ ས་གནས་གཞུང་རེ་ཡོདཔ་ཨིན།་མས། འ་ནི་རྫོང་ཁག་ཚུ་ ངོ་མ་རང་ (Mahé) དང་ (Praslin) དེ་ལས་ (La Digue) མཚོ་གླིང་ཚུ་ནང་ཆགས་ཡོདཔ་ཨིན་མས།[]

ཕྱི་འབྲེལ་མཐུན་ལམ།

སེ་ཤེལ་སི་ གིས་ འཛམ་གླིང་རྒྱལ་ཁབ་མ་འདྲཝ་ཚུ་དང་གཅིག་ཁར་ འབྲེལ་གཏོགས་འབད་དེ་ རྒྱ་གར་རྒྱ་མཚོ་ནང་ལུ་ རྒྱལ་ཁབ་སྦོམ་ཡོད་མི་ཚུ་ མར་ཕབ་འབད་ནི་གི་དོན་ལུ་ སྐུལ་ཁྱབ་བརྡ་སྤྲོད་འབད་དེ་ མཐུན་སྒྲིག་མེད་པའི་སྲིད་བྱུས་ལེགས་ཤོམ་སྦེ་ བདག་འཛིན་འཐབ་དོ་ཡོདཔ་ཨིན་མས། རྒྱལ་ཁབ་སྤྱི་མཐུན་ཚོགས་པའི་འཐུས་མི་ཅིག་ཨིནམ་མ་ཚད་ ར་ཤི་ཡ་དང་རྒྱ་གར་ རྒྱ་ནག་ དེ་ལས་ ཕཱརན་སི་བཟུམ་གྱི་རྒྱལ་ཁབ་ཚུ་དང་ མཐུན་ལམ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་གིས་ རྒྱ་གར་རྒྱ་མཚོའི་ཞི་བདེའི་ས་ཁོངས་ཀྱི་བསམ་གཞི་ཡང་ ཁྱབ་སྤེལ་འབདཝ་ཨིན་མས།[]

དཔལ་འབྱོར།

སེ་ཤེལ་སི་ ལུ་ དཔལ་འབྱོར་སྣ་ཚོགས་ཡོདཔ་ལས་ ལྟ་བཤལ་དང་ཉ་གསོ་སྐྱོང་ དེ་ལས་ མཚོ་ཁའི་ཞབས་ཏོག་ཚུ་གིས་ ཕན་ཐོགས་སྦོམ་སྦེ་རང་འབྱུང་དོ་ཡོདཔ་ཨིན་མས། སྤྱི་ལོ་༢༠༢༣ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་འདི་ ཧ་ལམ་ དྲོ་ལར་ཐེར་འབུམ་༢.༠༨༥ དང་ ཉོ་སྒྲུབ་ཀྱི་ནུས་ཤུགས་འདྲ་མཉམ་ དྲོ་ལར་ཐེར་འབུམ་༤.༡༧༥་ཨིན་པས། སེ་ཤེལ་རུ་པི་ (SCR) འདི་གཞུང་འབྲེལ་གྱི་དངུལ་ལོར་ཨིན་མས། []

དམག་སྡེ།

སེ་ཤེལ་གྱིས་ མཚོ་ཐོག་ཉེན་སྲུང་དང་ས་མཚམས་སྲུང་སྐྱོབ་ལུ་གཙོ་བོར་བསྟེན་ཏེ་ སྲུང་སྐྱོབ་དམག་སྡེ་ཆུང་ཀུ་ཅིག་ བདག་འཛིན་འཐབ་དོ་ཡོདཔ་ཨིན་མས། སེ་ཤེལ་གྱི་སྲུང་སྐྱོབ་དམག་སྡེ་ནང་ མཚོ་འགྲམ་སྲུང་སྐྱོབ་དམག་མི་དང་ མི་སེར་སྲུང་སྐྱོབ་དམག་མི་ཚུ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་གིས་ རྒྱ་གར་དང་ཡུ་ཨེསི་རྩིས་ཏེ་ རྒྱལ་སྤྱིའི་མཉམ་འབྲེལ་པ་ཚུ་དང་ མཉམ་འབྲེལ་འབད་དེ་ མཚོ་དམག་ལུ་ གདོང་ལེན་འབད་ནི་དང་ ལུང་ཕྱོགས་བརྟན་ཏོག་ཏོ་བཟོ་ནི་ལུ་ མཉམ་འབྲེལ་འབད་ཡོདཔ་ཨིན་མས།[]

ལྟ་བཤལ།

ལྟ་བཤལ་འདི་ སེ་ཤེལ་སི་ ལུ་ཡོང་དྲགས་ཡོདཔ་ད་ དེ་ཡང་ མཚོའི་མཐའ་མ་དང་ བྱ་རྒོད་ཀྱི་རྡོ་རིང་ དེ་ལས་ སྐྱེ་ལྡན་རིགས་མ་འདྲཝ་ཚུ་གིས་ ལྟ་བཤལཔ་ཚུ་ འོང་དོ་ཡོདཔ་ཨིན་མས། གཞུང་གིས་ རང་བཞིན་གྱི་སྲོལ་ཁྱུན་ཚུ་ ཉམས་སྲུང་འབད་ཐབས་ལུ་ ལྟ་བཤལ་གྱི་ལམ་ལུགས་ཚུ་ ཡུན་བརྟན་སྦེ་ ལག་ལེན་འཐབ་ཡོདཔ་ཨིན་པས། སྤྱི་ལོ་༢༠༢༣ ལུ་ ལྟ་བཤལ་ལས་སྡེ་གིས་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ནང་ ཕན་ཐོགས་ སྦོམ་སྦེ་ར་ བྱུང་ཡོདཔ་ལས་ དཔལ་འབྱོར་ལུ་ ཁག་ཆེཝ་སྦེ་ གཙིཝ་ཨིན་པས།[]

མཇུག་དོན།

སེ་ཤེལ་སི་འདི་ རང་བཞིན་གྱི་མཛེས་ཆ་དང་ལྡན་པའི་ཁར་ ལམ་སྲོལ་སྣ་ཚོགས་ཀྱི་ཕྱུག་པའི་རྒྱལ་ཁབ་ཅིག་ཨིན་མས། རྒྱལ་ཁབ་འདི་ནང་ མི་རློབས་སྙུང་འདི་འབད་རུང་ ཞི་བདེ་དང་ལྡན་པའི་རྒྱལ་ཁབ་ཅིག་ཨིནམ་མ་ཚད་ བལྟ་བཤལ་པ་ཚུ་གི་ཡང་ ལོ་རིང་ཆ་མེད་པ་ འོང་སྟེ་ དཔལ་འབྱོར་ལུ་ཕན་ཐོགས་དོ་ཡོདཔ་ཨིན་མས། []

རྒྱབ་རྟེན་ཐོ།

  1. 1 2 3 4 5 6 7 8 9 10 11 12 13 14 https://en.wikipedia.org/wiki/Seychelles
  2. https://en.wikipedia.org/wiki/Victoria,_Seychelles
"https://dz.wikipedia.org/w/index.php?title=སེ་ཤེལ་སི།_The_Seychelles&oldid=38897" ལས་ སླར་འདྲེན་འབད་ཡོདཔ།