Jump to content

སེནཊ་ཀིཊ་དང་ནེ་བིསི་གི་རྒྱལ་ཁབ།

Wikipedia ལས།

༉ ཀེ་རི་བི་ཡཱན་ལུ་ཆགས་ཏེ་ཡོད་མི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་མི་ སེནཊ་ཀིཊ་དང་ནེ་བིསི་གི དབང་དུ་བསྡུ་བའི་སྐབས་ལུ་ མགུ་རྙོག་དྲགས་དང་ བྱ་རོགས་འབད་བའི་གནོད་པ་ དེ་ལས་ རང་དབང་གི་དོན་ལུ་ འཐབ་རྩོད་འབད་མི་ཚུ་ གསལ་སྟོན་འབད་མི་ བྱུང་རབས་ཕྱུགཔོ་སྦེ་ཡོདཔ་ཨིན། མཚོ་གླིང་གཉིས་ཀྱི་མཐུན་ཚོགས་འདི་གིས་ ས་གནས་ཀྱི་ལམ་སྲོལ་དང་ ཡུ་རོ་པེན་གྱི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་མ་ཚད་ མི་སེར་ཚུ་གིས་ དཀའ་ངལ་གྱི་གདོང་ཁར་ བཟོད་བསྲན་འབད་ཚུགསཔ་སྦེ་ཡང་ ངོ་བཏོནམ་ཨིན། ས་གནས་སེནཊ་ཀིཊ་དང་ནེ་ཝིས་འདི་ ནུབ་ཕྱོགས་ཨིན་ཌི་ཡ་ལུ་ཡོདཔ་ད་ དམིགས་བསལ་གྱིས་ ཀེ་རི་བི་ཡན་མཚོ་གི་ལི་ཝརཌ་མཚོ་གླིང་ནང་ལུ་ཡོདཔ་ཨིན། དེ་ཡང་ ཕོལོ་རི་ཌ་གི་ མ་ཡ་མི་ལས་ ཤར་ལྷོ་ཁ་ཐུག་ལུ་ མའིལ་ ༢༢༠༠ དེ་ཅིག་གི་ས་ཁར་ ཨེ་ཊ་ལན་ཊིག་རྒྱ་མཚོ་དང་ ཀེ་རི་བི་ཡན་རྒྱ་མཚོ་གི་བར་ན་ ཆགས་ཏེ་ཡོདཔ་ཨིན་པས།[]

ཀོ་ལོམ་བི་ཡའི་སྔོན་གྱི་དུས་རབས་ཀྱི་ཐད་ཁར་ ཡུ་རོབ་ཀྱི་འཚོལ་ཞིབ་པ་ཚུ་གིས་ མཚོ་གླིང་འདི་ནང་ གཞི་མ་ཆགས་པའི་ཧེ་མ་ སེནཊ་ཀིཊ་དང་ནེ་བིསིལུ་ ངོ་མ་ར་ ཀཱ་ལི་ནེ་གོ་ཀེ་རིསིཔ་ (Kalinago (Caribs)) དང་ ཊེའི་ནོ་ ཨ་རཱ་ཝཀས་ (Taíno (Arawaks)) གི་མི་ཚུ་ ས་གནས་འདི་ནང་སྡོད་ནུག། སྡེ་ཚན་འདི་ཚུ་ ཉ་བཟུང་ནི་དང་ སོ་ནམ་ དེ་ལས་ མཚོ་འགྲུལ་འབད་ནི་ཚུ་ནང་ རིག་རྩལ་ཡོདཔ་ལས་ མཚོ་གླིང་འདི་གི་ རང་བཞིན་ཐོན་སྐྱེད་ཚུ་ནང་ མི་སྡེ་གོང་འཕེལ་བཏང་ནུག། ཡུ་རོབ་ཀྱི་དབང་ཚད་ཚུ་ལྷོདཔ་ད་ ཁོང་གི་ལམ་སྲོལ་དང་ མི་སྡེའི་གཞི་བཀོད་ཚུ་ རེ་འདོད་དང་རྒྱུ་ནོར་གྱི་དོན་ལུ་ འགྱུར་བཅོས་འགྱོ་དོ་ཡོདཔ་ཨིན།[]

ཡུ་རོབ་ཀྱི་དབང་སྒྱུར་དང་གཞིས་ཆགས་ཀྱི་ལོ་རྒྱུས་ཚུ་འབད་བ་ཅིན་ ཡུ་རོ་པི་ཡཱན་གྱི་འོག་ལུ་ཆགས་ཏེ་ཡོད་མི་ སེནཊ་ཀིཊ་དང་ནེ་བིསི་ གི་ལོ་རྒྱུས་འདི་ སྤྱི་ལོ་ ༡༤༩༣ ལུ་ ཀིརེསི་ཊོ་ཕཱར་ ཀོ་ལོམ་བཱས་གིས་ མཚོ་གླིང་འདི་མཐོང་ཞིནམ་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ གཏན་འཇགས་གཞི་ཆགས་མ་ཚུགས་པར་ ལོ་ངོ་བཅུ་ཕྲག་གཉིས་དེ་ཅིག་འགོར་ནུག། དེ་ལས་ སྤྱི་ལོ་༡༦༢༣ ལུ་ བིརི་ཊིཤ་གིས་ སེནཊ་ཀིཊ་ལུ་ གཞིས་ཆགས་འགོ་དང་པ་གཞི་བཙུགས་འབད་དེ་ ཀེ་རི་བི་ཡན་ལུ་ བིརི་ཊིཤ་གི་དབང་འོག་འགོ་དང་པ་ཅིག་སྦེ་ ངོས་འཛིན་འབད་ནུག། དེ་གི་ཤུལ་ལས་ ཕཱརནསི་གིས་ མཚོ་གླིང་འདི་ནང་ དོ་འགྲན་ཅན་གྱི་གནས་སྟངས་ གཞི་བཙུགས་འབད་ནུག། []

དུས་རབས་ ༡༧ པའི་ནང་ གུ་རམ་འཛུགས་སྐྱོང་འབད་ནི་འགོ་བཙུགས་མི་འདི་གིས་ མཚོ་གླིང་འདི་གི་ དཔལ་འབྱོར་ལུ་འགྱུར་བ་འགྱོ་སྟེ་ མཐར་ཐུག་ལུ་ གུ་རམ་ཐོན་སྐྱེད་འབད་མི་ དབང་འོག་གཙོ་བོ་ཅིག་སྦེ་ངོས་འཛིན་འབད་ནུག། འ་ནི་ "གུ་རམ་གྱི་གླིང་སྒྱུར་" འདི་གིས་ ལས་མི་སྦོམ་སྦེ་དགོཔ་ཐོན་ཏེ་ ཨཱཕ་རི་ཀགི་བྱ་རོགས་ཚུ་ བཙན་ཤེད་ཀྱིས་ ནང་འདྲེན་འབད་བའི་ལོ་རྒྱུས་ཡང་འདུག་། བྱ་རོགས་འབད་བའི་གནས་སྟངས་གདུག་རྩུབ་ཅན་དང་ འ་ནི་ལམ་ལུགས་ནང་ལུ་ མི་ངོ་ཚུ་ མི་རིགས་མེདཔ་བཟོ་ནི་འདི་གི་ མི་ཚེ་ནང་ལུ་ གལ་ཅན་གྱི་གནས་སྟངས་ཅིག་ལུ་འགྱུར་ནུག།[]

དུས་རབས་ ༡༩ པའི་ནང་ གུ་རམ་ཐོན་སྐྱེད་ཀྱིས་ དཔལ་འབྱོར་དབང་དུ་བསྡུ་སྟེ་ མཚོ་གླིང་འདི་ ཡར་རྒྱས་འགྱོ་སྟེ་ཡོད་རུང་ བྱ་རོགས་འབད་བའི་ ཀུན་སྤྱོད་རྣམ་གཞག་གི་གནོད་པ་ཚུ་ གཏིང་ཟབ་སྦེ་ར་ ལུས་ནུག། ཐོབ་དབང་དང་རང་དབང་གི་དོན་ལུ་ འཐབ་རྩོད་འདི་ འཕྱེལ་འགྱོ་སྟེ་ བྱ་རོགས་འབད་མི་ཚུ་གི་ནང་འཁོད་ གྱེན་ལོག་དང་ བསམ་པ་མ་རྫོགས་པའི་གནས་སྟངས་ཚུ་ ཡར་སེང་འགྱོ་ནུག།

དེ་བཟུམ་སྦེ་ སྤྱི་ལོ་ ༡༨༣༤ ལུ་ བིརི་ཊིཤ་རྒྱལ་ཁབ་ནང་ བྱ་རོགས་འབད་ནི་འདི་ རྩ་མེད་བཏང་མི་འདི་གིས་ སེནཊ་ཀིཊ་དང་ནེ་བིསིགྱི་རྒྱལ་རབས་ནང་ལུ་ དུས་ཚོད་ཁག་ཆེ་ཤོས་ཅིག་ཨིན་མས། མ་གཞི་ རང་དབང་ཐོབ་མི་འདི་གིས་ རང་དབང་བྱིན་པའི་སྐབས་ལུ་ ཧེ་མའི་བྱ་རོགས་འབད་སྡོད་མི་ཚུ་གིས་ དཔལ་འབྱོར་གྱི་རང་དབང་དང་ མི་སྡེའི་གུས་ཞབས་ཚུ་ འཚོལ་བའི་སྐབས་ལུ་ གདོང་ལེན་གསརཔ་ཚུ་ཡང་ ལེ་ཤ་ཅིག་ར་ཐོན་ནུག། འགྱུར་བ་འདི་ ལཱ་ཁག་སྦེ་ཡོདཔ་ལས་ མི་སྡེ་ནང་ ངོ་བརྒལ་དང་ འདྲ་མཉམ་མེད་པའི་གནས་སྟངས་ཚུ་ འཕྲོ་མཐུད་དེ་ར་ བྱུང་ནུག། ཨིན་རུང་ བྱ་སྟབས་མ་བདེཝ་འདི་ལུ་བརྟེན་ སེནཊ་ཀིཊ་དང་ནེ་བིསིགི་ མི་ཚུ་གི་ནང་འཁོད་ལུ་ ངོ་རྟགས་དང་མི་སྡེ་གི་འཚོར་སྣང་འདི་ ཡར་དྲག་བཏང་ནུག།

རང་བཙན་གྱི་ཕྱོགས་ལུགས་ཀྱི་ལོ་རྒྱུས་ཚུ་ཞུ་བ་ཅིན་ དུས་རབས་ ༢༠ པའི་མཇུག་བསྡུ་ཁམས་ཅིག་ཁར་ ཀེ་རི་བི་ཡན་གྱི་རྒྱལ་ཁབ་དབང་དུ་བསྡུ་བའི་སྐབས་ལུ་ རང་དབང་གཞུང་སྐྱོང་དགོ་པའི་སྐུལ་མ་འབད་མི་འདི་ ཡར་སེང་འགྱོ་ནུག། དེ་ལས་ སྤྱི་ལོ་ ༡༩༨༣ ཟླཝ་ ༩ ཚེས་ ༡༩ ལུ་ སེནཊ་ཀིཊ་དང་ ནེ་ཝིས་གཉིས་ཀྱིས་ བིརི་ཊིཤ་གི་དབང་ཚད་ལས་ རང་དབང་ཆ་ཚང་ཐོབ་སྟེ་ དུས་ཚོད་འདི་ བཟོད་བསྲན་དང་ རང་དབང་གི་འདོད་པ་ བརྩི་སྲུང་འབད་སྲོལ་ཡོདཔ་ཨིན་པས།

དེ་མ་ཚད་ རང་དབང་ཐོབ་ཞིནམ་ལས་ཚུར་ སེནཊ་ཀིཊ་དང་ ནེ་ཝིས་ཀྱིས་ མཚོ་གླིང་ཆུང་ཀུ་གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ མངའ་སྡེ་ཚུ་ལུ་ གདོང་ལེན་བྱུང་མི་ཚུ་ སེལ་ཐབས་ལུ་ ལཱ་འབད་ཡོདཔ་ཨིན་པས། མ་གཞི་ ལྟ་བཤལ་དང་སོ་ནམ་ལུ་བརྟེན་སྡོད་མི་འདི་ གལ་ཅན་ཅིག་ཨིན་རུང་ རྒྱལ་ཁབ་འདི་གིས་ དཔལ་འབྱོར་སྣ་མང་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་ཡོདཔ་ཨིནམ་དང་ དངུལ་འབྲེལ་ཞབས་ཏོག་དང་ སྐྱེ་ལྡན་ལྟ་བཤལ་ཚུ་རྩིས་ཏེ་ བཟོ་གྲྭ་གསརཔ་ཚུ་གི་ འོས་འབབ་ཚུ་ ངོས་ལེན་འབད་དེ་ འཛམ་གླིང་ཚོང་འབྲེལ་ནང་ ཡུན་བརྟན་དང་ དོ་འགྲན་ཅན་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན་པས།[]

དེ་མ་ཚད་ སེནཊ་ཀིཊ་དང་ནེ་བིསི གི་ལམ་སྲོལ་གྱི་སྲོལ་ཁྱུན་འདི་ འཕྲོ་མཐུད་དེ་རང་ ཡར་རྒྱས་འགྱོ་དོ་ཡོདཔ་ལས་ ས་གནས་ཀྱི་མི་ཁུངས་དང་ ཨེ་ཕཱིརེ་ཀེན་ དེ་ལས་ European གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་སྦེ་ཨིན་མས། དུས་སྟོན་དང་ སྙན་ཆ་ དེ་ལས་ ས་གནས་ཀྱི་ལམ་སྲོལ་ཚུ་གིས་ མཚོ་གླིང་འདི་གི་ འདས་པའི་དུས་སྐབས་མ་འདྲཝ་དང་ མི་ཚུ་གི་སེམས་ཤུགས་ཚུ་ དྲན་བསྐུལ་འབདཝ་ཨིན།

མི་རློབས་འདི་ མང་ཤོས་ཅིག་ར་ ཨེ་ཕཱིརེ་ཀ་མི་རྒྱུད་ལས་ཨིནམ་མ་ཚད་ ཤར་ཕྱོགས་རྒྱ་གར་དང་ ཡུ་རོབ་ དེ་ལས་ མི་རིགས་སླ་བསྲེ་རྐྱབ་མི་ཚུ་ཡང་ཡོདཔ་མ་ཚད་ ལམ་སྲོལ་གྱི་སྲོལ་ཁྱུན་འདི་གིས་ ས་གནས་ཀྱི་མི་དང་ ཨེ་ཕཱིརེ་ཀན་ དེ་ལས་ ཡུ་རོ་པི་ཡན་དང་ ཀེ་རི་བི་ཡན་གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་སྦེ་ཨིན་མས།

ཆོས་ལུགས་ཀྱི་ཐད་ཁར་འབད་བ་ཅིན་  མི་རློབས་མང་ཤོས་ཅིག་ར་ ཡེ་ཤུའི་ཆོས་ལུགས་འཛིན་དོ་ཡོདཔ་ད་ འདི་ཡང་ ཨེན་ཇི་ལི་ཀན་ (Anglican) ལྷ་ཁང་འདི་ ཡོངས་གྲགས་ཅན་གྱི་ཆོས་ལུགས་ཅིག་ཨིནམ་མ་ཚད་ རོ་མཱན་ ཀེ་ཐོ་ལི་སི་སཱམ་ (Roman Catholicism) བཟུམ་སྦེ་ ཆོས་ལུགས་གཞན་མི་ཚུ་ལ་ཤ་ཅིག་ར་ཡོདཔ་ཨིན་མས།

རྒྱལ་ས་ལྟེ་བ་ བཱ་སི་ཊེ་རི་ (Basseterre) འདི་ སེནཊ་ཀིཊལུ་ཆགས་ཏེ་ཡོདཔ་ལས་ རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིན། གཞན་ཡང་གལ་ཆེ་བའི་ཁྲོམ་ཚོགས་ཚུ་ ཅཱརལཱསེ་ཊཝན་ (Charlestown) (ནེ་བིསིགི་རྒྱལ་ས་ལྟེ་བ་) དང་ སེནཊ་ཀིཊལུ་ཡོད་པའི་ སེན་ཌི་པཱའིནཊ (Sandy Point) ཚུ་ཨིན། མཚོ་གླིང་ཚུ་ནང་ ཁྲོམ་ཚོགས་ཀྱི་ས་ཁོངས་ཚུ་ མང་ཤོས་ར་ མཚོའི་མཐའ་མའི་ཉེ་འདབས་དང་ གྲོང་གསེབ་ཀྱི་ས་ཁོངས་ཚུ་ དམིགས་བསལ་གྱིས་ ནང་འཁོད་ལུང་ཕྱོགས་ཚུ་ནང་ སྔར་སྲོལ་གྱི་སོ་ནམ་གྱིས་ དཔལ་འབྱོར་ནང་ ད་ལྟོ་ཡང་ འགན་ཁུར་འབག་སྟེ་ཡོདཔ་ཨིན་པས།

དེ་མ་ཚད་ སེནཊ་ཀིཊ་དང་ནེ་ཝིསི་གི་མི་རློབས་ཆུང་ཀུ་དང་ ཚད་འཛིན་ཅན་འདི་གིས་ གོ་སྐབས་དང་གདོང་ལེན་གཉིས་ཆ་ར་ གསལ་སྟོན་འབདཝ་ཨིན་མས། མི་སྡེའི་ལམ་སྲོལ་མཐུན་སྒྲིག་ཡོད་རུང་ དཔལ་འབྱོར་གྱི་ཐོག་ལས་ ལྟ་བཤལ་དང་སོ་ནམ་ལུ་བརྟེན་སྡོད་མི་དང་ གནམ་གཤིས་འགྱུར་བགྲོད་ཀྱི་ཉེན་ཁ་ དེ་ལས་ རང་བཞིན་གྱི་རྐྱེན་ངན་ རླུང་འཚུབ་བཟུམ་གྱི་ གནད་དོན་ཚུ་ཡང་ ཐོན་དོ་ཡོདཔ་ཨིན་པས།

སེནཊ་ཀིཊ་དང་ནེ་བིསིགི་བྱུང་རབས་འདི་ མི་ཚེ་གནས་ཐབས་དང་ བཟོད་བསྲན་ དེ་ལས་ བསྒྱུར་བཅོས་ཚུ་གི་སྐོར་ལས་ སེམས་ཁར་འབབ་པའི་ ལོ་རྒྱུས་ཅིག་ཨིན། མཚོ་གླིང་འདི་ནང་ལུ་ འགོ་དང་པ་སྡོད་མི་ ས་གནས་ཀྱི་ལམ་སྲོལ་ལས་ ཐོན་སྐྱེད་ཚུ་ དབང་དུ་བསྡུ་སྟེ་ རང་དབང་ཅན་གྱི་རྒྱལ་ཁབ་མ་ཐོབ་ཚུན་ཚོད་ སེནཊ་ཀིཊ་དང་ནེ་བིསིགི་འགྲུལ་སྐྱོད་འདི་གིས་ ཀེ་རི་བི་ཡན་གི་བྱུང་རབས་ནང་ལུ་ འཐབ་འཛིང་དང་རྒྱལ་ཁ་གི་བརྗོད་དོན་ཚུ་ གསལ་སྟོན་འབདཝ་ཨིན་མས། ད་རེས་ནངས་པ་ འཛམ་གླིང་ནང་ལུ་ འཕྲོ་མཐུད་དེ་ར་ ས་གོ་འདི་ བདེན་ཁུངས་བཀལ་བའི་བསྒང་ལས་ སེནཊ་ཀིཊ་དང་ནེ་བིསི་ མི་སེར་ཚུ་གི་སྟོབས་ཤུགས་དང་ ཁོང་གི་ངོ་རྟགས་བཟོ་མི་ ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་ཚུ་གི་ བདེན་ཁུངས་བཟུམ་ཅིག་སྦེ་ཡོདཔ་ཨིན།    []          

རྒྱབ་རྟེན་ཐོ།

  1. ༡.༠ ༡.༡ ༡.༢ ༡.༣ ༡.༤ ༡.༥ ༡) ནོར་ཊོན་ ཇི་ (༡༩༨༣) ལོ་ངོ་བརྒྱ་གཉིས་ཀྱི་ཤུལ་ལས་ ཨ་མི་རི་ཀའི་རང་དབང་གི་དམག་འཁྲུག་དང་ སེནཊ་ཀིཊ་དང་ནེ་བིསི་གི་རང་དབང་། ཐིག་ཁྲམ་སྒོར་རིམ་ ༧༢(༢༨༧), ༣༡༧-༣༢༧། ༢) རོ་བཱརཊ་སོན་ ཨར་ཨི་ཨེ་ (༢༠༡༧) སེནཊ་ཀིཊ་དང་ནེ་ཝིས། ས་ཆའི་གནས་སྟངས་དང་ ས་ཆའི་རྣམ་པ། ༨༥ ལས་ ༩༨། ༣) ཧ་ལི་ཌེ་ ཇེ་ཇེ་ (༢༠༡༢) སློབ་ཚན་དང་འབྲེལ་བའི་འཐབ་རྩོད་ སེནཊ་ ཀིཊས་ ནེ་བིས་ཀྱི་ཉམས་མྱོང་།