ཨཱལ་ཇི་རི་ཡ།
གཞུང་འབྲེལ་དུ་ མི་སེར་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཨཱལ་ཇི་རི་ཡ་འདི་ བྱང་ཨཕ་རི་ཀ་གི་རྒྱལ་ཁབ་ཅིག་ཨིནམ་ད་ དེ་ནང་ རྒྱལ་རབས་དང་ལམ་སྲོལ་ དེ་ལས་ དཔལ་འབྱོར་གྱི་གནས་སྟངས་ཚུ་ ཕྱུགཔོ་སྦེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ཨིན་པའི་ཨལ་ཇི་ཡས་འདི་ རྒྱལ་ཁབ་ཀྱི་སྲོལ་རྒྱུན་མ་འདྲཝ་དང་ ཐབས་བྱུས་ཁག་ཅན་གྱི་ས་གནས་ཅིག་ཨིན།
ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞི་ ༢,༣༨༡,༧༤༡ དེ་ཅིག་ཁྱབ་སྟེ་ཡོད་མི་ ཨཱལ་ཇི་རི་ཡ་གིས་ ཨཕ་རི་ཀ་དང་ མེཌི་ཊར་ནི་ཡན་ལུང་(Mediterranean) ཕྱོགས་ནང་ རྒྱལ་ཁབ་སྦོམ་ཤོས་ཀྱི་ གོ་གནས་འཆང་ཡོདཔ་ཨིན་པས། (United Nations Statistics Division, 2023) ས་ཧ་ར་བྱེ་ཐང་སྦོམ་འདི་གིས་ རྒྱལ་ཁབ་ཀྱི་ས་ཁོངས་བརྒྱ་ཆ་ ༨༠ ལྷགཔ་ཅིག་ ཁྱབ་སྟེ་ཡོདཔ་ཨིན། བྱང་ཕྱོགས་ལུང་ཕྱོགས་ ཊེལ་ (Tell) ཟེར་སླབ་མི་འདི་ ས་ཞིང་བཟང་པོ་ཅིག་ཨིན་པའི་ཁར་ མི་རློབས་མང་ཤོས་ཅིག་ གངས་རི་ཚུ་ནང་སྡོད་དོ་ཡོདཔ་ཨིན། (National Geographic, 2022)
བྱུང་རབས་དང་འཁྲིལ་བ་ཅིན་ ཨཱལ་ཇི་རི་ཡ་འདི་ ཡར་ཐོན་གནས་སྟངས་ཀྱི་ས་གནས་ལྟེ་བ་ཅིག་ཨིན་པས། སྔོན་ལུགས་ནུ་མི་ཌི་ཡན་ (Numidian) རྒྱལ་ཁབ་ལས་ རོ་མཱན་མངའ་སྡེ་ཚུན་ཚོད་ དེ་ལས་ ཤུལ་ལས་ ཨོ་ཊོ་མཱན་(Ottoman) རྒྱལ་ཁམས་ཀྱི་ཆ་ཤས་ཅིག་སྦེ་ ལུང་ཕྱོགས་འདི་ནང་ ལམ་སྲོལ་དང་རྒྱལ་ཁམས་ཚུ་ རིམ་འབྱུང་སྦེ་མཐོང་ནུག། ཕཱརནསི་ (French) གི་དབང་དུ་བསྡུ་ནི་འདི་ སྤྱི་ལོ་༡༨༣༠ ལས་འགོ་བཙུགས་ཡོད་རུང་ ཡུན་རིངམོ་སྦེ་འཐབ་རྩོད་འབད་བའི་ཤུལ་ སྤྱི་ལོ་༡༩༦༢ ལུ་ རང་དབང་ཐོབ་ནུག།
སྤྱི་ལོ་༢༠༢༥ ལུ་ ཨཱལ་ཇི་རི་ཡ་གི་མི་རློབས་འདི་ ཧ་ལམ་ས་ཡ་ ༤༧.༨ དེ་ཅིག་ཡོདཔ་སྦེ་ ཚོད་དཔག་འབདཝ་ཨིན། རྒྱལ་ཁབ་འདི་ མང་ཤོས་ཅིག་རང་ Arab-Berber ཨིནམ་ད་ Berbers (Amazigh) འདི་ གྲངས་ཉུང་མི་རིགས་ཅིག་ཨིན་མས། Arabic དང་ Tamazight གཉིས་ཆ་ར་ གཞུང་འབྲེལ་གྱི་སྐད་ཡིག་སྦེ་ངོས་འཛིན་འབད་དེ་ཡོདཔ་ལས་ མི་རིགས་མ་འདྲཝ་ཡོད་པའི་ གསལ་སྟོན་འབདཝ་ཨིན། ཕཱརནསི་གིས་ཡང་ གཞུང་འབྲེལ་གྱི་གནས་རིམ་མེད་རུང་ དམིགས་བསལ་གྱིས་ བརྡ་བརྒྱུད་དང་ཤེས་རིག་ དེ་ལས་ བདག་སྐྱོང་ལས་འགན་ཚུ་ནང་ འགན་ཁུར་སྦོམ་སྦེ་རང་འབགཔ་ཨིན།
ཨཱལ་ཇི་རི་ཡ་འདི་ ཝི་ལེ་སི་(wilayas) ཟེར་མི་མངའ་སྡེ་ ༥༨ ལུ་དབྱེ་སྟེ་ཡོདཔ་ད་ དེ་ལས་ རྫོང་ཁག་ ༥༥༣ དང་ ཁྲོམ་སྡེ་༡༥༤༡ ལུ་དབྱེ་སྟེ་ཡོདཔ་ཨིན། བདག་སྐྱོང་གཞི་བཀོད་འདི་གིས་ ས་གནས་གཞུང་སྐྱོང་དང་ ལུང་ཕྱོགས་གོང་འཕེལ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན། (Administrative divisions of Interior, 2024). རྒྱལ་ཁབ་འདི་ ཕྱེད་ཀ་སྲིད་འཛིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ ལམ་ལུགས་འོག་ལུ་ལཱ་འབདཝ་ཨིན། སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ཡོདཔ་ད་ བློན་ཆེན་གྱིས་ གཞུང་གི་དབུ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས། ཨཱལ་ཇི་རི་ཡ་གི་སྲིད་དོན་གནས་སྟངས་འདི་ རྒྱལ་རབས་དང་འཁྲིལ་ཏེ་ དམག་མི་དང་ དབང་འཛིན་ཚོགས་པ་ རྒྱལ་ཡོངས་རང་དབང་ཚོགས་པ་ (FLN) གིས་ སྲིད་སྐྱོང་འབད་དེ་ཡོདཔ་ཨིན། (Roberts, 2021)
ཨཱལ་ཇི་རི་ཡ་གི་ལམ་སྲོལ་གྱི་མཛེས་ཆ་འདི་ (Arab) དང་ (Berber) གི་སྲོལ་རྒྱུན་ཚུ་ ཁྱབ་ཆེ་དྲགས་སྦེ་ར་ཡོདཔ་ཨིན་པས། རང་ལུགས་སྙན་ཆའི་རིགས་ (Raï) དང་ (Chaabi) དང་ མི་སྡེའི་ཞབས་ཁྲ་དང་ལག་བཟོ་ཚུ་གིས་ རྒྱལ་ཁབ་ཀྱི་སྒྱུ་རྩལ་གྱི་བརྡ་སྟོན་ཚུ་ གསལ་སྟོན་འབདཝ་ཨིན། ཨུ་ནེསི་ཀོ་(UNESCO) གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་ཅིག་ཨིན་མི་ (Casbah of Algiers) གིས་ རྒྱལ་ཁབ་ཀྱི་བཟོ་རིགས་ཀྱི་སྲོལ་ཁྱུན་འདི་ དཔེ་སྟོན་འབདཝ་ཨིན་པས།
ཨཱལ་ཇི་རི་ཡ་གིས་ ཨཕ་རི་ཀ་ (Africa) གི་དཔལ་འབྱོར་སྦོམ་ཤོས་ཅིག་ཨིནམ་དང་ འདི་ཡང་གཙོ་བོ་ར་ ས་སྣུམ་དང་རང་བཞིན་རླངས་རྫས་(Natural Gas) ཚུ་གསོག་འཇོག་འབད་དེ་ ཡོད་མི་ལུ་བརྟེན་ཏེ་ཨིན་མས། རྒྱལ་ཡོངས་མར་ཁུ་ལས་སྡེ་ སོ་ན་ཊརཆ་(Sonatrach) འདི་ ཨཕ་རི་ཀ་ལུ་ སྦོམ་ཤོས་ཅིག་ཨིནམ་མ་ཚད་ ཡུ་རོབ་ལུ་ རང་བཞིན་རླངས་རྫས་བཀྲམ་སྤེལ་འབད་མི་ གཙོ་བོ་ཅིག་ཨིན་མས། (OPEC, 2023) འདས་པའི་ལོ་ཚུ་ནང་ གཞུང་གིས་ དཔལ་འབྱོར་སྣ་མང་བཟོ་ཐབས་ལུ་ བསྒྱུར་བཅོས་ཚུ་ འགོ་བཙུགས་ཡོདཔ་ད་ དེ་ཡང་ ཧའི་ཌོ་ཀར་བོན་(Hydrocarbon) ལུ་བརྟེན་སྡོད་མི་ཚུ་ མར་ཕབ་འབད་ནི་དང་ སོ་ནམ་དང་ལྟ་བཤལ་བཟུམ་གྱི་ ལས་སྡེ་ཚུ་ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ཨིན་པས།
རང་བཞིན་ཐོན་སྐྱེད་ཀྱི་རྒྱུ་ནོར་ཡོད་རུང་ ཨཱལ་ཇི་རི་ཡ་ལུ་ གདོང་ལེན་ལེ་ཤ་ཅིག་རང་ཡོདཔ་ཨིན་པས། ལཱ་གཡོག་མེད་པའི་གནས་ཚད་མཐོ་དྲགས་དང་ དམིགས་བསལ་གྱིས་ ན་གཞོན་ཚུ་གི་ནང་འཁོད་ལུ་ དཔལ་འབྱོར་སྣ་མང་བཟོ་ནི་ དེ་ལས་ སྲིད་དོན་བསྒྱུར་བཅོས་ཚུ་ གལ་ཆེ་བའི་གནད་དོན་ཚུ་ཨིན་པས། རྒྱལ་ཁབ་འདི་ སཱ་ཧེལ་གྱི་ གནས་སྟངས་སྐྱོ་དྲགས་ཅན་གྱི་ ས་ཁོངས་ཚུ་གི་ ཉེ་འདབས་ལུ་ཡོདཔ་ལས་ ལུང་ཕྱོགས་ཉེན་སྲུང་གི་ ཚ་གྱང་ཚུ་ཡང་འཐོན་དོ་ཡོདཔ་ཨིན་པས།(Union, 2023)
ཨཱལ་ཇི་རི་ཡ་གཞུང་གིས་ མ་རྩ་གཞི་བཙུགས་ཀྱི་ཁྲིམས་ལུགས་ཚུ་ བསྐྱར་ཞིབ་འབད་དེ་ ཕྱི་རྒྱལ་གྱི་ཐད་ཀར་མ་རྩ་བཙུགས་ནི་ལུ་ སེམས་ཤུགས་བྱིན་ཐོག་ལས་ ཚོང་འབྲེལ་གྱི་གནས་སྟངས་ ཡར་དྲག་གཏང་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས། འཕྲལ་ཁམས་ཅིག་ཁར་ ཕྱི་རྒྱལ་གྱི་བདག་དབང་བཀག་ཆ་འབད་མི་ "༥༡/༤༩ གི་ཁྲིམས་ལུགས་" ཆ་མེད་བཏང་མི་འདི་གིས་ མ་རྩ་བཙུགས་མི་ཚུ་ལུ་ མཐུན་སྒྲིག་ཅན་གྱི་གནས་སྟངས་བཟོ་ནི་གི་ ཐབས་ཤེས་ཅིག་ཨིན་མས།
དེ་བཟུམ་སྦེ་ ཨེ་ར་བྷིཀ་(Arabic) ནང་ལུ་ "Al-Jazāʾir" ཟེར་སླབ་མི་ ཨཱལ་ཇི་ཡས་འདི་ ཨཱལ་ཇི་རི་ཡ་གི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན། མཚོ་གླིང་འདི་ རྒྱལ་ཁབ་ནང་ལུ་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། ཁྲོམ་ཚོགས་འདི་གི་བཟོ་རིགས་འདི་ ཕིརེནཆ་ (French) གི་དབང་འོག་དང་རང་ལུགས་ ཨིསི་ལ་མིཀ་(Islamic) གི་ལུགས་སྲོལ་ཚུ་སླ་བསྲེ་རྐྱབ་ཡོདཔ་དང་ (Casbah) རྫོང་ཁག་ནང་ལུ་ ཁྲོམ་ལམ་རྒྱ་ཆུང་ཀུ་དང་ རྒྱལ་རབ་ཅན་གྱི་ཁ་ཆེའི་ལྷ་ཁང་ དེ་ལས་ (Ottoman) གི་དུས་སྐབས་ཀྱི་ཕོ་བྲང་ཚུ་ཡོདཔ་ཨིན། སྤྱི་ལོ་༢༠༢༠ ཚུན་ ཨཱལ་ཇི་ཡར་ལུ་ མི་རློབས་ས་ཡ་༤.༥ ལྷགཔ་ཅིག་ཡོདཔ་སྦེ་ ཚོད་དཔག་འབདཝ་ཨིན་པས། (World Population Review, 2025).
ཨཱལ་ཇི་རི་ཡ་གི་བྱུང་རབས་ཕྱུགཔོ་དང་ ལམ་སྲོལ་སྣ་མང་ དེ་ལས་ དཔལ་འབྱོར་གྱི་འོས་འབབ་ཚུ་གིས་ བྱང་ཨཕ་རི་ཀ་ལུ་ རྒྱལ་ཁབ་ཁག་ཆེ་ཤོས་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན། ཨཱལ་ཇི་རི་ཡ་གི་ལྟེ་བ་ཨཱལ་ཇི་ཡས་འདི་ཡང་ རྒྱལ་རབས་དང་ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ཡོདཔ་ལས་ ཕིརེནཆ་དང་ ཨིས་ལ་མིཀ་སྲོལ་ཁྱུན་གཉིས་སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་པས། གདོང་ལེན་ཚུ་ ཡོད་དེ་རང་འབད་རུང་ འཕྲོ་མཐུད་དེ་རང་བསྐྱར་ཞིབ་དང་ ཐབས་བྱུས་ལས་རིམ་ཚུ་གིས་ རྒྱལ་ཁབ་ཀྱི་སྟོབས་ཤུགས་ཚུ་ མ་འོངས་པ་ལུ་ ཡར་རྒྱས་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ལཱ་འབད་དོ་ཡོདཔ་ཨིན་པས།
References
[ཞུན་དག]Division, U. N. (2023). Algeria's Land area and Geographical Statistics.
Geographic, N. (2022). Geography and Environment of Algeria .
Interior, A. M. (2024). Administrative divisions of Algeria.
OPEC. (2023). Oil and Gas production in Algeria.
Review, W. P. (2025). Algeria: Demographics and population trends.
Roberts, H. (2021). The Struggle for Algeria. Political History and Governance.
Union, A. (2023). Security challenges in North Africa and the Sahel regions.