Jump to content

སེནཊ་ལུ་སི་ཡ་རྒྱལ་ཁབ།

Wikipedia ལས།

༉ ཤར་ཕྱོགས་ཀེ་རི་བི་ཡན་ལུ་ཆགས་ཏེ་ཡོད་པའི་ མཚོ་གླིང་རྒྱལ་ཁབ་ སེནཊ་ལུ་སི་ཡ་འདི་ མཛེས་སྡུག་ཅན་གྱི་ས་ཆའི་གནས་སྟངས་དང་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་ དེ་ལས་ བྱུང་རབས་ཚུ་ མཐོང་ཚུགསཔ་སྦེ་ ཡོངས་གྲགས་ཡོདཔ་ཨིན། མཚོ་གླིང་འདི་གི་བྱུང་རབས་འདི་ ས་གནས་ཀྱི་ལམ་སྲོལ་དང་ ཡུ་རོབ་ཀྱི་དབང་དུ་བསྡུ་ནི་ དེ་ལས་ ཨེ་ཕཱེརི་ཀ་གི་ལམ་སྲོལ་ཚུ་ལས་བརྟེན་ཏེ་ ད་རེས་ནངས་པའི་ སེནཊ་ལུ་སི་ཡགི་ངོ་རྟགས་འདི་ གཞན་དང་མ་འདྲཝ་ཅིག་སྦེ་ཐོན་ནུག།

ཡུ་རོ་པི་ཡན་གཞི་ཆགས་མི་ཚུ་མ་ལྷོད་པའི་ཧེ་མ་ སེནཊ་ལུ་སི་ཡ་ལུ་ ས་གནས་ཀྱི་མི་ཚུ་ གཙོ་བོ་ར་ ཨ་ར་ཝག་དང་ཀེ་རིབ་ཚུ་ སྡོད་ཡོདཔ་ཨིན་པས། ཨ་ར་ཝག་ཚུ་ མཚོ་གླིང་འདི་ནང་ འགོ་དང་པ་ སྤྱི་ལོ་ ༢༥༠ དེ་ཅིག་ཁར་ གཞི་ཆགས་ཡོདཔ་དང་ ཁོང་གིས་ སོ་ནམ་གྱི་ལམ་ལུགས་དང་ ལམ་སྲོལ་གྱི་ ཤན་ཞུགས་མ་འདྲཝ་ཚུ་ འབག་འོང་ནུག། ཤུལ་ལས་ དམག་རྐྱབ་མི་ མི་སྡེ་དང་ མཚོ་འགྲུལ་གྱི་རིག་རྩལ་ལུ་བརྟེན་ཏེ་ ཡོངས་གྲགས་ཐོན་མི་ ཀེ་རིཔསི གིས་ ཨ་ར་ཝག་ཚུ་ ཀེ་རི་བི་ཡན་ལུ་ ཧེང་སྐལ་ར་ སྐུལ་མ་འབད་ནུག། ཡུ་རོ་པེན་དང་འབྲེལ་བ་འཐབ་པའི་ཤུལ་ལས་ མར་ཉམས་འགྱོ་སྟེ་ཡོད་རུང་ མཚོ་གླིང་འདི་གི་སྐད་ཡིག་དང་ སྔར་སྲོལ་གྱི་ལོ་རྒྱུས་ཚུ་ནང་ལུ་ འ་ནཱི་ས་གནས་ཀྱི་ལམ་སྲོལ་ཚུ་གི་ཕན་གནོད་འདི་ ད་ལྟོ་ཡང་ མངོན་གསལ་ཅན་སྦེ་ར་ མཐོང་དོ་ཡོདཔ་ཨིན་མས།[]

དུས་རབས་ ༡༥ པའི་མཇུག་བསྡུ་ཁམས་ཅིག་ཁར་ སེནཊ་ལུ་སི་ཡ་འདི་ ཡུ་རོབ་ཀྱི་མི་ཚུ་གི་མཐོང་སྣང་ནང་འོང་ཡོདཔ་ཨིན། ཀིརེསི་ཊོ་ཕཱར་ ཀོ་ལོམ་བཱས (Christopher Columbus) གིས་ སྤྱི་ལོ་ ༡༥༠༢ ལུ་ འཛམ་གླིང་གསརཔ་ནང་ལུ་ མཚོ་འགྲུལ་འབད་བའི་སྐབས་ལུ་ མཚོ་གླིང་འདི་མཐོང་ཡོདཔ་ཨིན་རུང་ དུས་རབས་ ༡༧ པའི་ནང་ལས་རྐྱངམ་གཅིག་ དབང་དུ་བསྡུ་ནི་གི་དཔའ་བཅམ་ནུག། མཚོ་གླིང་འདི་ ཕེརེནཆི་དང་ བིརི་ཊིཤ་གི་བར་ན་ ཚར་ལེ་ཤ་ཅིག་ར་ ལགཔ་བརྗེ་སོར་འབད་ཡོདཔ་ལས་ ཀེ་རི་བི་ཡན་ལུ་ ཡུ་རོ་པེན་གྱིས་ དབང་ཤུགས་ཐོབ་ནིའི་དོན་ལུ་ འཐབ་རྩོད་འབད་མི་འདི་ གསལ་སྟོན་འབདཝ་ཨིན།[]

སྤྱི་ལོ་ ༡༦༥༡ ལུ་ ཕཱརནསི་གི་མི་ཚུ་གིས་ མཚོ་གླིང་འདི་ནང་ གཏན་འཇགས་གཞི་ཆགས་འགོ་དང་པ་གཞི་བཙུགས་འབད་ཡོདཔ་དང་ དུས་རབས་གཅིག་ལྷགཔ་ཅིག་གི་རིང་ལུ་ མཚོ་གླིང་འདི་ ཕཱརནསི་གི་སོ་ནམ་གྱི་ཁེ་ཕན་གྱིས་ དབང་འཛིན་འབད་ནུག། དཔལ་འབྱོར་འདི་ གེ་ཟ་འཛུགས་སྐྱོང་འབད་མི་ལུ་བརྟེན་ཏེ་ ཡར་རྒྱས་སོང་ཡོདཔ་ལས་ ལཱ་འབད་མི་ལེ་ཤ་ཡོདཔ་ལས་ བྱ་རོགས་འབད་མི་ ཨཱཕ་རི་ཀགི་མི་ཚུ་ ནང་འདྲེན་འབད་དགོཔ་ཐོན་ནུག། དེ་མ་ཚད་ སེནཊ་ལུ་སི་ཡ་གི་བྱུང་རབས་ནང་ལུ་ མི་འབོར་ཞིབ་རྩིས་ཀྱི་འགྱུར་བ་སྦོམ་སྦེ་ར་བྱུང་ཡོདཔ་དང་ འདི་ཡང་ ཨེ་ཕཱེརེ་ཀ་གི་མི་ཚུ་ མི་རློབས་མང་ཤོས་ཅིག་ལུ་འགྱུར་ཡོདཔ་ལས་ ཁོང་གི་ལམ་སྲོལ་འདི་ ས་གནས་ཀྱི་མི་ཁུངས་དང་ ཡུ་རོབ་ཀྱི་ལམ་སྲོལ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནུག།

དེ་བཟུམ་སྦེ་ སྤྱི་ལོ་༡༧༧༨ ལུ་ ཨེན་གཱོལོ་ཕེརེནཆི་ (Anglo-French) དམག་འཁྲུག་བཞི་པའི་སྐབས་ བིརི་ཊིཤ་ གིས་ སེནཊ་ལུ་སི་ཡ་གི་དབང་ཚད་འདི་ ཕེརེནཆི་ལས་ དབང་དུ་བསྡུ་ཡོདཔ་དང་ སྤྱི་ལོ་ ༡༧༨༣ ལུ་ པེ་རིསེ་གི་ཆིངས་ཡིག་བརྒྱུད་དེ་ ཐོབ་བརྗོད་བཀོད་ཡོདཔ་ཨིན། འ་ནཱི་ཕར་ཚུར་ཚད་འཛིན་འབད་མི་འདི་གིས་ མཚོ་གླིང་འདི་གི་གཞུང་སྐྱོང་དང་ལམ་སྲོལ་གྱི་ངོ་རྟགས་འདི་བཟོ་ནུག།

བིརི་ཊིཤ་གི་དབང་ཚད་འོག་ལུ་ མི་སྡེ་དཔལ་འབྱོར་གྱི་གནས་སྟངས་འདི་ འཕྲོ་མཐུད་དེ་ར་ གོང་འཕེལ་འགྱོ་སྟེ་ཡོད་རུང་ ས་གནས་ཀྱི་མི་རློབས་ཚུ་གི་ནང་འཁོད་ལུ་ ཁོང་རའི་ཐོབ་དབང་དང་ མི་ཚེའི་གནས་སྟངས་ལུ་ སེམས་མ་དགའ་བར་སྡོད་ནུག། འ་ནཱི་ཚོར་སྣང་འདི་ ངོ་རྒོལ་མ་འདྲཝ་ཚུ་ནང་ མཇུག་བསྡུ་ཡོདཔ་དང་ དེ་ཡང་ སྤྱི་ལོ་ ༡༩༣༥ ལུ་ གླ་ཆ་དམའ་ཤོས་དང་ ངང་ལག་དང་གུ་རམ་ལཱ་འབད་མི་ཚུ་གི་ ལཱ་གི་གནས་སྟངས་སྐྱོ་དྲགས་ལས་བརྟེན་ཏེ་ ངོ་རྒོལ་བྱུང་མི་འདི་ཨིནམ་དང་ ངོ་རྒོལ་འདི་ཚུ་གིས་ སྲིད་དོན་གྱི་སྐོར་ལས་ ཤེས་རྟོགས་ཡོད་པའི་ མི་སྡེ་ཅིག་ ཐོན་ཡོདཔ་ཨིན་པས།[]

དེ་བཟུམ་སྦེ་ འཛམ་གླིང་དམག་ཆེན་གཉིས་པའི་ཤུལ་ལས་ རང་དབང་གཞུང་སྐྱོང་ལུ་ འཕེལ་ཤུགས་ཡར་སེང་འགྱོ་ཡོདཔ་མ་ཚད་ བིརི་ཊིཤ་གཞུང་གིས་ རྩ་ཁྲིམས་ཆེན་མོའི་བསྐྱར་ཞིབ་འབད་དེ་ ས་གནས་ཀྱི་ངོ་ཚབ་མང་སུ་སྦེ་བཟོ་ནུག་། སྤྱི་ལོ་ ༡༩༦༧ ལུ་ སེནཊ་ལུ་སི་ཡ་གིས་ རང་དབང་གཞུང་ཐོབ་ཡོདཔ་དང་ འདི་ཡང་ མཚོ་གླིང་འདི་ རང་དབང་ཐོབ་ནིའི་དོན་ལུ་ དུས་ཚོད་ཁག་ཆེ་ཤོས་ཅིག་ཨིནམ་དང་ སྤྱི་ལོ་ ༡༩༧༩ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༢༢ ལུ་ གཞུང་འབྲེལ་དུ་ གྲུབ་ཚུགས་ནུག།

རང་དབང་ཐོབ་ཞིནམ་ལས་ཚུར་ སེནཊ་ལུ་སི་ཡ་གིས་ སྲིད་དོན་གནས་སྟངས་བརྟན་ཏོག་ཏོ་དང་ དཔལ་འབྱོར་སྣ་ཚོགས་གོང་འཕེལ་བཏང་ཡོདཔ་ཨིན། དེ་ལས་ མཚོ་གླིང་འདི་ ལྟ་བཤལ་དང་སོ་ནམ་ དེ་ལས་ དངུལ་འབྲེལ་ཞབས་ཏོག་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ལས་ རྒྱལ་ཡོངས་ནང་འདྲེན་གྱི་ ཕན་ཐོགས་གཙོ་བོ་ཅིག་ལུ་འགྱུར་ཡོདཔ་ཨིན། ད་རེས་ནངས་པ་ སེནཊ་ལུ་སི་ཡ་འདི་ འཛམ་གླིང་སྤྱི་ཚོགས་དང་ ཀེ་རི་ཀོམ་ དེ་ལས་ མཉམ་འབྲེལ་རྒྱལ་ཚོགས་ཚུ་རྩིས་ཏེ་ རྒྱལ་སྤྱིའི་ཚོགས་པ་ལེ་ཤ་ཅིག་གི་ འཐུས་མི་ཅིག་ཨིན།

ལམ་སྲོལ་གྱི་ཐད་ལུ་ མཚོ་གླིང་འདི་གིས་ ཨཱཕ་རི་ཀདང་ ཕཱརེནསི་ དེ་ལས་ བིརི་ཊིཤ་གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་སྟོནམ་ཨིན། དུས་སྟོན་ ཀཱར་ནི་ཝལ་དང་ ལ་རོསི་ཚུ་གིས་ མཚོ་གླིང་འདི་གི་ ལམ་སྲོལ་ཕྱུགཔོ་ཚུ་ བརྩི་སྲུང་འབདཝ་ཨིནམ་དང་ བཞེས་སྒོ་ཚུ་གིས་ མི་ཚུ་གི་ སྲོལ་རྒྱུན་མ་འདྲཝ་ཚུ་ གསལ་སྟོན་འབདཝ་ཨིན། བཟོ་རིགས་ཀྱི་ས་ཆའི་གནས་སྟངས་འདི་གིས་ དེང་སང་གི་གོང་འཕེལ་དང་ཅིག་ཁར་ དབང་འོག་སྲོལ་ཁྱུན་གྱི་རྟགས་མཚན་ཚུ་བཏོནམ་ཨིནམ་དང་ འདི་གིས་ འཛམ་གླིང་ནང་ལས་ ལྟ་བཤལཔ་ཚུ་འོང་བཅུག་མི་ སེམས་ཁར་འབབ་པའི་གནས་སྟངས་ཅིག་བཟོཝ་ཨིན།[]

སེནཊ་ལུ་སི་ཡ་གི་བྱུང་རབས་འདི་ ཀོ་ལོམ་བི་ཡ་གི་ཧེ་མ་ལས་ ད་རེས་ནངས་པའི་ རང་དབང་ཅན་གྱི་རྒྱལ་ཁབ་ཅིག་སྦེ་ གནས་རིམ་ཚུན་ཚོད་ ཡ་མཚན་ཅན་གྱི་འགྲུལ་སྐྱོད་ཅིག་ཨིན། ས་གནས་ཀྱི་མི་ཁུངས་དང་ ཡུ་རོབ་ དེ་ལས་ ཨེ་ཕཱེར་ཀ་གི་ཤན་ཞུགས་འདི་གིས་ མཚོ་གླིང་འདི་གི་ལམ་སྲོལ་དང་ངོ་རྟགས་ དེ་ལས་ མི་སྡེའི་བཀོད་རིས་ཚུ་ བཟོ་སྟེ་ཡོདཔ་ཨིན་མས། སེནཊ་ལུ་སི་ཡགིས་ དེང་སང་གི་འཛམ་གླིང་གི་གདོང་ལེན་ཚུ་ འཕྲོ་མཐུད་དེ་ར་ འགྲུལ་བསྐྱོད་འབད་བའི་བསྒང་ལས་ འདི་གིས་ བྱུང་རབས་ཀྱི་ ལོ་རྒྱུས་ཚུ་བརྟན་ཏོག་ཏོ་སྦེ་ བཞག་སྟེ་ འདས་པའི་དུས་ཚོད་ཀྱི་ སྙིང་པོ་འདི་གིས་ མ་འོངས་པའི་སྐོར་ལས་ བརྡ་དོན་སྤྲོད་ཚུགསཔ་སྦེ་ ངེས་གཏན་བཟོཝ་ཨིན་མས།[]

རྒྱབ་རྟེན་ཐོ།

  1. ༡.༠ ༡.༡ ༡.༢ ༡.༣ ༡.༤ ༡) ཇེམསི་ ཇི་ སེནཊ་ལུ་ཤི་ཡ་གི་ངོ་སྤྲོད། གི་ལཌ་ཇེམསི་སློབ་གྲྭ། ༢) ཇོ་སེབ་ ཊི་ཨེས་ (༢༠༡༡) སེནཊ་ལུ་ཤི་ཡ་ དབང་འོག་བཙུགས་ནི་འདི་ སྲིད་དོན་དང་ འཛམ་གླིང་ནང་ལུ་ རང་དབང་ཅན་གྱི་རིང་ལུགས། སྤྱི་ལོ་ ༡༩༤༥ ལས་ ༢༠༡༠ གི་བར་ན་ མི་སི་སི་པི་གི་གཙུག་ལག་གནས་ཚུལ་ལས་ཁང་། ༣) ཌལ་ཕི་ནིསི་ ཨེམ་ (༢༠༢༤) སེནཊ་ལུ་ཤི་ཡ་ལུ་ བྱུང་རབས་དང་སྐད་ཡིག་སྲིད་བྱུས། ཀཱོརོལ་ལི་ ལམ་སྲོལ་ དུས་དེབ་ཐེངས་ ༡ པ།  ཀིརི་ཨོལ་གྱི་ངོ་རྟགས་དང་སྐད་ཡིག་གི་ངོ་ཚབ་ (ཤོག་གྲངས་ ༡༤༧-༡༦༩)། ཅཱམ་ ཨཱེསི་པཱརིང་ཀར་རྒྱལ་སྤྱིའི་དཔེ་སྐྲུན།