Jump to content

སེར་བི་ཡ།

Wikipedia ལས།
སེར་བི་ཡའི་རྒྱལ་དར།
སར་བྷི་ཡ་གི་ས་གནས་ (ལྗང་ཁུ་གནགཔོ་) དང་ ཀོ་སོ་ཝོ་གི་རང་དབང་ཅན་གྱི་ལུང་ཕྱོགས་གསལ་བསྒྲགས་འབད་ཡོདཔ་ཨིན།

ས་ཆ་དང་སའི་རྒྱ་ཚད།

སཱར་བྷི་ཡ་འདི་ ཤར་ལྷོ་ཡུ་རོབ་དབུས་ཕྱོགས་དང་ བཱལ་ཀན་ཕྱེད་གླིང་ཕྲན་གྱི་ མཐུད་མཚམས་ལུ་ཆགས་ཏེ་ཡོད་མི་ རྒྱལ་ཁབ་ཅིག་ཨིན། བྱང་ཕྱོགས་ལུ་ཧང་གཱ་རི་དང་ ཤར་ཕྱོགས་ལུ་ རོ་མ་ནི་ཡ་དང་ བཱུལ་གེ་རི་ཡ་ ལྷོ་ཕྱོགས་ལུ་ བྱང་མ་སི་ཌོ་ནི་ཡ་ དེ་ལས་ ནུབ་ཕྱོགས་ལུ་ ཀོརོ་ཨེ་ཤི་ཡ་ བོསི་ནི་ཡ་དང་ ཧར་ཛེ་གོ་ཝི་ན་ དེ་ལས་ མོན་ཊི་ནེ་གོ་རོ་ཚུ་དང་ ས་མཚམས་ཡོདཔ་ཨིན་མས། སཱར་བྷི་ཡ་གིས་ རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་༨༨༤༩༩ ཁྱབ་སྟེ་ཡོདཔ་དང་ ལྷོ་བྱང་མཚམས་ཐིག་ ༤༡° དང་ ༤༧° བྱང་ཕྱོགས་དང་ ཤར་ནུབ་མཚམས་ཐིག་ ༡༨° དང་ ༢༣° བར་ན་ཡོདཔ་ཨིན་མས།

གནམ་གཤིས།

སཱར་བྷི་ཡ་གི་ས་ཆ་འདི་ བྱང་ཕྱོགས་ཀྱི་ (Vojvodina) ལུང་ཕྱོགས་ཀྱི་ས་ཞིང་དང་ (Pannonian Basin) གི་ཆ་ཤས་ལས་ ལྷོ་དང་ཤར་ལྷོ་ཁ་ཐུག་ལུ་ གངས་རི་དང་གངས་རི་ཅན་གྱི་ས་ཆ་ཚུན་ཚོད་ ཁྱབ་སྟེ་ཡོདཔ་ཨིན་མས། སཱར་བྷི་ཡ་གི་གནམ་གཤིས་འདི་ གནམ་བྱཱར་དྲོད་ཚ་དྲགས་ཡོདཔ་དང་ གནམ་དགུན་ལུ་ བསིལ་དྲགས་ཡོདཔ་ཨིན་མས། ཟླཝ་དང་པོའི་དྲོད་ཚད་ཆ་སྙོམས་ ༠°C (༣༢°F) ཙམ་དང་ཟླཝ་བདུན་པའི་ཆ་སྙོམས་དྲོད་ཚད་ ༢༢°C (༧༢°F) འབད་ཡོདཔ་ཨིན་མས།

འབྱུང་རབས་དང་མི་རིགས།

སཱར་བྷི་ཡ་འདི་ སྤྱི་ལོ་༡༤༥༩ ལུ་ (Ottoman) གི་དབང་ཚད་འོག་ལུ་ཚུད་དེ་ སྤྱི་ལོ་༡༨༣༠ ལུ་ རང་སྐྱོང་དང་ ༡༨༧༨ ལུ་ རང་དབང་ཐོབ་ནུག། དེ་ཡང་ ཡུ་གོ་སི་ལེ་ཝི་ཡ་ Yugoslavia (༡༩༡༨) དང་ ཤུལ་ལས་ སྤྱི་ཚོགས་རིང་ལུགས་ཡུ་གོ་སི་ལེ་ཝི་ཡ་ (༡༩༤༥-༡༩༩༢) གི་ཆ་ཤས་ཅིག་ཨིན་པས། སྤྱི་ལོ་༢༠༠༦ སྤྱི་ཟླ་༦ པའི་ཚེས་༥ ལུ་ མོན་ཊི་ནེ་གོ་གིས་ མཉམ་འབྲེལ་ལས་ ཁ་ཕྱེ་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་པའི་ཤུལ་ལས་ སཱར་བྷི་ཡ་འདི་ ལོག་སྟེ་རང་ རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ལུ་འགྱུར་ནུག།

སྤྱི་ལོ་༢༠༢༢གི་མི་རྩིས་དང་འཁྲིལ་བ་ཅིན་ སཱར་བྷི་ཡ་འདི་ མང་ཤོས་ཅིག་རང་ Serb(བརྒྱ་ཆ་༨༣.༣)དང་ དེ་གི་ཤུལ་ལས་ (Hungarian) (བརྒྱ་ཆ་༣.༥) དེ་ལས་ (Roma) (བརྒྱ་ཆ་༢.༡)དང་ མི་གཞན་མི་ཚུ་ཡང་ཡོདཔ་ཨིན་མས།[]

མི་རློབས།

སྤྱི་ལོ་༢༠༢༤ ལུ་ སཱར་བྷི་ཡ་ལུ་ མི་རློབས་ས་ཡ་༦.༦ ཡོད་པའི་ཚོད་དཔག་ཡོདཔ་ད་ དེ་ཡང་ གནས་སྤོ་འགྱོ་མི་དང་ སྐྱེས་ཚད་དམའ་ཤོས་ལས་བརྟེན་ མར་ཕབ་འགྱོ་ཡོདཔ་ཨིན་པས། རྒྱལ་ས་ལྟེ་བ་ བེལ་གྷེརཌ་ Belgrade འདི་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་དང་ ཁྲོམ་ཆེན་ས་ཁོངས་ནང་ མི་ས་ཡ་༡.༦ ལྷགཔ་ཅིག་སྡོད་དོ་ཡོདཔ་ཨིན་མས།

བེལ་གྷེ་རེཌ། The Capital City of Serbia.

སཱར་བྷི་ཡ་གི་ རྒྱལ་ས་ལྟེ་བ་དང་ཁྲོམ་སྦོམ་ཤོས་ཨིན་མི་ Belgrade འདི་ རྒྱལ་ཁབ་ཀྱི་དབུས་ཕྱོགས་ལུ་(Danube) དང་ (Sava) གཙང་ཆུ་གཉིས་ མཉམ་འཛོམས་འབད་སར་ཆགས་ཡོདཔ་ཨིན་མས། རྒྱ་ཁྱོན་ཀི་ལོ་མི་ཊར་ ༣༥༩.༩༦ ཡོད་པའི་ ཁྲོམ་འདི་ འདས་པའི་བི་སི་ཨི་ ༤༨༠༠ ལས་ འཕྲོ་མཐུད་དེ་རང་ མི་སྡོད་ཡོདཔ་ལས་ ཡུ་རོབ་ཀྱི་ཁྲོམ་རྙིང་ཤོས་ཅིག་ལུ་འགྱུར་ཡོདཔ་ཨིན་མས། སྤྱི་ལོ་༡༨༤༡ལས་ཚུར་ སཱར་བྷི་ཡ་གི་རྒྱལ་ས་ལྟེ་བ་ལུ་འགྱུར་ནུག།[]

སྤྱི་ལོ་༢༠༢༣ ལུ་ བེལ་གཱརཌ་གི་ཁྲོམ་ཚོགས་ཀྱི་མི་རློབས་འདི་ ས་ཡ་༡.༤ དེ་ཅིག་ཡོདཔ་དང་ ཁྲོམ་ཚོགས་ནང་ལུ་ མི་ས་ཡ་༡.༦ ལྷགཔ་ཅིག་སྡོད་མི་ཡོདཔ་ཨིན་མས། མི་སེར་མང་ཤོས་རང་ ཡེ་ཤུའི་ཆོས་ལུགས་འཛིན་མི་ཚུ་ཨིན་མས།སཱར་བྷི་ཡན་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ལས་ (Cyrillic) ཡི་གུ་འདི་ ཡོངས་གྲགས་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཤེས་རིག་ལུ་ བརྩི་མཐོང་སྦོམ་ཡོདཔ་ལས་ སྤྱི་ལོ་༡༨༠༨ ལུ་གཞི་བཙུགས་འབད་མི་ (Belgrade) གཙུག་ལག་སློབ་སྡེ་འདི་ གཙུག་སྡེ་གཙོ་བོ་ཅིག་ཨིན་མས།[]

བེལ་གྷེརཌ་འདི་ ཁྲོམ་སྡེ་༡༧ ལུ་དབྱེ་སྟེ་ ཁྲོམ་དཔོན་གྱིས་འགོ་འཁྲིད་འབད་དེ་ ཁྲོམ་སྡེ་ཚོགས་སྡེ་ཅིག་ཡོདཔ་ཨིན་མས། སྲིད་དོན་གྱི་ཐད་ལུ་ སཱར་བྷི་ཡ་གི་ སྤྱི་ཚོགས་ལམ་ལུགས་ལུ་གཞི་བཞགཔ་ཨིན་མས། ཁྲོམ་སྡེ་གི་དཔལ་འབྱོར་དེ་ བརྡ་དོན་འཕྲུལ་རིག་དང་ བཟོ་བསྐྲུན་ ཚོང་འབྲེལ་ དེ་ལས་ ཞབས་ཏོག་ཚུ་ལུ་བརྟེན་ཏེ་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན་མས། རང་ལུགས་ཀྱི་གྱོན་ཆས་འདི་ གཙོ་བོ་ར་ ལམ་སྲོལ་གྱི་ལས་རིམ་ཚུ་ནང་ མཐོངམ་ཚུགསཔ་ཨིན་མས།[]

ཆོས་ལུགས།


སཱར་བྷི་ཡ་ལུ་ ཆོས་ལུགས་ཁྱབ་ཆེ་ཤོས་འདི་ (Eastern Orthodox) ཡེ་ཤུའི་ཆོས་ལུགས་ཨིནམ་ད་ མི་རློབས་བརྒྱ་ཆ་༨༤.༥དེ་ཅིག་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། (Serbian Orthodox) ཡེ་ཤུའི་ལྷ་ཁང་འདི་ རྒྱལ་ཡོངས་ངོ་རྟགས་སྟོན་ནི་དང་ འདག་འཛིན་འབད་ནི་ལུ་ འགན་འཁུར་འབག་དོ་འོདཔ་ཨིན་མས། ཆོས་ལུགས་གཞན་ཚུ་ཡང་ ཀེ་ཐོ་ལིག་ (༤.༩%) དང་ མུ་ས་ལིམ་ (༣.༡%) དེ་ལས་ པྲོ་ཊེས་ཊེནཊ་ (Protestants) ཚུ་ཡོདཔ་ཨིན་མས།[]

རིག་རྩལ།

སཱར་བྷི་ཡ་གི་ལམ་སྲོལ་ནང་ལུ་ (Slavic) དང་ (Byzantine) དེ་ལས་ (Ottoman) དང་ (Central Europe) ཚུ་སླ་བསྲེ་རྐྱབ་ཡོདཔ་ཨིན་མས། སཱར་བྷི་ཡ་ལུ་ སྔར་སྲོལ་གྱི་སྙན་ཆ་དང་ཞབས་ཁྲ་ཚུ་ཡོདཔ་ལས་ རང་ལུགས་ཀྱི་སྒོར་སྒོརམ་འབད་རྐྱབ་སོའི་ཡོད་པའི་ཞབས་ཁྲ་ (kolo) ཟེར་མི་འདི་ཨིན་མས། དེང་སང་གི་འབད་བ་ཅིན་ ཡོངས་གྲགས་ཅན་གྱི་གློག་བརྙན་བཟོ་མི་ (Emir Kusturica) དང་ རྟགས་མ་ཐོབ་མི་ (Ivo Andrić) བཟུམ་གྱི་རྩོམ་བྲིས་པ་ཚུ་ཡོདཔ་ཨིན་མས།[]

གྱོན༌ཆས།

སཱར་བྷི་ཡ་གི་རང་ལུགས་ཀྱི་གྱོན་ཆས་འབད་བ་ཅིན་ ཐགས་འཐག་ཡོད་པའི་ གོས་ཐུང་དང་ བལ་གྱི་གྱོན་ཆས་ དེ་ལས་ opanci ༼ལྤགས་ཀོ་གི་ལྷམ་ཚུ་༽ ཚུ་གྱོན་དོ་ཡོདཔ་ཨིན་མས། ད་རེས་ནངས་པ་ མི་སྡེའི་འཁྲབ་སྟོན་དང་དུས་སྟོན་ཚུ་ནང་མ་གཏོགས་ གཞན་མི་གྱོན་ཆས་ཚུ་ དཀོན་དྲགས་སྦེ་གྱོན་དོ་ཡོདཔ་ཨིན་རུང་ འ་ནི་གྱོན་ཆས་ཚུ་ རྒྱལ་ཡོངས་ངོ་རྟགས་ཀྱི་རྟགས་མཚན་ཅིག་སྦེ་རང་ བཞག་དོ་ཡོདཔ་ཨིན་མས།

རྩེད་རིགས།


སཱར་བྷི་ཡ་གིས་ རྩེད་རིགས་མ་འདྲཝ་ཚུ་ཡོདཔ་ད་ དམིགས་བསལ་གྱིས་ ཊེ་ནིསི་དང་ བཱསི་ཀེཊ་བཱོལ་ རྐང་རྩེད་དང་ བོ་ལི་བཱོལ་ཚུ་ནང་ ཁྱད་དུ་འཕགས་པ་སྦེ་ཡོདཔ་ཨིན་པས། སྤྱི་ལོ་༡༩༨༧ ལུ་ བེལ་གཱརཌ་ལུ་སྐྱེས་མི་ ནོ་ཝག་ཇོ་ཀོ་བིཆ་ (Novak Djokovic) རྒྱལ་རབས་ནང་ ཊེ་ནིསི་རྩེད་འགྲན་པ་དྲག་ཤོས་ཅིག་སྦེ་ ཆ་བཞགཔ་ཨིནམ་ད་ སྤྱི་ལོ་༢༠༢༤ ཚུན་ གཱརན་ཌི་སི་ལེམ་ (Grand Slam) གི་ ངོ་འཛིན་༢༤ ཐོབ་ཡོདཔ་ཨིན་པས། སྤྱི་ལོ་༢༠༢༣ ལོའི་ ཕི་བཱ་ འཛམ་གླིང་རྐང་རྩེད་འགྲན་བསྡུར་ནང་ སཱར་བྷི་ཡ་གི་ རྒྱལ་ཡོངས་བཱསི་ཀེཊ་བཱོལ་སྡེ་ཚན་གྱིས་ དངུལ་གྱི་རྟགས་མ་ཐོབ་ཡོདཔ་ཨིན་མས།[]

སྐད་ཡིག་དང་ཤེས་རིག།


གཞུང་འབྲེལ་གྱི་སྐད་ཡིག་འདི་ (Serbian) ཨིནམ་ད་ འདི་ནང་ལུ་ (Cyrillic) དང་ (Latin) གི་ཡིག་གུ་གཉིས་ཆ་ར་ལག་ལེན་འཐབ་དོ་ཡོདཔ་ཨིན་མས། (Hungarian) དང་ (Slovak) དེ་ལས་ (Romanian) དང་ (Albanian) ཚུ་ཡང་ ལུང་ཕྱོགས་ཀྱི་ངོས་འཛིན་འབད་དེ་ཡོདཔ་ཨིན། ཤེས་ཡོན་འདི་ སྐྱེས་ལོ་༦ ལས་༡༥ ཚུན་ རིན་མེད་སྟོངམ་སྦེ་ བྱིནམ་ཨིན་མས། སཱར་བྷི་ཡ་ལུ་ སྤྱི་ལོ་༡༨༠༨ ལུ་གཞི་བཙུགས་འབད་མི་ བེལ་གཱརཌ་གཙུག་ལག་སློབ་སྡེ་རྩིས་ཏེ་ ངོས་འཛིན་ཡོད་པའི་ གཙུག་ལག་སློབ་སྡེ་ལེ་ཤ་ཅིག་ཡོདཔ་ད་ དེ་ཡང་ ཤར་ལྷོ་ཡུ་རོབ་ཀྱི་ གཙུག་ལག་སློབ་སྡེ་རྙིང་ཤོས་ཅིག་ཨིན་པས།[]

གཞུང་སྐྱོང་།


སཱར་བྷི་ཡ་འདི་ གྲོས་ཚོགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིན་མས། ད་ལྟོ་ སྲིད་འཛིན་ ཨེ་ལེགས་ཟན་ཌར་ ཝུ་ཆི་ཆི་ (Aleksandar Vučić་) རྒྱལ་ཁབ་ཀྱི་འགོ་ཁྲིདཔ་ཨིནམ་ད་ བློན་ཆེན་ མི་ལོ་སི་ ཝུ་ཆི་ཝིཆ་ (Miloš་Vučević )འདི་ གཞུང་གི་འགོ་ཁྲིདཔ་ཨིན་པས། རྒྱལ་ཡོངས་ཚོགས་འདུ་འདི་ ཚོགས་ཁང་གཅིག་འབད་མི་ ཁྲིམས་བཟོའི་གཙུག་སྡེ་ཅིག་ཨིནམ་ད་ འཐུས་མི་༢༥༠་འདི་ ལོ་༤་གི་དོན་ལས་ བཙག་འཐུ་འབད་དེ་ཡོདཔ་ཨིན་མས།[]

འཛིན་སྐྱོང་།

སཱར་བྷི་ཡ་གི་རྒྱལ་ས་ལྟེ་བ་དང་ཁྲོམ་སྦོམ་ཤོས་ (DivisionBelgrade) འདི་ སྲིད་དོན་དང་ལམ་སྲོལ་ དེ་ལས་དཔལ་འབྱོར་གྱི་ལྟེ་བ་ཡང་ཨིན་མས། རྒྱལ་ཁབ་འདི་ རྫོང་ཁག་༢༩ ལུ་དབྱེ་སྟེ་ བྱང་ཕྱོགས་ལུ་ རང་དབང་མངའ་སྡེ་ ཝོ་ཇི་ཝོ་ཌི་ན་ (Vojvodina་) ཡོདཔ་ཨིན་མས། སྤྱི་ལོ་༢༠༠༨ ལུ་ ཀོ་སོ་ཝོ་ (Kosovo) རང་དབང་ཅན་སྦེ་ གསལ་བསྒྲགས་འབད་ཡོད་རུང་ ད་ལྟོ་ཡང་ གནད་དོན་ཁ་གསལ་ཅིག་མེད་པ་ལུས་ཡོདཔ་ཨིན་མས།[]

ཕྱི་འབྲེལ་མཐུན་ལམ།

སཱར་བྷི་ཡ་གིས་ ནུབ་ཕྱོགས་དང་ཤར་ཕྱོགས་གཉིས་ཆ་ར་དང་གཅིག་ཁར་ མཐུན་ལམ་དམ་ཟབ་བཞག་སྟེ་ མཐུན་འབྲེལ་མེད་པའི་ ཕྱི་འབྲེལ་སྲིད་བྱུས་ལུ་ བརྩོན་ཤུགས་སྐྱེདཔ་ཨིན་མས། སྤྱི་ལོ་༢༠༡༢ ལས་ ཡུ་རོ་པིན་མཉམ་འབྲེལ་ཚོགས་པའི་འཐུས་མི་ཨིནམ་མ་ཚད་ འཛམ་གླིང་སྤྱི་ཚོགས་དང་ (OSCE) དེ་ལས་ (CEFTA) བཟུམ་གྱི་ལས་སྡེ་ཚུ་གི་འཐུས་མི་ཡང་ཨིན་མས། ར་ཤི་ཡ་དང་རྒྱ་ནག་གཉིས་ཀྱི་མཐུན་ལམ་འདི་ དམིགས་བསལ་གྱིས་ ནུས་ཤུགས་དང་ གཞི་རྟེན་མཐུན་རྐྱེན་ཚུ་ནང་ བརྟན་ཏོག་ཏོ་སྦེ་རང་ཡོདཔ་ཨིན་མས།[]

དཔལ་འབྱོར།

དཔལ་འབྱོར་གྱི་གཞི་རྟེན་འདི་ ཞབས་ཏོག་དང་བཟོ་གྲྭ་ དེ་ལས་ ས་ནམ་མཐུན་རྐྱེན་ཚུ་ཨིན་མས། སྤྱི་ལོ་༢༠༢༣ ལུ་ རྒྱལ་ཡོངས་ནང་འོང་འབབ་འདི་ ཧ་ལམ་ དྲོ་ལར་ཐེར་འབུམ་༦༨ དེ་ཅིག་ཨིནམ་དང་ མི་རེ་ལུ་ རྒྱལ་ཡོངས་ནང་འོང་འབབ་འདི་ དྲོ་ལར་༡༠༤༠༠ དེ་ཅིག་ཨིན་མས། སཱར་བྷི་ཡན་ཌི་ནར་ (RSD) འདི་གཞུང་འབྲེལ་གྱི་དངུལ་ལོ་ཨིན་མས། བཟོ་གྲྭ་གཙོ་བོ་ཚུ་ཡང་ སྣུམ་འཁོར་དང་འཕྲུལ་ཆས་ ཟ་འཐུང་བཟོ་གྲྭ་ དེ་ལས་ བརྡ་དོན་འཕྲུལ་རིག་ཚུ་ཨིན་པས། ཚོང་འབྲེལ་གྱི་མཉམ་འབྲེལ་པ་གཙོ་བོ་ཚུ་ཡང་ ཇར་མ་ནི་ ཨི་ཊ་ལི་ རྒྱ་ནག་ དེ་ལས་ ར་ཤི་ཡ་ཚུ་ཨིན་པས། སར་བྷི་ཡ་གི་ ཕྱི་རྒྱལ་གྱི་ཐད་ཀར་མ་རྩ་བཙུགས་མི་ལས་ ཕན་ཐོགས་བྱུང་དོ་ཡོདཔ་ད་ དེ་ཡང་ དམིགས་བསལ་གྱིས་ བཟོ་བསྐྲུན་དང་ བསྐྱར་གསོ་འབད་བཏུབ་པའི་ ནུས་ཤུགས་ཚུ་ནང་ཨིན་པས།[]

དམག་སྡེ།


སཱར་བྷི་ཡ་གིས་ ཁྱད་རིག་ཅན་གྱི་དམག་མི་ སྟོང་ཕྲག་༢༨༠༠༠ དེ་ཅིག་དང་ གཞན་ཡང་ དམག་མི་སྟོང་ཕྲག་༥༠༠༠༠ དེ་ཅིག་ གསོག་འཇོག་འབད་དེ་ཡོདཔ་ཨིན་མས། སཱར་བྷི་ཡ་གི་དམག་སྡེ་འདི་ ཞི་བའི་དབང་འཛིན་འོག་ལུ་ཡོདཔ་ལས་ སྲུང་སྐྱོབ་དང་ཞི་བདེ་སྲུང་སྐྱོབ་ཀྱི་ དམིགས་ཡུལ་ལུ་གཙོ་བོར་བསྟེནམ་ཨིན་མས། སཱར་བྷི་ཡ་འདི་ དམག་དོན་གྱི་ཐད་ཁར་ བར་ལུ་གནས་ཏེ་ཡོདཔ་ལས་ ནེ་ཊོ་གི་ འཐུས་མི་ ཅིག་ མེན་ཏེ་འབད་རུང་ ཞི་བདེ་གི་དོན་ལུ་ མཉམ་འབྲེལ་ལས་རིམ་བརྒྱུད་དེ་ མཉམ་འབྲེལ་འབདཝ་ཨིན་མས།[]

ལྟ་བཤལ།

ལྟ་བཤལ་འདི་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ ལས་སྡེ་ཅིག་ཨིནམ་ལས་ རྒྱལ་ཡོངས་ནང་འདྲེན་གྱི་ བརྒྱ་ཆ་༥ དེ་ཅིག་ ཕན་ཐོགས་བྱུང་དོ་ ཡོདཔ་ཨིན་མས། ཡོངས་གྲགས་ཅན་གྱི་འགྲོ་ཡུལ་ཚུ་ཡང་ བེལ་གྷེརེཌ་ (Belgrade) ནོ་ཝི་སཱད་ (Novi Sad) ནིཤ་ (Niš,) དེ་ལས་ ཏ་ར་དང་ ཀོ་པའོ་ནིག་རྒྱལ་ཡོངས་གླིང་ག་ (Kopaonik National Parks) ཚུ་ཨིན་པས། སྤྱི་ལོ་༢༠༢༣ ལུ་ སཱར་བྷི་ཡ་གིས་ ལྟ་བཤལཔ་ ས་ཡ་༣.༩ ལྷགཔ་ཅིག་ གདན་འདྲེན་ཞུ་ཡོདཔ་དང་ དེ་ནང་ (Roman) གི་གྱང་ཁོག་ལས་ དུས་རབས་བར་མའི་བཙན་རྫོང་དང་ གཞན་ཡང་ སྤྲོ་སྣང་ཅན་གྱི་ས་གོ་ལེ་ཤ་ཡོདཔ་ཨིན་པས། ནོ་ཝི་སཱད་ལུ་འགོ་འདྲེན་འཐབ་མི་ (EXIT) སྙན་ཆའི་དུས་སྟོན་འདི་ ཡུ་རོབ་ཀྱི་ སྙན་ཆའི་ ལས་རིམ་ སྦོམ་ཤོས་ཅིག་ཨིན་མས།[]

མཇུག༌དོན།


སཱར་བྷི་ཡ་འདི་ རྒྱལ་རབས་ཕྱུགཔོ་དང་ ས་ཆའི་གནས་སྟངས་མ་འདྲཝ་ དེ་ལས་ ལམ་སྲོལ་གཏིང་ཟབ་ཡོདཔ་ལས་ ཡུ་རོ་པིན་རྒྱལ་ཁབ་ནང་ རྒྱལ་ཁབ་རང་དབང་ཡོད་མི་ཅིག་ཨིན་མས། ཡུ་རོབ་མཐུན་ཚོགས་གཅིག་སྒྲིལ་དང་ འཛམ་གླིང་ནང་ འབྲེལ་གཏོགས་འབད་ནི་གི་དོན་ལུ་ འབད་བརྩོན་བསྐྱེད་དོ་ཡོདཔ་ལས་ སཱར་བྷི་ཡ་འདི་ ཡུ་རོ་པིན་གྱི་ རྒྱལ་ཁབ་ནང་དཔེ་བལྟ་ས་ཅིག་ལུ་འགྱུར་ཏེ་འདུག།[]

རྒྱབ་རྟེན་ཐོ།

  1. 1 2 3 4 5 6 7 8 9 https://simple.wikipedia.org/wiki/Serbia
  2. 1 2 3 https://simple.wikipedia.org/wiki/Belgrade
  3. 1 2 3 https://en.wikipedia.org/wiki/Belgrade
"https://dz.wikipedia.org/w/index.php?title=སེར་བི་ཡ།&oldid=38896" ལས་ སླར་འདྲེན་འབད་ཡོདཔ།