Jump to content

སྤ་རོ་རྡོ་དཀར་རྒེད་འོག

Wikipedia ལས།

༉ རྡོ་དཀར་རྒེད་འོག་འདི་གི་མིང་ལུ་རྡོ་དཀར་ཟེར་སླབ་སྲོལ་ཡོད་མི་འདི་ཡང་ཧེ་མ་དུས་རབ་༨་པའི་ནང་གཡུས་འདི་གི་མདོང་སྐོར་ལུ་ ཡོད་པའི་གཡུས་མི་སྟེག་ཁར་ཟེར་ས་ལས་མི་ཁེ་ཀོ་ཡོད་མི་གཉའ་རྒོད་གཅིག་གིས་རྡོས་སྒོར་ཟེར་ རྡོ་སྦོམ་་ཅིག་ཆུ་ཕ་ཁ་ལས་ཚུར་ཁ་ལུ་གཡུག་བཀོའི་སྐབས་ལུ་ ཟླ་བ་ཁ་གི་གཡུས་འདི་ནང་གཉིས་ཀ་རྐྱབ་ཡོདཔ་ཨིན། རྡོ་འདི་ད་ལྟོ་བར་ན་ཡང་མིག་མཐོང་ལག་བཟུང་སྦེ་ཡོད་ཟེར་ཞུ་ནི། ད་རེས་ཁ་ཟུར་ཉམས་ཏེ་ རྒེད་འོག་གི་མིང་ལུ་རྡོ་གར་དང་ གཡུས་ཀྱི་མིང་ལུ་ཟླ་བ་ཁ་ཟེར་སླབ་ཡོདཔ་ཨིན།