Jump to content

སེན་ཊལ་ཨཕ་རི་ཀཱ།

Wikipedia ལས།

ངོ་སྤྲོད།

༉ སེན་ཊལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་འདི་ ཨཕ་རི་ཀའི་གླིང་ཆེན་ནང་ལུ་ཆགས་ཏེ་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ ས་ཆ་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༦༢༢,༩༨༤ ཡོདཔ་ཨིན། འདི་གིས་བྱང་ལས་ཆཌ་ བྱང་ཤར་ཁ་ཐུག་ལུ་ སུ་དཱན་ ལྷོ་ལས་ཤར་ལྷོ་ཁ་ཐུག་ལུ་སུ་ཌཱན་ དང་ ལྷོ་ལས་ཌི་ཨར་ཀོང་གོ་དང་ ལྷོ་ནུབ་ཁ་ཐུག་ལུ་ ཀོང་གོ་སྤྱི་མཐུན་རྒྱལ་ཁབ་དང་ ནུབ་ཁ་ཐུག་ལུ་ ཀེ་མེ་རུན་ཚུ་ ས་མཚམས་བགོ་བཤའ་རྐྱབ་ཨིནམ་དང་ རྒྱལ་ཁབ་འདི་ནང་བདག་སྐྱོང་ལུང་ཕྱོགས་ ༡༦ ཡོདཔ་ཨིན།

སེན་ཊལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་ཀྱི་རྒྱལ་གླུ་ “ ལ་རི་ནཱའི་ཟེ་ཡཱནསི” ཟེར་མི་འདི་ བཱར་ཐེལ་མི་བོང་གཱན་ཌ་གིས་བྲིས་ཡོདཔ་དང་ ཧར་བརཊི་པི་པར་གྱིས་བརྩམས་ཡོདཔ་ཨིན། དེ་ཡང་ སྤྱི་ལོ་ ༡༩༦༠ ཟླ་ ༥ པའི་ཚེས་ ༢༥ ལུ་ གཞུང་འབྲེལ་ཐོག་ལས་ ཆ་འཇོག་འབད་ཡོདཔ་ཨིན། རྒྱལ་ཁབ་ཀྱི་རྒྱལ་ཡོངས་སེམས་ཅན་འདི་ ཨཕ་རི་ཀ་གི་གླངམོ་ཆེ་ཨིནམ་དང་ དེ་གི་རྒྱལ་ཡོངས་གནམ་འགྲུལ་འདི་ དེ་གི་རྒྱལ་ཡོངས་གནམ་གྲུ་འདི་ ཀ་རི་ནོ་གནམ་གྲུ་ཨིན། ད་རུང་ ཀན་ཌ་འདི་ རྒྱལ་ཡོངས་ཀྱི་ བཞེས་སྒོ་དང་ ལམ་བཱ་འདི་རང་ལུགས་ཀྱི་གྱོན་ཆས་ཨིནམ་དང་ ཨོསི་རིཆ་འདི་རྒྱལ་ཡོངས་བྱ་ ཀིང་པཱེརོ་ཊི་ (ProteaCynaides) འདི་ཨིནམ་དང་ མོ་ཊེན་གུའེ་འདི་ རྒྱལ་ཡོངས་ཀྱི་ཞབས་ཁྲ་དང་ རྐང་རྩེད་འདི་ རྒྱལ་ཡོངས་རྩེད་རིགས་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན། རྒྱལ་ཁབ་ནང་ལུ་ རི་མཐོ་ཤོས་ར་ མོན་ངའུ་ཡི་ཨིནམ་དང་ ཌེ་ཝིཌ་ཌེག་ཀོ་འདི་ རྒྱལ་ཁབ་གཞི་བཙུགས་འབད་མི་དང་ ཡང་ན་ དཔའ་བོ་སྦེ་ བརྩི་དོ་ཡོདཔ་ཨིན། (སིམ་བོལ་ཧནཊ། གནམ་ལོ་མེད། སྤྱི་ལོ་ ༢༠༢༣)

ད་རུང་ སེན་ཊཱལ་ཨིན་ཊྲི་ལི་ཇིནས་ཨེ་ཇན་སི་ (༢༠༢༥) གིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ རུན་ཚུ་ ས་མཚམས་བགོ་བཤའ་རྐྱབ་ཨིནམ་དང་ རྒྱལ་ཁབ་འདི་ནང་བདག་སྐྱོང་ལུང་ཕྱོགས་ ༡༦ ཡོདཔ་ཨིན། སེན་ཊཱལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་ཀྱིས་ ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་ལུ་ དཀའ་ངལ་བྱུང་ཡོདཔ་ལས་ སྤྱི་ལོ་ ༢༠༢༢ ལུ་ མི་རྒྱལ་གོང་འཕེལ་གྱི་ གནས་རིམ་༡༩༣ ལས་ ༡༩༡ པ་ཨིན་པས། བི་བི་སི་(༢༠༢༣) དང་འཁྲིལ་བ་ཅིན་ རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༦༠  ཟླ་ ༨ པའི་ཚེས་ ༡༣ ལུ་ རང་དབང་ཐོབ་ཡོདཔ་དང་ ཌེ་ཝིཌ་ཌེག་ཀོ་གིས་ སྲིད་འཛིན་འགོ་དང་པ་སྦེ་ ཕྱག་ཞུ་ནུག། []

མི་རློབས་དང་མི་རིག་མ་འདྲཝ།

བི་བི་སི་(༢༠༢༣) དང་འཁྲིལ་བ་ཅིན་ རུན་ཚུ་ ས་མཚམས་བགོ་བཤའ་རྐྱབ་ཨིནམ་དང་ རྒྱལ་ཁབ་འདི་ནང་བདག་སྐྱོང་ལུང་ཕྱོགས་ ༡༦ ཡོདཔ་ཨིན། སེན་ཊལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་ཀྱི་མི་རློབས་འདི་ ས་ཡ་ ༥.༤ དེ་ཅིག་ཨིན་མས། འོལཌ་བེངཀ་གིས་ སྤྱི་ལོ་༢༠༢༣ ལུ་ མི་སེར་ ༥,༡༥༢,༤༢༡ དེ་ཅིག་ མི་རློབས་ཉུང་སུ་ཡོད་པའི་ རྒྱལ་ཁབ་ཅིག་སྦེ་ བཤད་ཡོདཔ་ད་ མི་རློབས་ཡར་སེང་གི་ཚད་གཞི་འདི་ བརྒྱ་ཆ་༡.༧༦ དང་ མི་ཚེའི་ཚད་གཞི་འདི་ སྤྱི་ལོ་༢༠༢༢ ལུ་ ལོ་༥༤.༤༨ ལུ་ ཐོ་བཀོད་འབད་ཡོདཔ་ཨིན། (Data Commons, n.d.). རྒྱལ་ཁབ་འདི་མི་རིགས་སྣ་ཚོགས་འཆམ་སྡོད་སའི་ས་གོ་ཡང་ཨིན་པས། མའི་གེ་ཤོན་པོ་ལི་སི་གཙུག་སྡེ་གིས་ བཱ་ཡ་(༢༨.༨%) བཱན་ཌ་(༢༢.༩%) མན་ཌི་ཇི་(༩.༩%) ས་ར་(བརྒྱ་ཆ་༩.༩) ཨེམ་བཱ་ཀ་-བཱན་ཊུ་(༧.༩%) ཨེམ་བུམ་(བརྒྱ་ཆ་༦) ངར་བཱན་ཀ་(བརྒྱ་ཆ་༥.༥) ཟན་ཌེ་ཨེན་ཛ་ཀ་ར་(༣%) དབུས་ཨཕ་རི་ཀ་རི་པབ་ལིག་(༢%) ཚུ་ཚུདཔ་ཨིན་པས། མེན་པའི་དབུས་ཕྱོགས་ཀྱི་མི་རིགས་མི་རིགས་ (༡%)།

གཞུང་སྐྱོང་གི་སྐོར།

སེན་ཊལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་འདི་ སྲིད་འཛིན་སྤྱི་མཐུན་གཞུང་གི་ལམ་ལུགས་འོག་ལུ་ལཱ་འབདཝ་ཨིན། སྤྱི་ལོ་༢༠༡༦ ཟླ་ ༣ པའི་ཚེས་༣༠ ལས་ ཕཱསི་ཊིན་-ཨར་ཅེང་ཇི་ ཊོ་ཌེ་ར་གིས་ སྲིད་འཛིན་སྦེ་ ཕྱག་ཞུ་ཡོདཔ་དང་ སྤྱི་ལོ་ ༢༠༢༢ ཟླ་༢ པའི་ཚེས་ ༧ ལས་ ཨེཕ་ཨེགསི་ལིག་མོ་ལོ་ཝ་འདི་ བློན་ཆེན་སྦེ་ ཕྱག་ཞུ་ཡོདཔ་ཨིན།. སྤྱི་ལོ་ ༡༩༦༠ ལུ་ ཕཱརན་སི་ལས་ རྒྱལ་ཁབ་རང་དབང་ཐོབ་པའི་ཤུལ་ལས་ ཌེ་ཝིཌ་ཌཀ་ཀོ་འདི་ སྲིད་འཛིན་འགོ་དང་པ་ཅིག་ཨིན་པས།

ལྷན་རྒྱས་གཞུང་ཚོགས་འདི་ སྲིད་འཛིན་གྱིས་ བསྐོ་བཞག་འབད་མི་ བློན་པོ་ཚོགས་སྡེ་གིས་ བཟོ་ཡོདཔ་ཨིན། ཁྲིམས་བཟོའི་གཟུགས་འདི་ གཞུང་འཛིན་ཚོགས་པ་གཅིག་རྐྱང་གི་གཞི་བཀོད་སྦེ་ཡོདཔ་དང་ མི་ ༡༤༠ ཡོདཔ་ཨིན། དེ་འབདཝ་ད་ འཐུས་མི་བརྒྱ་ཆ་ ༡༡.༤ རྐྱངམ་གཅིག་ ཨམ་སྲུ་ཨིན་པས།(སི་ཨའི་ཨ། གནམ་ལོ་མེད། སྤྱི་ལོ་ ༢༠༢༥)[]

འོཌ་བེངཀ་(༢༠༢༤) དང་འཁྲིལ་བ་ཅིན་ རྩ་ཁྲིམས་གསརཔ་ཅིག་ སྤྱི་ལོ་ ༢༠༢༣ ཟླ་ ༨ པའི་ནང་ ཆ་འཇོག་འབད་ཡོདཔ་དང་ ས་གནས་ཀྱི་བཙག་འཐུ་ཚུ་ སྤྱི་ལོ་ ༢༠༢༥ ལུ་ འགོ་འདྲེན་འཐབ་ནི་ཨིནམ་དང་ དེ་ཡང་ སྤྱི་ལོ་ ༡༩༨༦ ལས་ འགོ་དང་པ་ཨིན་པས། ཁྲིམས་དོན་ལམ་ལུགས་འདི་ ཕཱ་རེནསི་གི་ཞི་བའི་ཁྲིམས་ལུགས་དཔེ་སྟོན་ལུ་གཞི་བཞག་སྟེ་ཨིན་པས། སི་ཨའི་ཨེ (༢༠༢༥) དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་༣༠ ལུ་ རྒྱལ་ཡོངས་འོས་འདེམས་ཐོག་ལས་ རྩ་ཁྲིམས་ཆེན་མོ་ གསརཔ་ཅིག་ ཆ་འཇོག་གྲུབ་ཡོདཔ་དང་ སྤྱི་ལོ་ ༢༠༢༣ ཟླ་ ༨ པའི་ནང་ རྩ་ཁྲིམས་ཆེན་མོའི་ ཁྲིམས་ཁང་གིས་ ཆ་འཇོག་འབད་ཡོདཔ་ཨིན་པས།[]

སྐད་ཡིག་དང་ལམ་སྲོལ།

སེན་ཊལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་འདི་ སྐད་ཡིག་མ་འདྲཝ་ཨིནམ་ལས་ སྐད་ཡིག་མ་འདྲཝ་ ཕེརེནཆི་དང་ སང་ཧོ་ དེ་ལས་ མི་རིགས་ཀྱི་སྐད་ཡིག་མ་འདྲཝ་ཚུ་ཨིན། (སི་ཨའི་ཨེ། གནམ་ལོ་མེད། སྤྱི་ལོ་ ༢༠༢༥) ནང་བཀོད་དོ་བཟུམ་སྦེ་ སང་ཧོ་གིས་ རྒྱལ་ཡོངས་སྐད་ཡིག་སྦེ་ལཱ་འབདཝ་ཨིན་རུང་ ཕཱརནསི་གིས་ཡང་ ཁྱབ་ཆེཝ་སྦེ་སླབ་སྟེ་ གཞུང་འབྲེལ་གྱི་གནས་རིམ་བཟུང་ཡོདཔ་ཨིན། ལམ་སྲོལ་གྱི་ཐོག་ལས་ སེན་ཊལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབའདི་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ སྲུང་ཚུ་ མངམ་སྦེ་ཡོདཔ་དང་ རང་ལུགས་ཀྱི་ལག་བཟོ་དང་ རྫ་ཆས་ཚུ་གིས་ ཁག་ཆེ་བའི་འགན་ཁུར་འབག་དོ་ཡོདཔ་ཨིན། (བིའིང་ཨཕ་རིཀཱན། སྤྱི་ཚེས་མེད།) ཡ་ཀོ་མ་གི་མི་སེར་ཚུ་གི་ཞབས་ཁྲ་དང་ བཱན་ཌ་གི་འཁྲབ་སྟོན་ཚུ་གིས་ རྒྱལ་ཁབ་ཀྱི་ལམ་སྲོལ་གྱི་སྲོལ་རྒྱུན་གཏིང་ཟབ་འདི་ གསལ་སྟོན་འབདཝ་ཨིན། བིར་ཊ་ནི་ཀ (༢༠༢༥) གིས་ རང་ལུགས་ཀྱི་ལག་བཟོའི་ནང་ལུ་ ཐགས་འཐག་མི་དང་ ཤིང་གི་ཐབ་ཆས་འཇམ་ཏོང་ཏོ་ བརྐོ་མི་ རྫ་ཆས་དང་ སྙན་ཆའི་ལག་ཆས་ བཱ་ལ་ཕོན་བཟུམ་གྱི་ ལག་བཟོ་རྙིངམ་ཚུ་ཨིནམ་སྦེ་བཀོད་ནུག།[]

ཆོས་ལུགས།

ཡུ་ཨེས་ཀྱི་རྒྱལ་ཁབ་ལས་ཁུངས་ (གནམ་ལོ་ཟླ་ཚེས་མེད)ཀྱིས་ མི་རློབས་བརྒྱ་ཆ་ ༥༠དེ་ཅིག་ ཡེ་ཤུ་པའི་ཆོས་ལུགས་འཛིན་མི་སྦེ་ངོས་འཛིན་འབདཝ་ཨིན་རུང་ བརྒྱ་ཆ་ ༣༥ དེ་ཅིག་ ས་གནས་ཀྱི་ཆོས་ལུགས་དང་ བརྒྱ་ཆ་ ༡༥ དེ་ཅིག་ མུ་ས་ལིམ་སྦེ་བརྩི་དོ་ཡོདཔ་སྦེ་ཨིན་མས། དེ་མ་ཚད་  སི་ཨའི་ཨེ (༢༠༢༥) དང་འཁྲིལཝ་ད་རོ་མཱན་ཀེ་ཐོ་ལིག་འདི་བརྒྱ་ཆ་ ༣༤.༦ དེ་ལས་ པོར་ཊིསི་ཊཱན་འདི་བརྒྱ་ཆ་ ༡༥.༧ དང་ ཡེ་ཤུའི་ཆོས་ལུགས་གཞན་འཛིན་མི་ བརྒྱ་ཆ་ ༢༢.༩ དང་ མུ་ས་ལིམ་བརྒྱ་ཆ་ ༡༣.༨ མི་རིགས་ཀྱི་ཆོས་ལུགས་འཛིན་མཁན་ (༡༢%) བ་ཧའི་ཡི་ བརྒྱ་ཆ་ ༠.༢ དང་ ཆོས་ལུགས་ཡང་ན་ ཆད་ལྟ་བ་ (༠.༧%) ཚུ་ཚུདཔ་ཨིན་པས།[]

དཔལ་འབྱོར།

སེན་ཊལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་འདི་ རང་བཞིན་ཐོན་སྐྱེད་མངམ་ཡོད་རུང་ དབུལ་ཕོངས་ཚབས་ཆེ་བའི་ དཀའ་ངལ་ཚུ་ འབྱུང་དོ་ཡོདཔ་ཨིན། སི་ཨའི་ཨེ (༢༠༢༥) གིས་སྙན་ཞུ་འབད་མི་དང་འཁྲིལ་ རྒྱལ་ཁབ་ཀྱི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ སྤྱི་ལོ་ ༢༠༢༣ ལུ་ ཌོ་ལར་ ༡༡༠༠ ཨིན་པས།

འོཌ་བེངཀ་ (༢༠༢༤) གིས་ སྤྱི་ལོ་ ༢༠༢༣ ལས་ དཔལ་འབྱོར་དེ་ མར་ཕབ་འགྱོ་སྟེ་ཡོདཔ་དང་ དེ་ཡང་ སྤྱི་ལོ་ ༢༠༢༤ གི་ ལོ་ཕྱེད་ནང་ གསེར་གྱི་ཐོན་སྐྱེད་ བརྒྱ་ཆ་ ༡༣ མར་ཕབ་འགྱོ་མི་ལུ་བརྟེན་ཨིན་པས། ད་རུང་ གློག་མེ་བཟོ་སྐྲུན་འབད་མི་ དམའ་ཤོས་ཅིག་གིས་ གེ་རེཏ་ཊར་བྷང་གི་གི་ གློག་མེ་བཀག་ཆ་འབད་མི་ལུ་བརྟེན་ཨིན་པས། སྤྱི་ལོ་ ༢༠༢༤ ལུ་ རྒྱལ་ཡོངས་ནང་འདྲེན་གྱི་ ཡར་འཕར་འདི་ བརྒྱ་ཆ་ ༠.༧ ཨིནམ་དང་ འདི་གིས་ སྤྱི་ལོ་ ༢༠༢༣ གྱི་ ཡར་འཕར་གྱི་ཚད་གཞི་དང་ རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ འོས་འབབ་ཚུ་ མར་ཕབ་འགྱོ་དོ་ཡོདཔ་ཨིན།

སི་ཨའི་ཨེ (༢༠༢༥) གིས་ སྤྱི་ལོ་ ༢༠༢༢ ལུ་ སེན་ཊལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་ཀྱི་ཕྱིར་ཚོང་ལུ་ དངུལ་ཀྲམ་ས་ཡ་ ༢༩༣.༠༧༤ ལུ་ལྷོད་ཡོདཔ་དང་ ནང་འདྲེན་འདི་ དངུལ་ཀྲམ་ས་ཡ་ ༧༨༤.༦༦༩ ལུ་ལྷོད་དེ་ཡོདཔ་སྦེ་ཨིན་མས། ཕྱིར་ཚོང་གི་ཅ་ཆས་ཚུ་ཡང་ གསེར་དང་ཤིང་ རྡོ་རྗེ་ཕ་ལམ་ སྣུམ་འཁོར་གྱི་ཆ་ཤས་དང་ ཀ་བལ་ཚུ་ཨིནམ་དང་ ནང་འདྲེན་འབད་མི་ཚུ་ཡང་ ས་སྣུམ་དང་ སྣུམ་འཁོར་ དེ་ལས་ ཐུམ་སྒྲིལ་གྱི་སྨན་རིགས་ སྨན་ཁབ་དང་ མཛོད་ཁང་ དེ་ལས་ མཚོན་ཆ་ཡོད་པའི་སྣུམ་འཁོར་ཚུ་ཨིན་པས།[]

སེན་ཊལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་ཀྱི་མངའ་སྡེའི་སྐོར།

སེན་ཊཱལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ལུ་ མི་རློབས་ ༦༩༠༠༠༠ དེ་ཅིག་ཡོདཔ་ཨིན། འདི་ཡང་ ཡུ་བང་གི་གཙང་ཆུ་གི་བྱང་ཕྱོགས་ལུ་ཆགས་ཏེ་ཡོདཔ་དང་ མགྱོགས་དྲགས་སྦེ་འགྱོ་བའི་བསྒང་ལས་ ཚོང་འབྲེལ་གྱི་དོན་ལུ་ གྲུ་གཏང་ནི་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་མས། (གརིན་ཌ། ༢༠༡༢)

སྤྱི་ལོ་ ༡༨༨༩ ལུ་ ཕཱརནསི་གི་ས་ཁོངས་ཅིག་སྦེ་གཞི་བཙུགས་འབད་ཡོདཔ་དང་ བྷང་གི་གིས་ ཡུ་བང་གི་གཙང་ཆུ་བདའ་སྟེ་ ས་གོ་ནང་ལས་ མིང་འདི་ཐོབ་ཡོདཔ་ཨིན། སེན་ཊཱལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་ཀྱི་མི་རློབས་མང་ཤོས་ར་ བྷང་གི་དང་ ཉེ་འདབས་ཀྱི་ས་གནས་ཚུ་ནང་ ཡོདཔ་ཨིན་པས།

ཁྲོམ་སྡེ་གིས་ ཡུ་བང་གི་གཙང་ཆུ་གིས་ ཡར་རྒྱས་གཏང་ནི་དང་ སྐྱེལ་འདྲེན་གྱི་ལམ་ཚུ་བྱིན་ནི་དང་ ས་མཚམས་ཀྱི་ཉེ་འདབས་ལུ་ཡོད་པའི་ ལུང་ཕྱོགས་ཀོང་གོ་ཚུ་ལུ་ ཚོང་འབྲེལ་ཚུ་ ཡར་དྲག་གཏང་ནི་ལུ་ ཁག་ཆེ་བའི་ འགན་ཁུར་འབག་ཡོདཔ་ཨིན་པས། དེ་མ་ཚད་ སེན་ཊཱལ་ཨཕ་རི་ཀཱན་མི་སེར་རྒྱལ་ཁབ་ནང་ བདག་སྐྱོང་ལུང་ཕྱོགས་ ༡༦ གི་གྲས་ལས་ བྷང་གི་འདི་ཡང་ གཅིག་ཨིན།

ལྟ་བཤལཔ་ཚུ་གི་དོན་ལུ་ བྷང་གི་གིས་ ཀ་ཐེ་ཌལ་ནོ་ཊར་ཌེམ་(ཡེ་ཤུའི་ལྷ་ཁང་སྦོམ་ཤོས)། བྷང་གི་གི་རྒྱལ་ཡོངས་འགྲེམས་སྟོན་ཁང་། ཡུ་བང་གི་གཙང་ཆུ། ཊི་རིའུམ་ཕི་གི་ཨཱརཊ་དང་ པཱརཀ་རྒྱལ་ཡོངས་བང་གུའི་ཨེམ་པོ་ཀོ་(རྒྱལ་ཡོངས་གླིང་ག) ཚུ་རྩིས་ཏེ་ མཐོང་སྣང་མ་འདྲཝ་ཚུ་ བཀྲམ་སྟོན་འབདཝ་ཨིན།(མཨཔཔར། གནམ་ལོ་མེད། ཟླ་ཚེས་མེད།)[]

Reference

  1. BBC News. (22082023). Central African  Republic country profile. News.
  2. 1 2 https://www.countryreports.org/country/CentralAfricanRepublic.htm
  3. world bank. (1710202). The World Bank in Central African Republic. world Bank group.
  4. 1 2 https://www.worldbank.org/en/country/centralafricanrepublic/overview
  5. https://www.worldbank.org/en/country/centralafricanrepublic/overview
"https://dz.wikipedia.org/w/index.php?title=སེན་ཊལ་ཨཕ་རི་ཀཱ།&oldid=39520" ལས་ སླར་འདྲེན་འབད་ཡོདཔ།