ཨིས་རེལ་རྒྱལ་ཁབ།
ངོ་སྤྲོད་དང་ཆགས་རབས།
ཨིས་རེལ་རྒྱལ་ཁབ་འདི་ རྒྱལ་རབས་ཕྱུགཔོ་དང་ ལམ་སྲོལ་མ་འདྲཝ་ཚུ་ཡོད་པའི་ རྒྱལ་ཁབ་ཅིག་ཨིནམ་ད་ འདི་ཡང་ ཤར་དབུས་རྒྱལ་ཁབ་(Middle East)ནང་ ཤར་ཕྱོགས་མཚོའི་མཐའ་མར་ ཆགས་ཡོདཔ་ཨིན། སྤྱི་ལོ་༡༩༤༨ ལུ་གཞི་བཙུགས་འབད་ཡོདཔ་དང་ སའི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་༢༢,༠༧༢ (མའིལ་གྲུ་བཞི་༨༥༢༢) དེ་ཅིག་ཁྱབ་སྟེ་ཡོདཔ་ཨིན། ཨིས་རེལ་གི་ས་ཆའི་གནས་སྟངས་འདི་ གངས་རི་དང་ལུང་གཤོང་ ས་ཞིང་ཚུ་ སླ་བསྲེ་རྐྱབ་སྟེ་ མཚོ་འགྲམ་ལུ་ ཁྲོམ་ཚོགས་དང་ སྔོན་ལུགས་ཀྱི་གྱང་ཤུལ་ དེ་ལས་ མཚོའི་མཐའ་མ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན།
རྒྱལ་ཁབ་འདི་ནང་ གནམ་གཤིས་འདི་ ཚ་དྲོད་ཅན་དང་ གནམ་བྱཱར་སྐམ་ དེ་ལས་ དགུན་དུས་ལུ་ཆརཔ་ཚུ་ རྐྱབ་དོ་ཡོདཔ་ཨིན། མཐའ་འཁོར་ལུ་རྒྱལ་ཁབ་ ལེ་བ་ནོན་དང་ སི་རི་ཡ་ ཇོར་ཌན་ ཨི་ཇིབཊ་ཚུ་གིས་ བསྐོར་ར་རྐྱབ་སྟེ་ ཡོདཔ་དང་ ཨིས་རེལ་གྱི་ ས་ཁོངས་འདི་ཐབས་བྱུས་ཅན་ཅིག་ཨིནམ་ལས་ རྒྱལ་རབས་ནང་ གལ་གནད་ཅན་གྱི་ འགན་ཁུར་འབགཔ་ཨིན་པས།[༡]
མི་རིགས་དང་མི་རློབས།
ཨིས་རེལ་ལུ་ མི་རློབས་མ་འདྲཝ་ཡོདཔ་ད་ མི་མང་ཤོས་ཅིག་རང་ ཇིའུ་དང་ དེ་གི་ཤུལ་ལས་ ཨ་རབ་(Arab) དང་པེ་ལིས་ཊེ་ནི་ཡཱན་(Palestinians) ཚུ་ཨིན་མས། དེ་ལས་ དྲུ་ཟི་(Druze)བཟུམ་གྱི་ སྡེ་ཚན་ཆུང་ཀུ་ཚུ་ཡང་ཡོདཔ་ཨིན། ཨིས་རེལ་ལུ་སྡོད་མི་གི་གྱངས་ཁ་འདི་ དུས་རྒྱུན་དུ་རང་ འགྱུར་བཅོས་འགྱོ་དོ་ཡོདཔ་ལས་ སྤྱི་ལོ་༢༠༢༥ ལུ་ མི་ས་ཡ་༩.༩ དེ་ཅིག་ཡོདཔ་ཨིན།
གཞུང་སྐྱོང་ལམ་ལུགས།
ཨིས་རེལ་འདི་ དམངས་གཙོའི་རྒྱལ་ཁབ་ཅིག་ཨིནམ་ད་ དེ་ནང་ རང་དབང་ཨིནམ་སྦེ་ སྤྱི་ལོ་ ༡༩༤༨ ལུ་གསལ་བསྒྲགས་ འབད་ཡོདཔ་དང་ སྤྱི་ཚོགས་ཀྱིས་ཆ་འཇོག་འབད་མི་ གཞི་རྟེན་ཁྲིམས་ལུགས་༡༤ གིས་ཐོག་ལས་ རྩ་ཁྲིམས་ཆེན་མོ་ ཡིག་ཐོག་ལུ་ བརྩམ་སྟེ་ཡོདཔ་ཨིན། སྤྱི་ཚོགས་ ཀ་ནེ་སེཊ་(knesset)ལུ་ ཁྲིམས་བཟོའི་ཁང་མིག་གཅིག་ཡོདཔ་ད་ ལོ་བཞི་རེ་ནང་ འཐུས་མི་༡༢༠ བཙག་འཐུ་གྲུབ་ཡོདཔ་ཨིན་པས། སྲིད་འཛིན་འདི་ གཟེངས་བསྟོད་ཀྱི་གོ་གནས་ཨིནམ་ལས་ བློན་ཆེན་འདི་ སྤྱི་ཚོགས་ནང་འཐུས་མི་ མང་ཤོས་ཡོད་མི་ ཚོགས་པ་གི་འགོ་ཁྲིདཔ་ཨིན། སྐྱེས་ལོ་༡༨ དང་དེ་ལས་ལྷག་པའི་ མི་སེར་ཆ་མཉམ་ལུ་ ཚོགས་རྒྱན་བཙུགས་ཆོག་པའི་ འོས་འབབ་ཡོདཔ་ལས་ འདེམས་ངོ་ཚུ་ ཉུང་ཤོས་རང་ སྐྱེས་ལོ་༢༡ ལང་དགོཔ་ཨིན་པས། ཆེ་མཐོ་ཁྲིམས་འདུན་དེ་ དྲང་ཁྲིམས་ལས་སྡེ་ལས་མཐོ་ཤོས་ཨིན་པས། [༢]
སྐད་ཡིག།
ཧིབ་རུ་(Hebrew)ཁ་སྐད་འདི་ རྒྱལ་ཁབ་ནང་འཁོད་ལུ་ བརྒྱུད་འབྲེལ་གྱི་ བརྒྱུད་ལམ་གཙོ་བོ་ཅིག་སྦེ་ ཕྱག་ཞུ་མི་ ཨིས་རེལ་གྱི་ གཞུང་འབྲེལ་སྐད་ཡིག་ཅིག་ཨིན། ཤེས་རིག་དང་གཞུང་ དེ་ལས་ བརྡ་བརྒྱུད་ཚུ་རྩིས་ཏེ་ ཨིས་རེལ་གྱི་མི་ཚེ་གི་གནས་སྟངས་ག་ར་ལུ་ ཁག་ཆེ་བའི་ཆ་ཤས་གཙོ་བོ་ཅིག་ཨིན། ཧེ་མ་ ཨ་ར་བིག་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཅིག་ཨིན་རུང་ སྤྱི་ལོ་༢༠༡༨ ལུ་ རྒྱལ་ཁབ་དང་མངའ་སྡེ་གི་ཁྲིམས་ལུགས་དང་འཁྲིལ་ཏེ་ གནས་རིམ་འདི་ དམིགས་བསལ་གནས་རིམ་གྱི་སྐད་ཡིག་ལུ་ བསྒྱུར་བཅོས་འབད་ཡོདཔ་ཨིན།[༣]
ལམ་སྲོལ།
ཨིས་རེལ་གྱི་ལམ་སྲོལ་འདི་ སྔོན་ལུགས་ཀྱི་ ཇི་ཝིཤ་(Jewish) གི་ལམ་སྲོལ་དང་ ཤར་དབུས་ཀྱི་ཤན་ཞུགས་ དེ་ལས་ དེང་སང་གི་ནུབ་ཕྱོགས་ཀྱི་ གནས་སྟངས་ཚུ་ སླ་བསྲེ་སྟེ་ཡོདཔ་ཨིན། རྒྱལ་རབས་དང་ལྡན་པའི་ ཆོས་ཁང་དང་ ཁྲོམ་གྱི་ ཡོངས་གྲགས་ཅན་གྱི་ སྒྱུ་རྩལ་གྱི་མཐོང་སྣང་དང་ གསར་གཏོད་ཀྱི་འཕྲུལ་རིག་ལས་སྡེ་ཚུན་ ལམ་སྲོལ་གྱི་བརྡ་སྟོན་ཚུ་ ཕྱུགཔོ་སྦེ་ ཡོདཔ་ཨིན་པས། སླ་བསྲེ་སྟེ་ཡོད་པའི་ རང་ལུགས་དང་དེང་སང་གཉིས་ཆ་ར་ཨིནམ་ལས་ རྒྱལ་ཁབ་ཀྱི་བྱུང་རབས་དང་ མི་རློབས་མ་འདྲཝ་ཚུ་ གསལ་སྟོན་འབདཝ་ཨིན་མས།
ཨིས་རེལ་ལུ་ དམིགས་བསལ་གྱིས་བཟའ་ཚང་འདི་ མི་ངོ་རྐྱང་ལས་ བརྩི་མཐོང་ཆེཝ་སྦེ་ཡོད་མི་འདི་ མཉམ་སྡེབ་ཀྱི་མི་སྡེ་ཅིག་སྦེ་རྩིཝ་ཨིན་པས། ཨིས་རེལ་གྱིས་ ཁོང་རའི་བཟའ་ཚང་དང་ཆ་རོགས་ཚུ་དང་གཅིག་ཁར་ མི་ཚེ་འདི་ བརྗེ་སོར་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ལས་ དགོས་མཁོ་ཡོད་མི་ཚུ་ལུ་ གྲོགས་རམ་འབད་བྱིན་དོ་ཡོདཔ་ཨིན། ཨིས་རེལ་འདི་ སྤྱིར་བཏང་ལུ་ ཁོང་རའི་ལམ་སྲོལ་དང་མངའ་སྡེ་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན། [༤]
དཔལ་འབྱོར།
ཨིས་རེལ་གྱིས་ གོང་འཕེལ་ཆེ་བའི་ ཁྲོམ་གྱི་དཔལ་འབྱོར་ གོང་འཕེལ་འགྱོ་དོ་ཡོདཔ་ད་ དེ་ཡང་ འཛམ་གླིང་ནང་ མིང་ཅན་གྱི་ཐོན་སྐྱེད་ནང་ མཐོ་ཤོས་༢༦ གི་གྲས་ལས་ གཅིག་ཨིན་པས། དཔལ་འབྱོར་གྱི་སྟོབས་ཤུགས་འདི་གིས་ མཐའ་དོན་མངའ་སྡེ་དང་ དེང་སང་གི་དམག་མི་དང་ སི་ལི་ཀོན་ལུང་གཤོང་ལུ་ དོ་འགྲན་འབད་མི་ འཕྲུལ་རིག་མཐོ་བའི་ལས་སྡེ་ཅིག་ ཡར་སེང་འབདཝ་ཨིན། འཛམ་གླིང་ནང་ལུ་ འགོ་བཙུགས་མི་ ལས་སྡེ་སྦོམ་ཤོས་གཉིས་པ་ཨིན་མི་ ཨིས་རེལ་གྱིས་ ཕྱི་རྒྱལ་གྱི་ཞིབ་འཚོལ་དང་ གོང་འཕེལ་གྱི་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་གི་དོན་ལུ་ ཨིན་ཊེལ་(Intel) དང་མའི་ཀོརོ་སོཕཊ་ (Microsoft) དེ་ལས་ ཨེ་པཱལ་བཟུམ་གྱི་ ཨ་མི་རི་ཀའི་ལས་སྡེ་ཚུ་ འཐུས་ཤོར་བྱུང་ཡོདཔ་ཨིན། རྒྱལ་ཁབ་ལེ་ཤ་གི་ལས་འཛིན་༤༠༠ ལྷགཔ་ཅིག་གིས་ ཨིས་རེལ་ལུ་ ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་ཚུ་གཞི་བཙུགས་འབད་དེ་ གསར་བཏོད་ཀྱི་ནང་ལུ་ འཛམ་གླིང་འགོ་ཁྲིདཔ་གི་གནས་རིམ་འདི་ བརྟན་ཏོག་ཏོ་བཟོ་སྟེ་ཡོདཔ་ཨིན། [༥]
ཚོང་འབྲེལ།
ཨིས་རེལ་ལུ་ དཔལ་འབྱོར་མཐར་འཁྱོལ་ཅན་ཅིག་ཡོདཔ་ད་ འཕྲུལ་རིག་དང་ ཕྱིར་ཚོང་འཐབ་ནིའི་ཅ་ཆས་ཚུ་ འཕྲུལ་རིག་མཐོ་བའི་ཐོན་སྐྱེད་དང་ སོ་ནམ་ཐོན་སྐྱེད་ཚུ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཁོང་གིས་ མི་རློབས་ཡར་སེང་འགྱོ་མི་དང་ ཐོན་ཁུངས་ཚད་ཅིག་ལས་བརྒལ་མེད་རུང་ ལྟ་བཤལ་དང་ བཟོ་གྲྭ་ཕྱིར་ཚོང་བཟུམ་གྱི་ ས་ཁོངས་ཚུ་ནང་ ཡར་རྒྱས་འགྱོ་སྟེ་ཡོདཔ་ཨིན་པས། ཚོང་འབྲེལ་ནང་ ཡུ་ཨེས་དང་རྒྱ་ནག་རྒྱལ་ཁབ་ཚུ་དང་ མཉམ་འབྲེལ་འབད་དོ་ཡོདཔ་ཨིན། [༥]
དཀའ་ངལ་དང་གདོང་ལེན།
ཨིས་རེལ་ནང་ ཆོས་ལུགས་དང་རྒྱལ་ཁབ་ཀྱི་གནད་དོན་ཚུ་ འདྲ་མཉམ་བཟོ་ནི་དང་ མི་རློབས་ཉུང་ཤོས་ཚུ་གི་དབང་ཆ་དང་ གཅིག་སྒྲིལ་བཟོ་ནི་ དེ་ལས་ དཔལ་འབྱོར་གྱི་ཁྱད་པར་སེལ་ནི་ དེ་བཟུམ་སྦེ་ར་ ཆུ་མ་ལང་པའི་དཀའ་ངལ་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ གདོང་ལེན་འབདཝ་ཨིན་མས། ཐབས་ཤེས་ཚུ་ཡང་ ཁྲིམས་བཟོ་བསྐྱར་ཞིབ་འབད་ནི་དང་ བཅའ་མར་གཏོགས་ནི་གི་སྲིད་བྱུས་ཡར་དྲག་གཏང་ནི་ དེ་ལས་ དཔལ་འབྱོར་གྱི་ལས་འགུལ་བརྩམ་ནི་དང་ ཆུ་འཛིན་སྐྱོང་གི་ཐབས་ལམ་ལེགས་ཤོམ་བཟོ་ནི་ཚུ་ གོང་འཕེལ་འགྱོ་དོ་ཡོདཔ་ཨིན། [༦]
རྒྱལ་ས་ལྟེ་བ་ ཇི་རུ་ས་ལེམ།
ཇི་རུ་ས་ལེམ་འདི་ ཨིས་རེལ་རྒྱལ་ཁབ་ཀྱི་ རྒྱལ་ས་ལྟེ་བ་ཨིན། ཇི་རུ་ས་ལེམ་འདི་ གངས་རི་གུ་ མཐོ་ཚད་ཕིཊ་༢༥༧༥ (མི་ཊར་༧༨༥) ཁར་ཆགས་ཡོདཔ་ཨིན། ཇི་རུ་ས་ལེམ་ལུ་ གནམ་གཤིས་ཡང་ ཆརཔ་གི་དགུན་དུས་ཚུ་ བསིལ་དྲགས་སྦེ་ཡོདཔ་དང་ བྱཱར་ལུ་ཚ་དྲོད་ཆེ་བའི་ གནམ་གཤིས་ཡོདཔ་ཨིན། ཇི་རུ་ས་ལེམ་འདི་ ཇིའུ་ཆོས་ལུགས་དང་ ཡེ་ཤུའི་ཆོས་ལུགས་ དེ་ལས་ ཨིསི་ལམ་ཚུ་གི་དོན་ལུ་ དམིགས་བསལ་གྱི་ ཁྲོམ་ཚོགས་ཁག་ཆེ་ཏོག་ཏོ་ཅིག་ཨིན། དེ་ཁར་སྡོད་མི་ལེ་ཤ་ཅིག་རང་ ཇིའུ་གི་མི་རིགས་ཚུ་ཨིན་མས། [༧]
མཇུག་དོན།
ཨིས་རེལ་རྒྱལ་ཁབ་འདི་ རྒྱལ་རབས་ཕྱུགཔོ་དང་ གནས་སྟངས་མགུ་རྙོག་དྲགས་ ཡོད་པའི་རྒྱལ་ཁབ་ཨིནམ་ལས་ གདོང་ལེན་ལེ་ཤ་ཅིག་རང་ འབྱུང་དོ་ཡོདཔ་ཨིན། དེང་སང་གི་གནས་སྟངས་འདི་ མགུ་རྙོག་དྲགས་ཚམ་ཅིག་ཡོདཔ་ལས་ མ་འོངས་པ་ནང་ གསར་བཏོད་ཐོག་ལས་ ཉེན་སྲུང་ཡོདཔ་སྦེ་བཟོ་ནི་གི་དོན་ལས་ བརྩོན་ཤུགས་སྐྱེད་དོ་ཡོདཔ་ཨིད། པེ་ལེསི་ཊེན་དང་གཅིག་ཁར་ འཁྲུག་རྩོད་བྱུང་སྟེ་ཡོད་རུང་ ཨིས་རེལ་གྱིས་འཕྲུལ་རིག་དང་སོ་ནམ་ དེ་ལས་ སྨན་རིགས་ཚུ་ནང་ ཡར་རྒྱས་སྦོམ་སྦེ་ར་ འགྱོ་སྟེ་ཡོདཔ་ད་ འདི་ཚུ་གི་ཚོང་སྒྱུར་ནང་ འཛམ་གླིང་གི་འགོ་ཁྲིདཔ་ཅིག་ལུ་ འགྱུར་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་གི་ལམ་སྲོལ་དང་ མི་རློབས་མ་འདྲཝ་ དེ་ལས་ དམངས་གཙོའི་རིང་ལུགས་ཚུ་ ཁོང་གི་ངོ་རྟགས་ཅིག་སྦེ་ འཕྲོ་མཐུད་དེ་རང་ སྡོད་ནི་ཨིན་པས།
རྒྱབ་རྟེན།
[ཞུན་དག]- ↑ https://www.originaltravel.co.uk/travel-guide/israel/culture
- ↑ https://en.m.wikipedia.org/wiki/Israeli_system_of_government
- ↑ https://www.polilingua.com/blog/post/languages-spoken-in-israel.htm
- ↑ https://www.originaltravel.co.uk/travel-guide/israel/culture
- ↑ ༥.༠ ༥.༡ https://en.m.wikipedia.org/wiki/Economy_of_Israel
- ↑ https://www.britannica.com/place/Israel/Armistice-and-refugees
- ↑ https://www.britannica.com/place/Jerusalem/History