ཨཱན་གྷོ་ལ།
ཨཕ་རི་ཀ་གི་ལྷོ་ནུབ་མཚོ་འགྲམ་ལུ་ཡོད་པའི་ ཐོན་སྐྱེད་ཕྱུགཔོ་ཡོད་མི་ རྒྱལ་ཁབ་ཨཱན་གྷོ་ལ་ (Angola) ལུ་ རྒྱལ་རབས་གཏིང་ཟབ་དྲགས་དང་ ལམ་སྲོལ་མ་འདྲཝ་ དེ་ལས་ དཔལ་འབྱོར་མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན། ཧེ་མ་ Portuguese གི་དབང་འོག་ལུ་ཚུད་མི་ ཨཱན་གྷོ་ལ་འདི་ སྤྱི་ལོ་༡༩༧༥ ལུ་ རང་དབང་ཐོབ་ཡོདཔ་ཨིན་རུང་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ ནང་འཁྲུག་བྱུང་སྟེ་ གོང་འཕེལ་ལུ་བར་ཆད་བྱུང་ནུག། (World Bank, 2023)
ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་ཡོད་མི་དང་བསྟུན་ ཨཱན་གྷོ་ལ་འདི་ African གླིང་ཆེན་ནང་ལུ་ གཞན་དང་མ་འདྲ་བའི་རྒྱལ་ཁབ་ཅིག་སྦེ་རང་ལུས་ནུག། འདི་གི་རྒྱལ་ས་ལྟེ་བ་ ལུ་ཝེན་ཌ་(Luanda)འདི་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྲིད་དོན་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ ཕྱག་ཞུ་སྟེ་ ཡར་རྒྱས་འགྱོ་ཡོད་པའི་ རྟགས་མཚན་ཅིག་ཨིན་པས།
སྤྱི་མཐུན་རྒྱལ་ཁབ་འདི་ ལྷོ་ཨཕ་རི་ཀ་གི་ནུབ་དབུས་ མཚོ་འགྲམ་ལུ་ཆགས་ཡོདཔ་ཨིན། ལྷོ་ཕྱོགས་ལུ་ ན་མི་བི་ཡ་དང་ བྱང་ཕྱོགས་ལུ་ ཀོང་གོ་དམངས་གཙོའི་རྒྱལ་ཁབ་ ཤར་ཕྱོགས་ལུ་ ཟམ་བི་ཡ་ དེ་ལས་ ནུབ་ཕྱོགས་ལུ་ ཨེཊ་ལེན་ཊིག་རྒྱ་མཚོ་ཚུ་ ས་མཚམས་སྦེ་ཡོདཔ་ཨིན། རྒྱལ་ཁབ་འདི་ མཚོ་འགྲམ་རིངམོ་དང་ དབུས་ཕྱོགས་འདི་མཐོ་སུ་སྦེ་ཡོད་པའི་ ས་ཁོངས་རྒྱ་ཆེཝ་ཅིག་ནང་ ཁྱབ་སྟེ་ཡོདཔ་ཨིན། ཡུ་རོབ་ལས་ དུས་རབས་༡༥ པའི་མཇུག་བསྡུ་ཁམས་ཅིག་ཁར་ པཱོར་ཅུ་གལ་གྱི་འཚོལ་ཞིབ་པ་ཚུ་ལྷོད་ཞིནམ་ལས་ དུས་རབས་ལས་བཅད་དེ་ པཱོར་ཅུ་གལ་གྱི་དབང་དུ་བསྡུ་ནི་འགོ་བཙུགས་ནུག།
སྤྱི་ལོ་༢༠༢༢ ལུ་ ཨཱན་གྷོ་ལ་གི་མི་རློབས་འདི་ མི་ས་ཡ་༣༣ ལྷགཔ་ཅིག་ཡོདཔ་སྦེ་ ཚོད་དཔག་འབདཝ་ཨིན་མས། རྒྱལ་ཁབ་འདི་ནང་ མི་རིགས་མ་འདྲཝ་ཡོདཔ་ལས་ སྡེ་ཚན་སྦོམ་ཤོས་ཚུ་ཡང་ Ovimbundu དང་ Ambundu དེ་ལས་ Bakongo ཚུ་ཨིན་མས། (BBC, 2023) དབང་འོག་རྒྱལ་ཁབ་ཀྱི་རྩོམ་རིག་ཚུ་ གསལ་སྟོན་འབདཝ་མ་ཚད་ པཱོར་ཅུ་གལ་གྱི་སྐད་ཡིག་འདི་ གཞུང་འབྲེལ་སྐད་ཡིག་ཅིག་ཡང་ཨིན་པས། ཀིམ་བུན་ཌུ་དང་ ཨུམ་བུན་ཌུ་བཟུམ་གྱི་ ས་གནས་ཀྱི་སྐད་ཡིག་ཚུ་ཡང་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་ཨིན།
ཨཱན་གྷོ་ལ་འདི་ མངའ་སྡེ་༡༨ ལུ་དབྱེ་སྟེ་ཡོདཔ་ད་ དེ་ཚུ་ཡང་ ཁྲོམ་སྡེ་དང་ མི་སྡེ་ལུ་དབྱེ་སྟེ་ཡོདཔ་ཨིན། བདག་སྐྱོང་གཞི་བཀོད་འདི་གིས་ རྒྱལ་ཁབ་ཀྱི་ལུང་ཕྱོགས་མ་འདྲཝ་ཚུ་ནང་ ས་གནས་གཞུང་སྐྱོང་དང་ གོང་འཕེལ་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
ཨཱན་གྷོ་ལ་འདི་ གཅིག་མཐུན་གྱི་སྲིད་འཛིན་སྤྱི་མཐུན་རྒྱལ་ཁབ་ཅིག་སྦེ་ ལཱ་འབདཝ་ཨིན། སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ གཞུང་གི་འགོ་ཁྲིདཔ་སྦེ་ ཕྱག་ཞུ་སྟེ་ བཀོད་ཁྱབ་ཡན་ལག་ཚུ་ ལྟ་རྟོག་འབདཝ་ཨིན། རྒྱལ་ཡོངས་ཚོགས་འདུ་འདི་ ཁྲིམས་བཟོའི་ཚོགས་སྡེ་ཅིག་སྦེ་ ལཱ་འབདཝ་ཨིནམ་ད་ འཐུས་མི་ཚུ་ འདེམས་ཁོངས་མ་འདྲཝ་ཚུ་གི་ངོ་ཚབ་སྦེ་ བཙག་འཐུ་འབད་དེ་ཡོདཔ་ཨིན། ཨཱན་གྷོ་ལ་གི་ལམ་སྲོལ་འདི་ མི་རིགས་མ་འདྲཝ་དང་ དབང་འོག་རྒྱལ་ཁབ་ཀྱི་བྱུང་རབས་ཚུ་ སླ་བསྲེ་འབད་དེ་ཡོདཔ་ལས་ ཕྱུགཔོ་སྦེ་ཡོདཔ་ཨིན་པས།
ཤེས་རིག་དང་བརྡ་བརྒྱུད་ཚུ་ནང་ གཞུང་འབྲེལ་སྐད་ཡིག་ པཱོར་ཅུ་གལ་གྱི་སྐད་ཡིག་འདི་ ཁྱབ་ཆེཝ་སྦེ་ཡོདཔ་ཨིན། མི་སྡེའི་དུས་སྟོན་ཚུ་ནང་ རང་ལུགས་ཀྱི་སྙན་ཆ་དང་ཞབས་ཁྲ་ སེམ་བཱ་དང་ ཀི་ཟོམ་བཱ་ཚུ་ ཁག་ཆེཝ་སྦེ་ར་ལག་ལེན་འཐབ་དོ་ཡོདཔ་ཨིན་པས། ཨཱན་གྷོ་ལ་གི་དཔལ་འབྱོར་དེ་ མང་ཤོས་ཅིག་ མར་ཁུ་དང་རླངས་རླུང་གིས་ ཤུགས་བཏོན་དོ་ཡོདཔ་ལས་ རྒྱལ་ཡོངས་ལུ་འོང་འབབ་དང་ ཕྱིར་ཚོང་འོང་འབབ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ཨིན་པས། བཟོ་གྲྭ་གཞན་ཚུ་ཡང་ སོ་ནམ་དང་ བཟོ་གྲྭ་ དེ་ལས་ ས་གཏེར་ཚུ་ཨིན་པས། (World Economic Forum, 2023)
རང་བཞིན་ཐོན་སྐྱེད་ཚུ་ ལངམ་སྦེ་ཡོད་རུང་ རྒྱལ་ཁབ་ནང་ དཔལ་འབྱོར་སྣ་མང་བཟོ་ནི་དང་ དབུལ་ཕོངས་ཀྱི་ གནས་ཚད་མར་ཕབ་འབད་ནི་ལུ་ གདོང་ལེན་འབྱུང་དོ་ཡོདཔ་ཨིན་པས། ནང་འཁྲུག་གི་ཤུལ་ལས་ ཨཱན་གྷོ་ལ་གིས་ བསྐྱར་བཟོ་འབད་ནི་ལུ་ ཡར་རྒྱས་འགྱོ་སྟེ་ཡོད་རུང་ འོང་འབབ་འདྲ་མཉམ་མེད་མི་དང་ གཞི་རྟེན་མཐུན་རྐྱེན་ལངམ་སྦེ་མེད་མི་ དེ་ལས་ ངན་ལྷད་ཀྱི་གནད་དོན་ཚུ་ ད་ལྟོ་ཡང་ཡོདཔ་ཨིན་པས། ཁྲོམ་ཚོགས་མགྱོགས་དྲགས་སྦེ་གོང་འཕེལ་འགྱོ་མི་འདི་གིས་ ཁྲོམ་ཚོགས་ནང་ལུ་ མི་མངམ་འཛོམས་ཏེ་ མི་མང་གི་ཞབས་ཏོག་དང་ སྡོད་ཁྱིམ་ཚུ་ལུ་ དཀའ་ངལ་འབྱུང་དོ་ཡོདཔ་ཨིན། ཨཱན་གྷོ་ལ་འདི་ ཡུ་ཨེས་ཀྱི་ ཕྱིར་ཚོང་ཁྲོམ་ར་སྦོམ་ཤོས་གསུམ་པ་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ས་སྣུམ་ཕྱིར་ཚོང་འབད་མི་ལུ་བརྟེན་ཏེ་ ཨིན་མས། (International Monetary Fund, 2023)
ཨཱན་གྷོ་ལ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ ལུ་ཝེན་ཌ་འདི་ རྒྱལ་ཁབ་ཀྱི་བྱང་ཕྱོགས་ ཨེཊ་ལེན་ཊིག་མཚོ་འགྲམ་ལུ་ཆགས་ཏེ་ཡོདཔ་ད་ དེ་ཡང་ གྲུ་ཁ་གཙོ་བོ་དང་ བཟོ་གྲྭ་དང་ལམ་སྲོལ་ དེ་ལས་ ཁྲོམ་ཚོགས་ལྟེ་བ་གཙོ་བོ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན། སྤྱི་ལོ་ ༡༥༧༦ སྤྱི་ཟླ་དང་པའི་སྤྱི་ཚེས་༢༥ ལུ་ པཱོར་ཅུ་གལ་གྱི་འཚོལ་ཞིབ་པ་ (Paulo Dias de Novais) པའོ་ལོ་ཌི་ཡས་ཌི་ནོ་ཝའིསི་གིས་ གཞི་བཙུགས་འབད་ཡོདཔ་ད་ དེ་གི་མིང་འདི་ ངོ་མ་ལུ་ སཱའོ་པཱའོ་ལོ་ཌ་ཨ་སུན་སཱའོ་ཌི་ལོ་ཨན་ཌ་(Sao Paulo da Assuncao de Loanda) ཟེར་བཏགས་ནུག།
སྤྱི་ལོ་༢༠༢༠ ལུ་ ལུ་ཝེན་ཌ་གི་ཁྲོམ་ཆེན་ས་ཁོངས་ནང་ མི་རློབས་ས་ཡ་༨.༣ ལྷགཔ་ཅིག་ཡོདཔ་ལས་ བྲ་ཛིལ་གྱི་ཕྱི་ཁར་ འཛམ་གླིང་ནང་ མི་རློབས་མང་ཤོས་ཡོད་མི་ པོར་ཅུ་གལ་གྱི་ཁ་སླབ་མི་ རྒྱལ་ས་ལྟེ་བ་ཅིག་ལུ་འགྱུར་ནུག། དུས་རབས་༢༡ པའི་ནང་ ཁྲོམ་ཚོགས་འདི་ གལ་གནད་ཅན་སྦེ་ བསྐྱར་བཟོ་འབད་དེ་ཡོདཔ་དང་ གོང་འཕེལ་སྦོམ་ལེ་ཤ་ཅིག་གིས་ ཁྲོམ་གྱི་མཐོང་སྣང་འདི་ འགྱུར་བཅོས་འབད་ཡོདཔ་ཨིན། ལུ་ཝེན་ཌ་ལུ་ཡོད་པའི་བཟོ་གྲྭ་ཚུ་ཡང་ སོ་ནམ་ཐོན་སྐྱེད་བཟོ་སྦྱོར་དང་ འཐུང་ཆུ་བཟོ་སྐྲུན་ བགོ་ལ་བཟོ་བསྐྲུན་ བཟོ་སྐྲུན་གྱི་རྒྱུ་ཆ་ གྱིབ་ཤོག་ ལྕགས་རིགས་ དེ་ལས་ མར་ཁུ་བཙག་ནི་ཚུ་ཨིན་པས།
དཔལ་འབྱོར་ཡར་རྒྱས་སོང་ཡོད་རུང་ ལུ་ཝེན་ཌ་འདི་ ཕྱི་རྒྱལ་གྱི་མི་ཚུ་གི་དོན་ལུ་ འཛམ་གླིང་ནང་ གོང་ཚད་མཐོ་ཤོས་ཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན། ལམ་སྲོལ་གྱི་ཐད་ལུ་ ལུ་ཝེན་ཌ་ལུ་ རྒྱལ་ཡོངས་མི་རྒྱུད་རིག་པའི་འགྲེམས་སྟོན་ཁང་དང་ རྒྱལ་ཡོངས་ཟ་བྲན་འགྲེམས་སྟོན་ཁང་བཟུམ་གྱི་ འགྲེམས་སྟོན་ཁང་ལེ་ཤ་ཅིག་ཡོདཔ་ད་ དེ་ཚུ་གིས་ ལོ་ངོ་༤༠༠ གི་རིང་ལུ་ ཨཱཕ་རི་ཀ་ལུ་ ཟ་བྲན་ཚོང་འབྲེལ་གྱི་ དྲན་རྟེན་ཚུ་ ཉམས་སྲུང་འབད་དེ་ཡོདཔ་ཨིན།
དབང་འོག་དང་འཁྲུག་རྩོད་ལས་ དཔལ་འབྱོར་སླར་གསོ་དང་ དེང་སང་གི་གནས་སྟངས་ལུ་ལྷོད་མི་ ཨཱན་གྷོ་ལ་གི་རྒྱལ་རབས་གནས་སྟངས་འདི་གིས་ མི་སེར་ཚུ་གི་ དཀའ་ཐུབ་བཟོད་བསྲན་ཚུ་ གསལ་སྟོན་འབདཝ་ཨིན། རང་བཞིན་ཐོན་སྐྱེད་མངམ་དང་ ན་གཞོན་མི་རློབས་ དེ་ལས་ ཐབས་བྱུས་གོང་འཕེལ་གྱི་འཆར་གཞི་ཚུ་ཡོདཔ་ལས་ རྒྱལ་ཁབ་འདི་ ཨཱཕ་རི་ཀ་གི་དཔལ་འབྱོར་གནས་སྟངས་ནང་ གཙོ་བོ་ཅིག་ལུ་འགྱུར་ནི་གི་ འོས་འབབ་ཡོདཔ་ཨིན། (རྒྱལ་སྤྱིའི་དངུལ་འབྲེལ་མ་དངུལ་, ༢༠༢༣) ཨིན་རུང་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ འོང་འབབ་འདྲ་མཉམ་མེད་མི་དང་ གཞི་རྟེན་མཐུན་རྐྱེན་ལངམ་མེད་མི་ དེ་ལས་ གཞུང་སྐྱོང་དང་འབྲེལ་བའི་ གནད་དོན་ལ་སོགས་པའི་གདོང་ལེན་ཚུ་ སེལ་ཐབས་འབད་དགོཔ་ཨིན་པས།
References
[ཞུན་དག]BBC. (2023). Retrieved from Angalo country profile: https://www.bbc.com/news/world-africa-13036732
International Monetary Fund. (2023). Retrieved from Angalo:Economic developments ans Policies: https://www.imf.org/en/countries/AGO
World Bank. (2023). Retrieved from Angola:Overview.World Bank Group: https://woeldbank.org/en/country/angola/overview
World Economic Forum. (2023). Retrieved from The future of Angalo's economy: https://weforum.org/agenda/3023/05/angalo-economy-development-africa