ཨཱལ་བེ་ནི་ཡ།
| ཨཱལ་བེ་ནི་ཡ། | |||
|
| |||
| རྒྱལ་ས། | |||
| ས་ཁྱོན། | 28 748 km² | ||
| མི་འབོར | 2 402 113 | ||
ཤར་ལྷོ་ཡུ་རོབ་ཀྱི་རྒྱལ་ཁབ་ཅིག་ཨིན་མི་ ཨལ་བྷེ་ནི་ཡ འདི་ རྒྱལ་རབས་ཕྱུགཔོ་དང་ ལམ་སྲོལ་མ་འདྲཝ་ དེ་ལས་ ཨེ་ཌི་རི་ཡ་ཊིག་ (Adriatic) དང་ ཨིའོ་ནིཡན་ (Ionian) མཚོ་བདའ་སྟེ་ ཐབས་བྱུས་ཅན་གྱི་ས་གནས་ཚུ་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན། དེ་གི་རྒྱལ་ས་ལྟེ་བ་ ཏ་ར་ནི་འདི་ རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིན། རྩོམ་ཡིག་འདི་ནང་ ས་ཆའི་ཁྱབ་ཚད་དང་ མི་རློབས་ གཞུང་སྐྱོང་ དཔལ་འབྱོར་ གདོང་ལེན་ དེ་ལས་ ཚོང་འབྲེལ་གྱི་མཐའ་འཁོར་ཚུ་བརྩིས་ཏེ་ ཨཱལ་བཱ་ནི་ཡ་དང་ ཊི་ར་ན་གི་ གནས་སྟངས་མ་འདྲཝ་ཚུ་ བརྟག་ཞིབ་འབདཝ་ཨིན།
ཨལ་བྷེ་ནི་ཡ་གི་ས་ཆ་འདི་ ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞི་ ༢༨,༧༤༨ དེ་ཅིག་ཡོདཔ་དང་ ས་མཚམས་འདི་ མོན་ཊེ་ནེ་གོ་ དང་ ཀོ་སོ་ཝོ་ དེ་ལས་ བྱང་མེཀ་ཌོ་ནི་ཡ་དང་ གིརིསི་ཚུ་ཨིན། (wikipedia, 2025) རྒྱལ་ཁབ་ཀྱི་ས་ཆ་འདི་ མཚོ་མཐའ་བདའ་སྟེ་ གངས་རི་གཟར་དྲགས་ཚུ་ལས་ ས་བཅུད་ལྡན་པའི་ཐང་ཚུན་ཚོད་ཡོདཔ་ཨིན། བྱུང་རབས་དང་འཁྲིལ་བ་ཅིན་ ལུང་ཕྱོགས་འདི་ རོ་མཱན་དང་ བཱའི་ཟན་ཊིན་གྱི་ཤན་ཞུགས་འོག་ལུ་མ་ལྷོད་པའི་ཧེ་མ་ སྔོན་མའི་ ཨི་ལི་རི་ཡན་ཚུ་སྡོད་ནུག། སྤྱི་ལོ་ ༡༩༡༢ སྤྱི་ཟླ་ ༡༡ པའི་ཚེས་ ༢༨ ལུ་ ཨཱལ་བེ་ནི་ཡ་གིས་ ཨོ་ཊོ་མཱན་རྒྱལ་ཁབ་ལས་ རང་དབང་ཐོབ་པའི་གསལ་བསྒྲགས་འབད་དེ་ དེང་སང་གི་དུས་སྐབས་འགོ་བཙུགས་ནུག། སྤྱི་ལོ་ ༢༠༢༣ ལོའི་མི་རྩིས་ལྟར་འབད་བ་ཅིན་ ཨཱལ་བྷེ་ནི་ཡ་ལུ་ མི་རློབས་ས་ཡ་༢.༤ དེ་ཅིག་ཡོདཔ་ཨིན། མི་མང་ཤོས་ཅིག་གིས་ར་ ཨལ་བྷེ་ནི་ཡ་གི་མི་རིགས་ཨིནམ་སྦེ་ ངོས་འཛིན་འབད་དོ་ཡོདཔ་དང་ འདི་ཡང་ གིརིཀ་དང་ མེག་ཌོ་ནི་ཡཱན་ དེ་ལས་ མོན་ཊེན་གིརིན་དང་རོ་མཱ་ཚུ་བརྩིས་ཏེ་ མི་རིགས་གྱངས་ཁ་ཆོད་མི་ཚུ་ཨིན་མས། ཨལ་བྷེ་ནི་ཡ ལུ་ མི་རིགས་ཀྱི་ལམ་ལུགས་མེདཔ་ཨིན། མི་སྡེ་གི་གཞི་བཀོད་འདི་ ལུང་ཕྱོགས་དང་བཟའ་ཚང་གི་འབྲེལ་བ་ཚུ་གིས་ ཤན་ཞུགས་འབད་དེ་ མི་སྡེ་དང་མགྲོན་བསུ་འབད་ནི་ལུ་ གཙོ་བོར་བསྟེནམ་ཨིན་མས། (Elez Biberaj, 2025)
ཨལ་བྷེ་ནི་ཡ་འདི་སྲིད་འཇིན་རྫོང་ཁག་ ༡༢ ལུ་དབྱེ་སྟེ་ཡོདཔ་དང་ དེ་ལས་ ཁྲོམ་སྡེ་ ༦༡ ལུ་དབྱེ་སྟེ་ཡོདཔ་ཨིན། (wikipedia, 2024) རྒྱལ་ས་ལྟེ་བ་ ཏ་ར་ནི་འདི་ རྫོང་ཁག་དང་ ཁྲོམ་སྡེ་གཉིས་ཆ་ར་ཨིནམ་ལས་ བདག་སྐྱོང་སྡེ་ཚན་ལེ་ཤ་ཅིག་ ཁྱབ་སྟེ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ཨཱལ་བཱ་ནི་ཡ་ལུ་སྦོམ་ཤོས་ཅིག་ཨིནམ་དང་ གཞུང་སྐྱོང་དང་ཚོང་འབྲེལ་ དེ་ལས་ལམ་སྲོལ་གྱི་ལྟེ་བ་གཙོ་བོ་ཅིག་སྦེ་ལཱ་འབདཝ་ཨིན། སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ཡོདཔ་དང་ བློན་ཆེན་གྱིས་ གཞུང་གི་དབུ་ཁྲིདཔ་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས། ཀུ་ཝེན་ཌི་ཡང་ན་ སྤྱི་ཚོགས་ཟེར་སླབ་མི་ ཚོགས་ཁང་གཅིག་པའི་སྤྱི་ཚོགས་འདི་ ཁྲིམས་བཟོའི་ལཱ་འགན་ཚུ་ འགན་ཁུར་འབགཔ་ཨིན། སྤྱི་ལོ་ ༡༩༩༠ འགོ་བཙུགས་ཁམས་ཅིག་ལས་ ཨཱལ་བཱ་ནི་ཡ་གིས་ སྲིད་དོན་གྱི་བསྒྱུར་བཅོས་སྦོམ་སྦེ་ར་འབད་དེ་ དམངས་གཙོའི་ལམ་ལུགས་ལུ་འགྱུར་ཡོདཔ་མ་ཚད་ ཡུ་རོ་པིན་མཉམ་འབྲེལ་གྱི་འཐུས་མི་འབད་ནི་གི་ རེ་བ་ཡང་ཡོདཔ་ཨིན། གཞུང་འབྲེལ་གྱི་སྐད་ཡིག་འདི་ ཨལ་བྷེ་ནི་ཡ་ཨིནམ་དང་ དེ་ནང་ བྱང་ཕྱོགས་ལུ་ གེག་དང་ལྷོ་ཕྱོགས་ལུ་ ཊོསིཀ་ཟེར་མི་ སྐད་ཡིག་གཙོ་བོ་གཉིས་ཡོདཔ་ཨིན། ཨལ་བྷེ་ནི་ཡ་གི་ལམ་སྲོལ་ནང་ལུ་ ཨི་ལི་རི་ཡན་དང་ གིརིཀ་དེ་ལས་ རོ་མཱན་དང་ བཱའི་ཟན་ཊིན་ དེ་ལས་ ཨོ་ཊོ་མན་གྱི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་སྦེ་ཨིན་མས། རང་ལུགས་སྙན་ཆ་དང་ཞབས་ཁྲ་ དེ་ལས་ རྩོམ་རིག་གི་སྲོལ་རྒྱུན་ཕྱུགཔོ་ཚུ་ རྒྱལ་ཡོངས་ངོ་རྟགས་ལུ་ གལ་ཆེ་ཤོས་ཅིག་ཨིན། ཡིད་ཆེས་དང་གུས་ཞབས་ལུ་སྟོན་མི་ བེ་ས་ གི་བསམ་གཞི་འདི་གིས་ མི་སྡེ་གིས་ མགྲོན་བསུ་དང་བློ་གཏད་ལུ་ གཙོ་བོར་བསྟེན་དོ་ཡོདཔ་སྦེ་ཨིན་མས། ཆོས་ལུགས་ཀྱི་ཐད་ལུ་ ཨཱལ་བཱ་ནི་ཡ་འདི་ ཨིསི་ལམ་དང་ཡེ་ཤུའི་ཆོས་ལུགས་སླ་བསྲེ་སྟེ་ཡོདཔ་ལས་ ཆོས་ལུགས་བཟོད་བསྲན་དང་ མཉམ་གནས་ཀྱི་བྱུང་རབས་ཡོདཔ་ཨིན། (Encyclopedia Britannica, 2025)
དཔལ་འབྱོར ཨེལ་བྷ་ནི་ཡ་གི་དཔལ་འབྱོར་དེ་ སོ་ནམ་དང་བཟོ་གྲྭ་ དེ་ལས་ ཞབས་ཏོག་ཚུ་བརྩིས་ཏེ་ མ་འདྲཝ་སྦེ་ཡོདཔ་ཨིན་པས། སོ་ནམ་ཐོན་སྐྱེད་ གྲོ་དང་ གེ་ཟ་ ཨོ་ལིབ་ དེ་ལས་ ཤིང་འབྲས་ཚུ་ གཙོ་བོ་ཨིན་པས། འདས་པའི་ལོ་ཚུ་ནང་ ལྟ་བཤལ་གྱི་ལཱ་འདི་ ཡར་རྒྱས་སྦོམ་སྦེ་ར་འགྱོ་སྟེ་ཡོདཔ་ལས་ ལྟ་བཤལཔ་ཚུ་གིས་ ཨཱལ་བེ་ནི་ཡ་གི་ མཚོ་འགྲམ་དང་ རྒྱལ་རབས་ཀྱི་ས་ཁོངས་ དེ་ལས་ རང་བཞིན་གྱི་མཛེས་སྡུག་ཚུ་ལུ་ སེམས་ཤུགས་བྱིན་དོ་ཡོདཔ་ཨིན། གཞུང་གིས་ ཡུན་བརྟན་གྱི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི་དང་ ཕྱིའི་མ་རྩ་གཞི་བཙུགས་འབད་ནི་ལུ་ ལེགས་སྒྱུར་འབད་ཡོདཔ་ཨིན་པས། གདོང་ལེན་དང་དཀའ་ངལ། ཡར་རྒྱས་སོང་ཡོད་རུང་ ཨཱལ་བཱ་ནི་ཡ་ལུ་ ལཱ་གཡོག་མེད་མི་དང་ ངན་ལྷད་ དེ་ལས་ ཕྱི་ཁར་འགྱོ་མི་ཚུ་བརྩིས་ཏེ་ གདོང་ལེན་ཚུ་ ཐོན་དོ་ཡོདཔ་ཨིན་པས། མི་སེར་མང་ཤོས་ཅིག་གིས་ ཕྱི་རྒྱལ་ལུ་གོ་སྐབས་འཚོལ་འགྱོ་བའི་དཀའ་ངལ་བྱུང་ཡོདཔ་ཨིན། (Russell King, 2023) ངན་ལྷད་དེ་ ཚ་གྱང་ཅན་ཅིག་སྦེ་ར་ ལུས་ཡོདཔ་ལས་ མི་མང་གི་ བློ་གཏད་ལུ་ ཐོ་ཕོགཔ་མ་ཚད་ དཔལ་འབྱོར་གོང་འཕེལ་ལུ་ བར་ཆད་རྐྱབ་དོ་ཡོདཔ་ཨིན་པས། ད་རུང་ ཨཱལ་བཱ་ནི་ཡ་ལུ་ ས་ཡོམ་དང་ཆུ་རུད་བཟུམ་གྱི་ རང་བཞིན་གྱི་རྐྱེན་ངན་ཚུ་ འབྱུང་སྲིད་ནི་ཨིནམ་ལས་ གཞི་རྟེན་མཐུན་རྐྱེན་དང་ གོང་འཕེལ་གྱི་ གནས་སྟངས་ཚུ་ལུ་ ཉེན་ཁ་ཡོདཔ་ཨིན་པས། རྒྱལ་ས་ལྟེ་བ་ཅིག་ཨིན་མི་ ཏ་ར་ནི་འདི་ ཨཱལ་བེ་ནི་ཡ་གི་ཚོང་འབྲེལ་གྱི་ལཱ་ཚུ་གི་ལྟེ་བ་ཅིག་ཨིན། ཁྲོམ་སྡེ་ནང་ ཚོང་འབྲེལ་གྱི་ལས་སྣ་དང་ ཚོང་འབྲེལ་ཆུང་བ་དང་བར་མ་ཚུ་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན་པས། གཞུང་གིས་ ཚོང་འབྲེལ་གྱི་དོན་ལུ་ མཐུན་འབྲེལ་ཅན་གྱི་མཐའ་འཁོར་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དེ་ ཕྱི་རྒྱལ་གྱི་མ་རྩ་བཙུགས་མི་ཚུ་ དམིགས་བསལ་གྱིས་ ལྟ་བཤལ་དང་ ནུས་ཤུགས་ དེ་ལས་ བཟོ་གྲྭ་ཚུ་ནང་ འོང་བཅུག་སྟེ་ཡོདཔ་ཨིན་པས། ཚོང་འབྲེལ་གྱི་ཁྲིམས་ལུགས་ཚུ་ ཡུ་རོ་པིན་གནས་ཚད་དང་བསྟུན་ཏེ་ ལུང་ཕྱོགས་དང་འཛམ་གླིང་དཔལ་འབྱོར་ནང་ལུ་ ཨལ་བྷེ་ནི་ཡ མཉམ་འབྲེལ་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་གི་དོན་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན། (Encyclopedia Britannica, 2023)
ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་དང་ ཐབས་བྱུས་ཅན་གྱི་ས་གནས་ཡོད་པའི་ ཨལ་བྷེ་ནི་ཡ་གིས་དེང་སང་གི་གནས་སྟངས་དང་དཔལ་འབྱོར་གོང་འཕེལ་གྱི་ལམ་ལུགས་ལུ་ འགྲུལ་བསྐྱོད་འབད་དོ་ཡོདཔ་ཨིན། གདོང་ལེན་ཚུ་ དམིགས་བསལ་གྱིས་ གཞུང་སྐྱོང་དང་དཔལ་འབྱོར་བརྟན་ཏོག་ཏོ་ནང་ གནས་ཏེ་ཡོད་རུང་ རྒྱལ་ཁབ་ཀྱི་བསྐྱར་ཞིབ་དང་ གོང་འཕེལ་གྱི་ཁས་བླངས་ཚུ་ གསལ་ཏོག་ཏོ་སྦེ་ མཐོང་ཚུགས་དོ་ཡོདཔ་ཨིན་པས། ཊི་རཱ་ན་གིས་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ ཨལ་བྷེ་ནི་ཡ་གི་ ཡར་རྒྱས་དང་མ་འོངས་པའི་དོན་ལུ་ འབད་བརྩོན་བསྐྱེད་མི་གི་སེམས་ཤུགས་སྟོནམ་ཨིན།
རྒྱབ་རྟེན།
[ཞུན་དག]༢༢༣ ཨལ་བྷེ་ནི་ཡའི་མི་འབོར་རྩིས་ཞིབ་ ༢༠༢༤, p. ༧༦།