སྦོ་ཁ་རྫོང་

རྒྱབ་ཁུངས།
སྦོ་ཁ་རྫོང་ཟེར་དེ་མ་གཞི་ཤར་ཕྱོགས་རྫོང་ཁག་བཀྲིས་སྒང་ མཁའ་གླིང་རྒེ་འོག་གཡུས་བྲེས་མོང་ལུ་མཁའ་གླིང་ཁྲོམ་ཁར་ལས་ཁ་མར་སྣུམ་འཁོར་ལམ་ཀི་ལོ་མི་ཊར་༢་ལྷག་ཙམ་ཅིག་དང་རྐང་ཐང་སྦེ་འགྱོ་བ་ཅིན་དུས་ཡུན་ཀར་མ་༢༠་དེ་ཅིག་འགོར་བའི་ས་ཁར་ལུ་ཐང་ཉམས་དགའ་ཏོག་ཏོ་ཅིག་གི་སྦུག་ལུ་ཆགས་དེ་འདུག། དེ་ཡང་ཧེ་མ་དུས་རབས་༡༧་ པའི་ན་ལུ་ཞབས་དྲུང་རིན་པོ་ཆེ་གིས་འབྲུག་རྒྱལ་ཁབ་དེའི་བསྒང་ལྷོ་མོན་པའི་ཡུལ་ཟེར་རང་རང་སར་སྐྱོང་དེ་ཁ་གཏོར་ཏེ་ཡོད་མི་དེ་མཐའ་དབུས་མེདཔ་དཔལ་ལྡན་འབྲུག་པའི་མངའ་འོག་ལུ་བཙུགས་པའི་སྐབས་ནུབ་ཕྱོགས་ཀྱི་ལུང་ཕྱོགས་ཚུ་ཆ་ཉམས་འོག་ལུ་བཙུགས་ཚར་ཏེ་ རིམ་གྱི་ཤར་ཕྱོགས་ཁ་ཐུག་ཁ་ཐུག་ལུ་ལྷོད་དེ་བླ་མ་གི་ཐུགས་གོང་བཞིན་ཀྲོང་གསར་དཔོན་སློབ་དང་པ་ཆོས་རྒྱལ་མི་འགྱུར་བསྟན་པ་གིས་བླམ་རྣམ་སྲས་དམག་དཔོན་མཛད་ཐོག་ཁོ་དང་གཅིག་ཁར་དབུ་མཛད་དམ་ཆོས་སྦེ་ཁོང་གཉིས་ཤར་ཕྱོགས་ཁ་ཐུག་ལུ་བྱོན་ཏེ་ཤར་ཕྱོགས་ལུང་ཕྱོགས་ཀྱིས་དཔོན་དང་ཅིག་ཁར་ཕྱད་མདའ་རྐྱབ་རྒྱལ་ཁ་ཐོབ་སར་ཡི་ས་ཁོངས་གཅིག་ད་ལྟོ་སྦོ་ཁ་རྫོང་ཡོད་སར་སྦེ་རྩིསཝ་ལས་དེ་རྒྱལ་རབ་ནང་ལུ་ཚུད་དགོ་པའི་དྲེན་རྟེན་ཅིག་ཨིན་མས།[༡] སྤྱིར་གཏང་མི་ཡོངས་དྲག་གི་ལྷ་ཁང་དེ་ལུ་སྦོ་ཁ་རྫོང་ཟེར་སླབ་སྲོལ་ཡོད་རུང་ སོ་སོར་སྦེ་རྒྱ་དྲུང་ལྷ་ཁང་འམ་མཁའ་གླིང་ལྷ་ཁང་ཟེར་ཡང་སླབ་སྲོལ་འདུག། སྦོ་ཁ་རྫོང་ཟེར་སླབ་དགོ་མི་དེ་ཡང་ཚང་ལ་ཁ་སྐད་ལས་བཱོང་མཁར་ཟེར་རྫོང་ཁ་ན་ལུ་འབད་བ་ཅིན་ཀར་ཞིང་རྫོང་ཟེར་མི་ལས་ཟུར་ཉམས་སྟེ་སྦོ་ཁ་ཟེར་ཡར་སོ་པའི་ལོ་རྒྱུས་ཡང་འདུག།[༢]
རྫོང་དེ་རྒྱལ་རབས་འགལ་ཆེ་ལུགས།
དུས་རབས་༡༧་པའི་ནང་རྒྱལ་ཁབ་ནང་གི་ཕྱོགས་ཕྱོགས་ལུ་དཔོན་རེ་གིས་བང་དེ་ཡོད་མི་ཚུ་དབང་དུ་བསྡུས་བའི་སྐབས་ལུགས་ཕྱོགས་གཞན་ཁར་བཟུམ་སྦེ་རང་ ཤར་ཕྱོགས་ཁ་ཐུག་ལུ་ཡང་གཡུས་ཕྱོགས་ལུང་ཕྱོགས་རེ་ལུ་དཔོན་རེ་ཡོདཔ་ལས་ མིང་ཡང་དོན་ད་འཐུན་པ་དཔེ་འབདན་དོམ་མཁར་དང་རང་བཞིན་མཁར་དང་བསམ་ཁར་དང་སྦི་མཁར་དང་འཇམ་མཁར་ཟེར་འདུག དེ་ཚུ་མང་ཤོས་ཅིགཔོ་བླམ་རྣམ་སྲས་ཀྱིས་དམག་མི་ཚུ་གིས་འཆམ་ལུ་ཕབས་ཚུགས་ནུག ཨིན་རུང་མི་རག་དང་སག་སྟེན་གྱི་དམག་དཔོན་ནག་སེང་དང་ཁོའི་དམག་མི་ཚུ་གིས་རྡོགཔ་དྲེགས་ཏེ་རྒྱབ་བཤུད་རྩ་ལས་རྐྱབ་མ་བཏུབ་པ་ཕྱད་མདའ་ཤུགས་སྦེ་རང་རྐྱབ་དགོཔ་འཐོན་སོ་དེ་འབད་རུང་མཐའ་མཇུག་ལུ་ཤར་ཕྱོགས་པའི་ལུང་ཕྱོགས་ག་ཡ་ར་དཔལ་ལྡན་འབྲུག་པའི་མངའ་འོག་ལུ་བསྡུས་བ་ལས་བརྟེན་ རྒྱལ་ཁབ་ཐོབ་ཡོད་པའི་དྲན་རྟེན་བཟུམ་ཅིག་སྦེ་བྱི་རི་རྫོང་ཟེར་མི་ཅིག་ སྤྱི་ལོ་༡༦༥༡་ལུ་བཞེངས་ནུག ཨིན་རུང་རྫོང་འདི་ཞིག་རལ་རྩ་བ་ལས་རང་ཤོར་ཏེ་ རྫོང་ཤུལ་ད་ལྟོའི་བར་ན་ཡང་མཇལ་ས་འདུག སྦོ་ཁ་རྫོང་དེའི་བཟོ་བཀོད་བྱི་རི་རྫོང་ཅོག་འཐེདཔ་ཡོདཔ་ཨིན་ཟེར་བཤདཔ་ཨིན་མས།[༡]
ཡིག་ཆ་ལུ་ཅིག་ན་ སྦོ་མཁར་རྫོང་འདི་གཡུས་དེ་ཁར་གྱི་མི་ཚུ་གིས་མཁའ་གླིང་སྣག་ཚང་ཟེར་ཡང་སླབ་སྲོལ་འདུག དེ་ལུ་རྒྱ་དྲུང་ལྷ་ཁང་ཟེར་ཡང་སླབ་ཨིན་མས། གཞན་ཁ་བཟུམ་སྦེ་ཧེ་མ་ཤར་ཕྱོགས་ཁ་ཐུག་ལས་ཡང་རྒྱ་དྲུང་གཉིས་བསྐོ་བཞག་འབད་སྲོད་ཡོད་དོ་ཡོདཔ་མས་ གཅིག་མཁའ་གླིང་རྒྱ་དྲུང་དང་གཅིག་དུང་བསམ་རྒྱ་དྲུང་ཟེར། དེ་གཉིས་ཡོད་སར་ལས་ཁ་གླིང་རྒྱ་དྲུང་བཞུགས་སར་དེ་ལྷ་ཁང་འམ་སྣག་ཚང་དེ་ཁར་ཨིན་དོ་ཡོདཔ་མས། སྡེ་སྲིད་༡༣་པ་ཤེས་རབ་དབང་ཕྱུག་གི་རྟོགས་བརྗོད་ན་ལུ་གཟིགས་པ་ཅིན་ལོ་རྒྱུས་ཚུ་ན་ སྣག་ཚང་ཟེརཝ་མ་གཏོགས་རྒྱ་དྲུང་ལྷ་ཁང་འམ་སྦོ་མཁར་རྫོང་ཟེར་འཐོན་ནི་མིན་འདུག། མཁའ་གླིང་རྒྱ་དྲུང་མང་ཧད་རྫོགསཔ་ཅིག་གིས་ཕྱག་འགན་འབག་སྟེ་གཞུང་ལུ་ཕྱག་ཞུ་ཞུཝ་ཡོད་སར་ཅིག་རུང་ ཡིག་ཐོག་ལུ་བཀོད་ཡོད་མི་རྒྱ་དྲུང་ཇ་དཔོན་ཚེ་ལྷ་ཟེར་མི་འདི་རྐྱངམ་ཅིག་འདུག ཁོ་གི་མིང་ཇ་དཔོན་ཟེར་ཞུ་དགོ་མི་དེ་ཡང་རྒྱ་དྲུང་མ་འབད་བའི་ཧེ་མ་རྗེ་མཁན་དང་སྡེ་སྲི་ཚུ་གི་སྐུ་མདུན་ལུ་གསོལ་ཇ་དྲང་མི་སྦེ་ཕྱག་ཞུ་བ་ལུ་བརྟེན་ཨིན་ཟེར་ཨིན་མས། རྒྱ་དྲུང་བསྐོ་བཞག་འབད་ནིའི་སྲོལ་དེ་ཡང་ཤུལ་ལས་ཤར་ཕྱོགས་ཀྱི་ལུང་ཕྱོགས་ཆ་ཉམས་དཔལ་ལྡན་འབྲུག་པའི་མངའ་འོག་ལུ་ཚུལ་ཚར་ཞིནམ་ལས་ཚུར་བྱུང་བྱུངམ་ཨིན་མས། [༢]ཤར་ཕྱོགས་ཁ་ཐུག་གི་གནས་བདག་གཙོ་བོ་ ཨ་མ་ཇོ་མོ་དང་མེམ་དྭངས་གླིང་ཟེར་མི་གཉིས་ཀུའི་སྡེབ་ཡང་ལྷ་ཁང་དེ་ནང་མཇལ་ནི་འདུག། ད་རེ་ལྷ་ཁང་འདི་མཁའ་གླིང་གྲྭ་ཚང་གི་འོག་ལུ་ཚུད་དེ་བླམ་དེ་ཡང་གྲྭ་ཚང་དེ་ནང་ལས་རང་བསྐོ་བཞག་སྦེ་དོ་ཡོདཔ་ཨིན་མས།[༡]
ཁུངས་གཏུགས།
[ཞུན་དག]- ↑ ༡.༠ ༡.༡ ༡.༢ Tshering, S. (2021, 05). Glimpse of the history of Khaling village. Retrieved on 2025-09-20 from Journal of Agroforestry and Environment: https://jaebd.net
- ↑ ༢.༠ ༢.༡ Gyaltshen, L. D. (2025, 09). Digitization of 20 remote Bhutanese archives (EAP1494). Retrieved on 2025-09-20 from Endangered Archives Programme: https://eap.bl.uk
སྦོ་ཁ་རྫོང་། · མཆོད་རྟེན་སྐོར་ར། · ལྷ་ཁང་དཀར་པོ། · ཡོངས་ལ་དཔལ་རི་དགོན་པ། · སྐྱིད་ཆུ་ལྷ་ཁང་། · རྡོ་ལུང་ དགོན་པ། · བྱམས་པ་ལྷ་ཁང་། · སྟག་ཚང་། · མཚམས་བྲག་དགོན་པ། · སྒང་སྟེང་གསང་སྔགས་ཆོས་གླིང་། · སྐུ་རྗེས་ ལྷ་ཁང་། · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། · རྡོ་བགྲེད་རྫོང་། · སྒོམ་ཕུག་སྐོར་ར། · རྟ་མགོ་དགོན་པ། · བུ་ལི་ ཁི་ལམ་ ལྷ་ཁང་། · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།། · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།། · ཟུར་རི་ལྷ་ཁང་། · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།། · དགོན་གསར་ཁ་ལྷ་ཁང་། · མཆོད་རྟེན་སྙིང་པོ། · རྫོང་བྲག་ཁ།། · བདེ་ཆེན་ཕུག་ལྷ་ཁང་།། · ལྕང་གང་ཁ་ལྷ་ཁང་།། · དབང་འདུས་རྩེ་ལྷ་ཁང་།། · ཕ་ཇོ་སྡིངས།། · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།། · གསེར་ལུང་དགོན་འཛིན་གྲྭ་ཚང་།། · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།། · ཀུན་བཟང་བྲག། · ཁྱི་མེད་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། · དཀོན་མཆོག་གསུམ་ལྷ་ཁང་།། · དགྲ་མེད་རྩེ་ལྷ་ཁང་།། · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།། · ཕྱག་རྡོར་ལྷ་ཁང་།། · ལྩང་སྒང་ཁ་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། ·