Jump to content

ཨར་ཇེན་ཊི་ན།

Wikipedia ལས།

འཛམ་གླིང་ནང་ རྒྱལ་ཁབ་སྦོམ་ཤོས་༨ པ་དང་ ལྷོ་ཨ་མི་རི་ཀ་ལུ་ རྒྱལ་ཁབ་སྦོམ་ཤོས་གཉིས་པ་ཨིན་མི་ ཨར་ཇེན་ཊི་ན་ལུ་ ས་ཆའི་གནས་སྟངས་དང་ ལམ་སྲོལ་ དེ་ལས་ བྱུང་རབས་ཚུ་ ཕྱུགཔོ་སྦེ་ཡོདཔ་ཨིན། འདི་གི་རྒྱལ་ས་ལྟེ་བ་ བྷུའི་ནོས་ ཨའི་རིས་ (Buenos Aires) འདི་ རྒྱལ་ཁབ་ཀྱི་སེམས་ཤུགས་དང་ ལོ་རྒྱུས་ལེ་ཤ་ཡོད་པའི་ ས་གནས་ཅིག་ཨིན་པས།

ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་ས་ཡ་༢.༧༨ དེ་ཅིག་ཁྱབ་སྟེ་ཡོད་མི་ ཨར་ཇེན་ཊི་ན་གི་ས་ཁོངས་རྒྱ་ཆེཝ་འདི་གིས་ Pampas གི་ས་ཞིང་མཐོ་དྲགས་ལས་ ས་རྩུབ་དྲགས་ཅན་གྱི་ Andes གངས་རི་དང་ Patagonian ཚུན་ཚོད་ ས་ཆ་མ་འདྲཝ་ཚུ་ ཁྱབ་སྟེ་ཡོདཔ་ཨིན། འ་ནི་ས་ཆ་རྒྱ་སྦོམ་འདི་གིས་ ཨར་ཇེན་ཊི་ན་འདི་ Spanish ཁ་སླབ་མི་རྒྱལ་ཁབ་སྦོམ་ཤོས་ཅིག་སྦེ་ཐོན་ནུག (CIA World Factbook, 2023). ད་རེས་ ཨར་ཇེན་ཊི་ན་ཟེར་སླབ་མི་ལུང་ཕྱོགས་འདི་ དུས་རབས་༡༦ པའི་ནང་ ཡུ་རོབ་ཀྱི་མི་ཚུ་གིས་ འགོ་དང་པ་ འཚོལ་ཞིབ་འབད་ཡོདཔ་ད་ དེ་བསྒང་ Spanish གི་མཚོ་འགྲུལ་པ་ Juan Díaz de Solís འདི་ སྤྱི་ལོ་༡༥༡༦ ལུ་ལྷོད་ནུག། (History.com, 2023)

སྤྱི་ལོ་༢༠༢༢ ལུ་ ཨར་ཇེན་ཊི་ན་གི་མི་རློབས་འདི་ ཧ་ལམ་ས་ཡ་༤༦ དེ་ཅིག་ཡོདཔ་ཨིན། འ་ནི་ཡར་འཕར་འདི་གིས་ མི་འབོར་ཞིབ་རྩིས་མ་འདྲཝ་ ངོ་མ་རང་ ཡུ་རོབ་ (Europe) གི་རིགས་བརྒྱུད་དང་ དམིགས་གསལ་གྱིས་ Italian དང་ Spanish དེ་ལས་ ས་གནས་ཀྱི་མི་སྡེ་དང་ ཉེ་འདབས་ཀྱི་རྒྱལ་ཁབ་དང་ Asia ལས་ འོང་ཡོད་མི་ མི་སྡེ་ཚན་ཚུ་ ཡོདཔ་ཨིན་མས། (World Bank, 2023). རྒྱལ་ཁབ་འདི་ནང་ མི་སྡེ་གོང་འཕེལ་གྱི་ གནས་ཚད་དང་ བྲིས་ལྷག་ཤེས་ཡོན་གྱི་ གནས་ཚད་མཐོ་དྲགས་སྦེ་ ཡོདཔ་ལས་ ཤེས་རིག་དང་ མི་ཚེའི་སྤུས་ཚད་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ཨིན་པས།

ཨར་ཇེན་ཊི་ན་འདི་ མངའ་སྡེ་༢༣ དེམ་ཅིག་ཡོདཔ་ད་ བྷུའུ་ནོས་ཨའི་རེས་འདི་སྤྱི་མཐུན་གཞུང་གི་ལྟེ་བ་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན། མངའ་སྡེ་རེ་རེ་ལུ་རྩ་ཁྲིམས་ཡོད་རུང་ རྒྱལ་ཡོངས་རྩ་ཁྲིམས་དང་མཐུན་སྒྲིག་ཡོདཔ་ཨིན། འ་ནི་བཀོད་རིས་འདི་གིས་ རྒྱལ་ཡོངས་གཅིག་མཐུན་བཞག་སྟེ་ ལུང་ཕྱོགས་རང་དབང་ཐོབ་བཅུགཔ་ཨིན་མས། མངའ་སྡེ་ཚུ་ ད་རུང་ ལས་ཁུངས་ཡང་ན་ སྡེ་ཚན་ཚུ་ནང་ དབྱེ་བ་ཕྱེ་སྟེ་ ས་གནས་གཞུང་སྐྱོང་དང་ བདག་སྐྱོང་འཇོན་ཐངས་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན། (CIA World Factbook, 2023).

ཨར་ཇེན་ཊི་ན་གིས་ དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅིག་སྦེ་ ལཱ་འབད་དོ་ཡོདཔ་ད་ དེ་ཡང་ བཀོད་ཁྱབ་དང་ཁྲིམས་བཟོ་ དེ་ལས་ ཁྲིམས་དོན་ཟེར་ ཡན་ལག་གསུམ་ལུ་དབྱེ་སྟེ་ཡོདཔ་ཨིན། སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ གཞུང་གི་འགོ་ཁྲིདཔ་གཉིས་ཆ་ར་ གནས་ཡུན་ ལོ་ངོ་ ༤ གི་དོན་ལུ་ བཙག་འཐུ་འབད་དོ་ཡོདཔ་དང་ གོ་གནས་རེ་རེ་ལུ་ བཙག་འཐུ་ལོག་སུ་སྦེ་ར་འབད་དོ་ཡོདཔ་ཨིན་པས། ཁྲིམས་ཁང་དང་ འཐུས་མི་ཚོགས་སྡེ་ཚུ་ཡོད་པའི་ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱལ་ཡོངས་ཁྲིམས་ལུགས་ ཟིན་བྲིས་བཏོནམ་ཨིན་པས། ཁྲིམས་ཁང་གིས་ རང་དབང་ཅན་གྱི་ལཱ་འབད་དེ་ ཁྲིམས་ལུགས་ཚུ་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་ ཞི་བའི་རང་དབང་ཚུ་ ཉེན་སྲུང་འབདཝ་ཨིན་པས། (BBC News, 2023).

ཨིསི་པེ་ནིཤ་ཁ་སྐད་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ལས་ མི་མངམ་གིས་སླབ་དོ་ཡོདཔ་ཨིན། ཨར་ཇེན་ཊི་ན་གི་ལམ་སྲོལ་འདི་ ཡུ་རོབ་དང་ས་གནས་ཀྱི་མི་ དེ་ལས་ ཨཕི་རི་ཀ་ (Africa) གི་སྲོལ་ཁྱུན་ཚུ་ སླ་བསྲེ་སྟེ་ཡོད་མི་ཅིག་ཡོདཔ་ཨིན་པས། འ་ནི་སླ་བསྲེ་འདི་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ ཡོངས་གྲགས་ཅན་གྱི་ ཊེང་གོ་ རྩོམ་རིག་དང་ བཞེས་སྒོ་ཚུ་ནང་ལུ་ གསལ་ཏོག་ཏོ་སྦེ་མཐོངམ་ཨིན་པས། རྒྱལ་ས་ལྟེ་བ་ བྷུའི་ནོས་ཨའི་རིས་འདི་ "ལྷོ་ཨ་མི་རི་ཀ་གི་པེ་རིསི་" ཟེར་ཡང་སླབ་ཨིན་པས། འ་ནི་ལམ་སྲོལ་འདི་ ཡུ་རོ་པེན་ལུགས་སྲོལ་གྱི་བཟོ་བཀོད་དང་ སྤྲོ་སྣང་ཡོད་པའི་སྒྱུ་རྩལ་གྱི་མཐོང་སྣང་ དེ་ལས་ ཟ་ཁང་གི་ལམ་སྲོལ་ཚུ་དང་འདྲ་ནི་དང་ སླ་བསྲེ་རྐྱབ་རྐྱབཔ་བཟུམ་ཡོདཔ་ཨིན་པས། (Lonely Planet, n.d.).

ཨར་ཇེན་ཊི་ན་ལུ་ སོ་ནམ་དང་བཟོ་གྲྭ་ དེ་ལས་ ཞབས་ཏོག་ལས་སྡེ་ཚུ་ཡོད་པའི་ དཔལ་འབྱོར་སླ་བསྲེ་རྐྱབ་རྐྱབཔ་ཡོདཔ་ཨིན་པས། རྒྱལ་རབས་ནང་ལུ་ "འཛམ་གླིང་གི་འབྲུ་སྣ་མཛོད་ཁང་" ཟེར་སླབ་སྲོལ་ཡོད་མི་འདི་ ད་ལྟོ་ཡང་ བོད་སྲནམ་དང་ གེ་ཟ་ དེ་ལས་ ནོར་ཤ་ཚུ་ ཕྱིར་ཚོང་འཐབ་མི་ གཙོ་བོ་ཅིག་ཨིན་མས། བཟོ་གྲྭ་ལས་སྡེ་གིས་ སྣུམ་འཁོར་དང་ བགོ་ལ་ དེ་ལས་ རྫས་སྦྱོར་ཚུ་ བཟོ་བསྐྲུན་འབདཝ་ཨིན་པས། ཞབས་ཏོག་ལས་སྡེ་ནང་ དམིགས་བསལ་གྱིས་ དངུལ་འབྲེལ་དང་ ལྟ་བཤལ་ལས་སྡེ་ཚུ་གིས་ རྒྱལ་ཡོངས་གནས་ཚད་ནང་ ཕན་ཐོགས་སྦོམ་སྦེ་ར་ འབདཝ་ཨིན་པས། ཨིན་རུང་ དཔལ་འབྱོར་ནང་ སྐྱ་ནམ་གོང་ཚད་ཡར་སེང་དང་ བུ་ལོན་ཚུ་ལས་བརྟེན་ཏེ་ གདོང་ལེན་ཚུ་ ཐོན་ཏེ་ཡོདཔ་ལས་ འཕྲོ་མཐུད་དེ་རང་ དཔལ་འབྱོར་བསྐྱར་ཞིབ་འབད་དགོཔ་ཐོན་ཏེ་ཡོདཔ་ཨིན་པས། (World Bank, 2023).

འདས་པའི་ལོ་ཚུ་ནང་ ཨར་ཇེན་ཊི་ན་ལུ་ དཔལ་འབྱོར་གནས་སྟངས་ཡར་མར་འགྱོ་སྟེ་ བརྟན་བརྟན་མེདཔ་དང་ དངུལ་གྱི་ཤུགས་ཚད་མེདཔ་འགྱོ་ནི་ དེ་ལས་ ཕྱིའི་བུ་ལོན་ཡར་སེང་འགྱོ་བའི་གནས་སྟངས་ ཐོན་ཏེ་ཡོདཔ་ཨིན་པས། དཔལ་འབྱོར་གྱི་དཀའ་ངལ་འདི་ཚུ་གིས་ མི་སྡེའི་དཀའ་ངལ་ དཔེ་འབདན་ དབུལ་ཕོངས་གནས་སྟངས་དང་ ལཱ་གཡོག་མེད་མི་ཚུ་ ཧེང་སྐལ་རང་ ཡར་སེང་འགྱོ་སྟེ་ བྱ་སྟབས་མ་བདེཝ་ཐོན་ཏེ་ཡོདཔ་ཨིན་པས། ནགས་ཚལ་མེདཔ་གཏང་ནི་དང་ བཙོག་རླུང་ཚུ་རྩིས་ཏེ་ མཐའ་འཁོར་གནས་སྟངས་ཀྱི་ཚ་གྱང་ཚུ་གིས་ གདོང་ལེན་ཁ་སྐོང་ཐོན་ཏེཡོདཔ་ལས་ ཡུན་བརྟན་གྱི་སྲིད་བྱུས་དང་ ཐབས་ལམ་ཚུ་དགོཔ་ཐོན་དོ་ཡོདཔ་ཨིན། (The Guardian, 2024).

དཔལ་འབྱོར་གྱི་དཀའ་ངལ་ཡོད་རུང་ ཨར་ཇེན་ཊི་ན་ལུ་ དམིགས་བསལ་གྱིས་ སོ་ནམ་དང་ ནུས་ཤུགས་ འཕྲུལ་རིག་ དེ་ལས་ ལྟ་བཤལ་ཚུ་ནང་ ཚོང་འབྲེལ་གྱི་གོ་སྐབས་སྦོམ་སྦེ་ར་ ཡོདཔ་ཨིན་པས། རྒྱལ་ཁབ་ཀྱི་རང་བཞིན་ཐོན་སྐྱེད་ཕྱུགཔོ་དང་ ཤེས་ཡོན་ཅན་གྱི་ལས་བྱེདཔ་ཚུ་གིས་ མ་རྩ་བཙུགས་ནིའི་དོན་ལུ་ འོས་འབབ་ཡོད་པའི་ས་གོ་ཅིག་སྦེ་ འཐོན་ཡོདཔ་ཨིན་པས། གཞུང་གིས་ གཞི་རྟེན་མཁོ་ཆས་ཡར་དྲག་གཏང་ནི་དང་ གཞུང་སྐྱོང་གྱི་ལཱ་ཚུ་ མར་ཕབ་འབད་ནི་ལུ་ དམིགས་གཏད་བསྐྱེད་མི་འདི་ རྒྱལ་ཁབ་ནང་ ཚོང་འབྲེལ་གྱི་གནས་སྟངས་ཡར་དྲག་གཏང་ནི་གི་ དོན་ལུ་ཨིན་པས། (World Bank, 2023).

ཨར་ཇེན་ཊི་ན་འདི་ ས་ཆའི་གནས་སྟངས་རྒྱ་ཆེཝ་སྦེ་ཡོདཔ་མ་ཚད་ ཧེ་མའི་ལམ་སྲོལ་ད་ལྟོ་ཡང་སྒྲིང་སྒྲི་སྦེ་ཡོདཔ་ལས་ ག་ཅི་ནང་ར་འབད་རུང་ཁྱད་པར་རྒྱ་ཆེ་བ་དང་ དཀའ་ངལ་ཚུ་གདོང་ལེན་འབད་ཚུགས་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་དང་ རང་བཞིན་ཐོན་སྐྱེད་མངམ་ཡོད་མི་ དེ་ལས་ མི་རློབས་མ་འདྲཝ་དང་ཤེས་ཡོན་ཅན་ ཡོད་མི་ཅིག་འབདཝ་ལས་ འཛམ་གླིང་ནང་ལུ་ གལ་ཆེ་བའི་རྒྱལ་ཁབ་ཅིག་ཨིན་པས།

References

[ཞུན་དག]

BBC News. (2023). Retrieved from Argentina Profile-Timeline: https://www.bbc.com

CIA World Factbook. (2023). Retrieved from Argentina: https://www.cia.gov

CIA World Factbook. (2023). Retrieved from Argentina: https:www.cia.gov

History.com. (2023). Retrieved from Argentina's history and colonization: https:www.history.com

Lonely Planet. (n.d.). Retrieved from Buenos Aires city guide: https://www.lonelyplanet.com

The Guardian. (2024). Retrieved from Argentina's economic struggles under new leadership: https://www.theguardian.com

World Bank. (2023). Retrieved from Argentina Populationand economic data: https://www.worldbank.org

World Bank. (2023). Retrieved from Argentina population and economic data: https://www.worldbank.org

World Bank. (2023). Retrieved from Argentina and economic data: https://www.worldbank.org

"https://dz.wikipedia.org/w/index.php?title=ཨར་ཇེན་ཊི་ན།&oldid=38446" ལས་ སླར་འདྲེན་འབད་ཡོདཔ།