ཧར་མོ་སི་ལོ།


ཧར་མོ་སི་ལོ་ཁྲོམ་ཚོགས་ཀྱི་སྐོར།
ཧར་མོ་སི་ལོ་འདི་ སོ་ནོ་ར་ གི་རྒྱལ་ས་ལྟེ་བ་ མེག་སི་ཀོ་གི་མངའ་སྡེ་ཅིག་ཨིན། དེ་ཡང་ ཨེ་རི་ཟོ་ན (Arizona) ལས་ལྷོ་ཁ་ཐུག་ལུ་ མའིལ་ ༢༥༠ དེ་ཅིག་གི་ས་ཁར་ ཆགས་ཡོདཔ་ད་ སོ་ནོ་ར་ ལུ་ ཁྲོམ་སྡེ་སྦོམ་ཤོས་ཅིག་ཨིནམ་ད་ ས་ཆ་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༡༥,༧༢༠ དེ་ཅིག་ ཁྱབ་སྟེ་ཡོདཔ་ཨིན། ཁྲོམ་འདི་ བྱེ་ཐང་གི་ལུང་ཕྱོགས་ནང་ལུ་ཡོདཔ་ལས་ གནམ་གཤིས་ཚ་དྲོད་དང་སྐམ་སྦེ་ཐོན་དོ་ཡོདཔ་ཨིན། དབྱར་དུས་འདི་ རིངམོ་དང་ གནམ་མེད་ས་མེད་ཚ་དྲོད་ཆེཝ་ལས་དྲོད་ཤུགས་འདི་ དྲོད་ཚད་ ༤༠ ལས་ལྷག་སྟེ་ཡོདཔ་ད་དགུན་དུས་འདི་ ཐུང་ཀུ་དང་ འཇམ་པོ་སྦེ་ མཚན་མོ་བསིལ་དྲགས་ཡོདཔ་ཨིན། ཆརཔ་འདི་ དཀོན་དྲགས་སྦེ་ཡོདཔ་ལས་ མང་ཤོས་ཅིག་ར་ སྤྱི་ཟླ་ ༧ པ་དང་ ༩ པ་གི་བར་ན་ འབྱུང་དོ་ཡོདཔ་ད་ ལོ་བསྟར་གྱི་ཆརཔ་གི་ཆ་སྙོམས་འདི་ མི་ལི་མི་ཀྲར་ ༢༥༢ དེ་ཅིག་གི་ས་ཁར་ཨིན་པས། གནམ་གཤིས་སྐམ་དྲགས་འདི་གིས་ ས་གནས་ཀྱི་སྔོ་ཤིང་དང་འཚོ་བའི་གནས་སྟངས་ལུ་ ཤན་ཞུགས་འབདཝ་ལས་ ཧར་མོ་སི་ལོ་འདི་ མེག་སི་ཀོ་གི་ ཉིམ་ཤར་མི་དང་ ཁྲོམ་ཚོགས་སྐམ་ཤོས་ཅིག་ལུ་འགྱུར་ཡོདཔ་ཨིན།[༡]
མི་རློབས་དང་མིའི་རིགས།
སྤྱི་ལོ་ ༢༠༢༥ ལུ་ ཧར་མོ་སི་ལོ་ལུ་ མི་རློབས་ ༩༤༤༠༠༠ དེ་ཅིག་ཡོདཔ་སྦེ་ ཚོད་རྩིས་བཏོན་ཡོདཔ་ཨིན། མི་རློབས་འདི་ ཕོ་མོ་གི་བར་ན་ འདྲ་མཉམ་སྦེ་ཡོདཔ་ལས་ བཟོ་གྲྭ་གོང་འཕེལ་ལས་བརྟེན་ཏེ་ དམིགས་བསལ་གྱིས་ སྣུམ་འཁོར་ལས་སྡེ་ནང་ལུ་ རིམ་གྱི་སྦེ་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན། མི་སེར་མང་ཤོས་ཅིག་རང་ mestizo ཨིནམ་ད་ འདི་ཡང་ ཁོང་གིས་ ས་གནས་ཀྱི་མི་རིགས་དང་ ཡུ་རོབ (Europe) གི་རིགས་བརྒྱུད་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་མ་ཚད་ ཡུ་ཨེས་དང་ཀེ་ནེ་གྲ་ དེ་ལས་ ཨེ་ཤི་ཡའི་རྒྱལ་ཁབ་མ་འདྲཝ་ཚུ་གི་ མི་སྡེ་ཆུང་ཀུ་ཚུ་གིས་ཡང་ ཁྲོམ་སྡེ་གི་ལམ་སྲོལ་སྣ་ཚོགས་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས། ཨིསི་པེ་ནིཤ་ (Spanish) འདི་ ཧར་མོ་སི་ལོ་ལུ་སླབ་མི་སྐད་ཡིག་ངོ་མ་ཅིག་ཨིན། མི་རློབས་བརྒྱ་ཆ་ཉུང་སུ་ཅིག་གིས་རྐྱངམ་ཅིག་ ས་གནས་ཀྱི་སྐད་ཡིག་ཚུ་སླབ་དོ་ཡོདཔ་ཨིན་རུང་ མི་མང་ཤོས་ཅིག་གིས་རང་ ས་གནས་ཀྱི་སྲོལ་རྒྱུན་འདི་ ད་ལྟོ་ཡང་ ངོས་འཛིན་འབདཝ་ཨིན་པས། ཁྲོམ་སྡེའི་ལམ་སྲོལ་སླ་བསྲེ་འདི་གིས་ དེ་གི་ལོ་རྒྱུས་དང་ འཕྲོ་མཐུད་དེ་རང་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན།[༢]
གཞུང་སྐྱོང་ལམ་ལུགས།
ཧར་མོ་སི་ལོ་འདི་ ཁྲོམ་སྡེ་གཞུང་གི་ལམ་ལུགས་འོག་ལུ་ ལཱ་འབདཝ་ཨིན། ཁྲོམ་སྡེ་འདི་ ཁྲོམ་སྡེ་གི་སྲིད་འཛིན་ (ཁྲོམ་དཔོན་) དང་ ཁྲོམ་སྡེ་ཚོགས་སྡེ་གཉིས་ཆ་ར་གིས་ གཞུང་སྐྱོང་འཐབ་དོ་ཡོདཔ་ད་ གཉིས་ཆ་ར་གིས་ ལོ་གསུམ་གྱི་བར་ན་ མི་སེར་ཚུ་གིས་ བཙག་འཐུ་འབདཝ་ཨིན། ཁྲོམ་སྡེ་གཞུང་གིས་ ཆུ་བཀྲམ་སྤེལ་དང་ ཁྲོམ་ལམ་གྱི་འོད་དང་ མི་མང་ཉེན་སྲུང་ འགྲུལ་སྐྱོད་ཀྱི་ ཁྲིམས་ལུགས་ དེ་ལས་ མི་མང་གླིང་ག་དང་ དུར་ཁྲོད་ཚུ་ རྒྱུན་སྐྱོང་འཐབ་ནིའི་ འགན་ཁུར་འབགཔ་ཨིན་པས། ད་རུང་ ཧར་མོ་སི་ལོ་ འདི་ སོ་ནོ་ར་ མངའ་སྡེ་གཞུང་གི་ གདན་ས་ཨིནམ་ད་ དེ་ནང་སོ་ནོ་ར་ མངའ་སྡེའི་ ཀོང་གེརེསི་དང་ མངའ་སྡེའི་ བཀོད་ཁྱབ་ཡིག་ཚང་ནང་ ཡོདཔ་ཨིན་པས། ཁྲོམ་སྡེ་འདི་ མངའ་སྡེ་དང་སྤྱི་གཞུང་གི་ངོ་ཚབ་གཉིས་ཆ་རའི་དོན་ལུ་ བཙག་འཐུའི་རྫོང་ཁག་ལེ་ཤ་ཅིག་ནང་ དབྱེ་བ་ཕྱེ་སྟེ་ཡོདཔ་ལས་ མི་སེར་ཚུ་གིས་ གཞུང་གི་གནས་རིམ་ལེ་ཤ་ཅིག་ནང་ ཁྲིམས་བཟོའི་གནད་དོན་ནང་ སྐད་ཡོདཔ་ངེས་གཏན་བཟོཝ་ཨིན།
སྐད་ཡིག་དང་ལམ་སྲོལ།
ཧར་མོ་སི་ལོ་ནང་ལུ་ ཨིསི་པེ་ནིཤ་འདི་ ཧ་ལམ་ག་ར་གིས་སླབ་མི་ སྐད་ཡིག་ངོ་མ་ཅིག་ཨིན། ད་རེས་ནངས་པ་ མི་ཉུང་སུ་ཅིག་གིས་རྐྱངམ་ཅིག་ Náhuatl དང་ Mazahua དེ་ལས་ Huicol, དང་ Otomí བཟུམ་གྱི་ ས་གནས་ཀྱི་སྐད་ཡིག་ཚུ་སླབ་དོ་ཡོདཔ་ཨིན་རུང་ མི་སེར་མང་ཤོས་ཅིག་གིས་རང་ ས་གནས་ཀྱི་སྲོལ་རྒྱུན་ཚུ་ ངོས་འཛིན་འབད་དོ་ཡོདཔ་ཨིན། ཧར་མོ་སི་ལོ་ལུ་ དུས་སྟོན་དང་ལམ་སྲོལ་ལེ་ཤ་ཡོད་པའི་ ལམ་སྲོལ་ཕྱུགཔོ་ཅིག་ཨིན། ཡོངས་གྲགས་ཅན་འདི་ སྤྱི་ཟླ་༤ པའི་ནང་ འགོ་འདྲེན་འཐབ་མི་ San Marcos Fair འདི་ཨིནམ་ད་ དེ་ནང་ ཞབས་ཁྲའི་ལས་རིམ་དང་ ཁྲོམ་སྐོར་ དེ་ལས་ ཟ་འཐུང་ཚུ་ཡོདཔ་ཨིན། ད་རུང་ ཁག་ཆེ་བའི་ལས་རིམ་གཞན་མི་འདི་ སྤྱི་ཟླ་ ༡༠ པ་ལས་ སྤྱི་ཟླ་ ༡༡ པ་ཚུན་ཚོད་ བརྩི་སྲུང་འབད་མི་ དུས་སྟོན་འདི་ཨིན། ཁྲོམ་འདི་ རྫ་བཟོཔ་དང་ ཤིང་བརྐོ་ནི་བཟུམ་གྱི་ ལག་བཟོ་ཚུ་དང་ དེ་བཟུམ་སྦེ་ tamales དང་ pozole བཟུམ་གྱི་ ཟ་འཐུང་ཚུ་ཡང་ ཡོངས་གྲགས་ཡོདཔ་ཨིན་པས།[༣]
དཔལ་འབྱོར་དང་ཚོང་འབྲེལ།
ཧར་མོ་སི་ལོ་ལུ་ དམིགས་བསལ་གྱིས་ བཟོ་སྐྲུན་ནང་ དཔལ་འབྱོར་སྒྲིང་སྒྲིང་དང་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན་པས། འདི་ཡང་ སྤྱི་ལོ་ ༡༩༨༦ ལས་ ཕོརཌ་ (Ford) གིས་ བཟོ་གྲྭ་ཁང་སྦོམ་ཅིག་ ལག་ལེན་འཐབ་སྟེ་ བཟོ་གྲྭ་ཁང་ལེ་ཤ་ཅིག་ འདྲེན་འབད་དེ་ཡོདཔ་ལས་ ལཱ་གཡོག་བཟོ་ནི་དང་ ས་གནས་ཀྱི་དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ ཕན་ཐོགས་བྱུང་ནུག། ཧར་མོ་སི་ལོ་གིས་ རིག་རྩལ་ཅན་གྱི་ལཱ་འབད་མི་དང་ ལས་མི་ཟད་འགྲོ་ཉུང་སུ་སྦེ་ཡོད་མི་ དེ་ལས་ བཟོ་གྲྭའི་མཐུན་རྐྱེན་ལེགས་ཤོམ་བཟུམ་གྱི་ ཁེ་ཕན་ཚུ་བྱིན་དོ་ཡོདཔ་ལས་ ལས་སྡེ་ཚུ་གིས་ བཟོ་གྲྭ་འཕྲུལ་ཁང་ཚུ་ གཞི་བཙུགས་འབད་ནི་གི་དོན་ལུ་ མཛེས་སྡུག་ཅན་གྱི་ས་སྒོ་ཅིག་ལུ་འགྱུར་དོ་ཡོདཔ་ཨིན།
ཚོང་འབྲེལ་འདི་ཡང་ ཧར་མོ་སི་ལོ་གི་དཔལ་འབྱོར་ལུ་ཡང་ཁག་ཆེ། ཁྲོམ་སྡེ་འདི་ལུ་ ནང་འདྲེན་དང་ཕྱིར་ཚོང་འཛིན་སྐྱོང་འཐབ་ཚུགས་པའི་ ཅ་དམ་ཡིག་ཚང་ཅིག་ཡོདཔ་ལས་ ཚོང་འབྲེལ་ཚུ་ རྒྱལ་ཁབ་གཞན་ཚུ་དང་གཅིག་ཁར་ ཚོང་འབྲེལ་འཐབ་ནི་ལུ་ འཇམ་ཏོང་ཏོ་བཟོཝ་ཨིན། ཡུ་ཨེས་ཀྱི་ས་མཚམས་ཀྱི་ཉེ་འདབས་ལུ་ཡོད་པའི་ས་གནས་དང་ Guaymas བཟུམ་གྱི་ གྲུ་ཁ་ཚུ་ནང་ འཛུལ་སྤྱོད་འབད་ཚུགས་པའི་ ས་གནས་འདི་གིས་ རྒྱལ་སྤྱིའི་ཚོང་འབྲེལ་གྱི་དོན་ལུ་ ལྟེ་བ་གཙོ་བོ་ཅིག་ཨིན། སྐྱེལ་འདྲེན་གྱི་འབྲེལ་མཐུད་དང་ བཅའ་སྒྲིག་ཞབས་ཏོག་ཚུ་ ལེགས་ཤོམ་ཡོདཔ་ལས་ ཧར་མོ་སི་ལོ་གིས་ མེག་སི་ཀོ་གི་ཚོང་འབྲེལ་དང་དཔལ་འབྱོར་གོང་འཕེལ་ནང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན།[༤]
དཀའ་ངལ་དང་གདོང་ལེན།
ཧར་མོ་སི་ལོ་ལུ་ དམིགས་བསལ་གྱིས་ ཆུ་མ་ལང་མི་དང་ དྲོད་ཤུགས་ཆེ་དྲགས་སྦེ་ཡོད་མི་ལུ་ གདོང་ལེན་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན། ཁྲོམ་སྡེ་འདི་ ལོ་བསྟར་བཞིན་དུ་ ཆུ་བཀྲམ་སྤེལ་ཕྱེད་ཀ་ལྷགཔ་ཅིག་ མེདཔ་འགྱོ་དོ་ཡོདཔ་ད་ དེ་ཡང་ ཆུ་རུད་ཐོན་མི་དང་ དུས་ཚོད་རྫོགས་མི་ གཞི་རྟེན་མཐུན་རྐྱེན་ཚུ་ འཐོན་མི་ལུ་བརྟེན་ཏེ་ཨིན་མས། འདི་ལུ་གདོང་ལེན་འབད་ནི་གི་དོན་ལུ་ འགོ་དཔོན་ཚུ་གིས་ ཆུ་དོང་ཚུ་ ཉམས་བཅོས་འབད་ནི་དང་ ཆུ་གི་མི་ཊར་མངམ་བཙུགས་ནི་ དེ་ལས་ གློག་རིག་བརྟག་དཔྱད་འཕྲུལ་ཆས་ལག་ལེན་འཐབ་ནི་ཚུ་ ཐབས་ཤེས་བཏོན་ཡོདཔ་ཨིན། ད་རུང་ ཁྲོམ་སྡེ་གིས་ ཉི་མའི་གློག་མེ་གིས་ བཱསི་བཀག་སའི་ས་ཁོངས་ཚུ་ འགོ་བཙུགས་ཡོདཔ་ད་ དེ་ཡང་ མི་སེར་ཚུ་གིས་ དྲོད་ཤུགས་ཆེ་བའི་ བཱསི་བཀག་སའི་ས་ཁོངས་ཚུ་ འགོ་བཙུགས་ཡོདཔ་ཨིན་པས། འ་ནི་འབད་བརྩོན་འདི་གིས་ ཧར་མོ་སི་ལོ་འདི་ བཟོད་བསྲན་ཅན་སྦེ་བཟོ་ནི་དང་ མི་སེར་ཚུ་གི་དོན་ལུ་ མི་ཚེའི་གནས་སྟངས་ཡར་དྲག་གཏང་ནི་གི་དོན་ལུ་ཨིན་པས།[༥]
མངའ་སྡེའི་སྐོར།
ཧར་མོ་སི་ལོ་འདི་ མངའ་སྡེ་ཅིག་མེན། དེ་ཡང་ མེག་སི་ཀོ་བྱང་ཕྱོགས་ལུ་ཡོད་པའི་ སོ་ནོ་ར་མངའ་སྡེ་གི་རྒྱལ་ས་ལྟེ་བ་ཅིག་ཨིན། སོ་ནོ་ར་མངའ་སྡེ་ནང་ལུ་ ཁྲོམ་སྡེ་ ༧༢ ཡོདཔ་ད་ ཧར་མོ་སི་ལོ་འདི་ དེ་ཚུ་གི་གྲལ་ལས་གཅིག་ཨིན་པས། དམིགས་བསལ་དུ་ ཧར་མོ་སི་ལོ་གིས་ སོ་ནོ་ར་དང་དེ་གི་ཁྲོམ་སྡེའི་རྒྱལ་ས་ལྟེ་བ་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན་པས།[༦]
མཇུག་སྡུད།
ཧར་མོ་སི་ལོ་འདི་ སོ་ནོ་ར་མངའ་སྡེ་ནང་ ཁྲོམ་ཚོགས་ཁག་ཆེ་ཤོས་ཅིག་ཨིན། སྣུམ་འཁོར་བཟོ་སྐྲུན་དང་ཚོང་འབྲེལ་ལུ་གཞི་བཞག་སྟེ་ དཔལ་འབྱོར་སྒྲིང་སྒྲིང་ཡོདཔ་ལས་ འཕྲོ་མཐུད་དེ་རང་ མགྱོགས་དྲགས་སྦེ་ ཡར་འཕར་འགྱོ་དོ་ཡོདཔ་ཨིན་པས། མི་ཚུ་གིས་ མང་ཤོས་རང་ ཨིསི་པེ་ནིཤ་གི་སྐད་ཡིག་སླབ་སྟེ་ ས་གནས་ཀྱི་ལམ་སྲོལ་དང་ དུས་སྟོན་ལེ་ཤ་ཅིག་ཡོད་པའི་ ལམ་སྲོལ་ཕྱུགཔོ་ཅིག་ བཟོ་དོ་ཡོདཔ་ཨིན་པས། ཁྲོམ་སྡེ་ནང་ ཆུ་མ་ལང་པའི་དཀའ་ངལ་དང་ གནམ་གཤིས་ཚ་དྲོད་ཆེ་དྲགས་སྦེ་ ཐོན་ཡོད་རུང་ དཀའ་ངལ་འདི་ཚུ་ སེལ་ཐབས་ལུ་ ཐབས་ཤེས་ཚུ་ བཏོན་པའི་བསྒང་ཡོདཔ་ཨིན། ཧེར་མོ་སི་ལོ་འདི་ ས་གནས་ལེགས་ཤོམ་དང་ བཟོ་གྲྭ་སྒྲིང་སྒྲིང་ དེ་ལས་ མི་སེར་ཚུ་གི་དོན་ལུ་ མི་ཚེ་ཡར་དྲག་གཏང་ནི་གི་རྩིས་རྐྱབ་མི་ལུ་བརྟེན་ མ་འོངས་པ་ལུ་ འོད་མདངས་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན་པས།
རྒྱབ་རྟེན། (References)
- ↑ https://en.m.wikipedia.org/wiki/Hermosillo_Municipality?
- ↑ https://worldpopulationreview.com/cities/mexico/hermosillo?
- ↑ https://cityofirvine.org/multicultural-and-international-affairs/hermosillo-mexico?
- ↑ https://riosonora.com/advantages-of-manufacturing-in-hermosillo-mexico/?
- ↑ https://www.kjzz.org/2023-03-22/content-1842107-experts-call-urgent-action-address-water-shortages-hermosillo?
- ↑ https://www.hermosillogov.org/?