Jump to content

ཨོ་ཊ་ཝ།

Wikipedia ལས།
ཨོ་ཊ་ཝ་གི་ཚོགས་ཁང་།

ཨོ་ཊ་ཝ་ཁྲོམ་ཚོགས་འདི་ཀེ་ན་གྲའི་རྒྱལ་ས་ལྟེ་བ་ཨིནམ་ད ་ཨོ་རིན་ཏོ་མངའ་སྡེ་གི་ལྷོ་ཁ་ཐུག་ལུ་ཨོ་ཊ་ཝ་གཙང་ཆུ་དང་རི་ཊིའུ་གཙང་ཆུ་གཉིས་ཀྱི་བར་ན་ལུ་ཆགས་ཏེ་ཡོདཔ་ཨིན། འདི་ཡང་ ཤར་ཕྱོགས་ཁ་ཐུག་ལུ་ མོན་ཊི་རི་ཡལ་ ཁྲོམ་ཚོགས་དང་ ཡུ་ཨེས་ཀྱི་ས་མཚམས་ཉེ་འདབས་ལུ་ཡོདཔ་ཨིན། ཨོ་ཊ་ཝ་འདི་རྒྱལ་ས་ལྟེ་བ་ཅིག་ཨིན་ནི་དེ་གི་ རྒྱལ་སྤྱིའི་ཡིག་ཚང་དང་ཚོགས་ཁང་དེ་ལས་ཁྲིམས་ཁང་། བློན་ཆེན་གྱི་ཡིག་ཚང་དང་ཆེ་མཐོའི་དཔོན་ཁག་ཚུ་གིས་ཁྱིམ་ཚུ་དེ་ཁར་ཡོདཔ་ཨིན། ཨོ་ཊ་ཝ་ཟེར་ཐ་སྙན་དར་དགོ་མི་འདི་ཡང་ཁྲོམ་འདི་ཨོ་ཊ་ཝ་གཙང་ཆུ་ལས་བརྟེན་དར་ནུག དེ་ཡང་ཁོང་རའི་ཁ་སྐད་ལས་སྦེ་བ་ཅིན་ཚོང་འབྲེལ་འཐབ་ཟེར་བའི་དོན་དག་ཨིན་མས།

ཨོ་ཊོ་བ་ས་གནས་འདི་ཁར་མི་གི་གཞིས་ཆགས་ལོ་སྟོང་ཕྲག་བཅུ་ཐམ་པའི་ཧེ་མས་ལས་རང་ཡོདཔ་ཨིནམ་ཚན་རིག་པ་ཚུ་གིས་གསལ་བསྒྲགས་འབད་དེ་འདུག དེ་ཡང་དེ་ཁར་གཞིས་ཆགས་ཆགས་པའི་སྒྲུབ་བྱེད་དཔེ་འབད་བ་ཅིན་ཀྲིང་ཀ་དང་གཞན་མི་ལག་ཆས་དེ་ལས་མི་སྡོད་སྡོད་པའི་ཤུལ་ མེ་སྐྱོར་ཚུ་མཐོང་ནི་ད་ལྟོའི་བར་ཡང་མཐོང་སར་འདུག ཨོ་ཊ་ཝ་ལུ་ཨུ་རོབ་གྱི་མི་འགོ་ཐོ་ ༡༦༡༠ ལུ་འོང་ཡོདཔ་ཨིནམ་ཐོ་བཀོད་འདུག འགོ་དང་པ་ཨིང་ལེནཌ་རྒྱལ་ཁབ་ལས་ཨིན་མི་ ཕི་ལི་མོན་རའིཊ་ཟེར་མི་འདི་གི་གཡུས་དེ་ཁར་ ཤིང་གི་ཚོང་འབྲེལ་ཅིག་འཐབ་ནི་སྦེ་སྤྱི་ལོ་༡༨༠༠ ལུ་གཞིས་ཆགས་དེ་སྦེ་བྱུང་ནུག ཤིང་གི་ཚོང་ཚུ་ཨོ་ཊ་ཝ་གཙང་ཆུ་ནང་ལས་སྦེ་རྒྱུད་ཀིའུ་བེཀ་ཁྲོམ་ཚོགས་ལུ་བཏང་དོ་ཡོདཔ་ཨིན་མས། དེ་ལས་ཤུལ་ལས་སྤྱི་ལོ་༡༨༢༧ ལས་ཁྲོམ་ཆགས་ནི་འགོ་བཙུགས་ནུག་ དེ་ཁར་གྱི་ཆུ་གཡུར་ཚུ་ཡང་ལོ་དེ་ལས་རྐྱབ་ནི་འགོ་བཙུགས་ནུག ལཱ་དེ་ཨིང་ལེནཌ་རྒྱལ་ཁབ་ལས་ཨིན་མི་འཕྲུལ་རིགཔ་ཇོན་བའི་ཟེར་མི་འདི་གི་ལཱ་འགོ་འདྲེན་འཐབ་འབད་འབདཝ་ཨིན་མས། ཆུ་གཡུར་སྦོམ་སྦེ་ཡོད་ནི་དེ་གི་གྲུ་ཚུ་ཡང་ད་ལས་ཕར་འགྲོ་འགྲུལ་ཐབ་དོ་ཡོདཔ་ཨིན་མས།

ཨོ་ཊ་ཝ་འདི་རྒྱལ་ས་ལྟེ་བ་སྦེ་གདམ་འཐུ་འབད་ཡོད་པའི་སྐོར།

ཧེ་མ་སྤྱི་ལོ་༡༨༨༡་ ལུ་ཀེ་ན་ཌའི་རྒྱལ་ས་ལྟེ་བ་འབད་ ཀིངསི་ཊོན་ཟེར་མི་འདི་གདམ་འཐུ་འབད་ནུག ཨིན་རུང་གཞན་མི་མངའ་སྡེའི་འཐུས་མི་ཚུ་གདམ་འཐུ་དེ་ལུ་མ་དགའ་བར་སྡོད་ཡོདཔ་ལས་ ད་རུང་སྤྱི་ལོ་ ༡༨༤༢ ལུ་ཚོགས་ཁང་ནང་ལུ་གྲིས་བསྡུར་ཅིག་འབདཝ་ད་གེ་ཆ་མེད་བཏང་ནུག ཤུལ་ལས་སྤྱི་ལོ་༡༨༤༣ ལུ་བཀོད་ཁྱབ་ཚོགས་སྡེ་གི་སྙན་ཞུ་ནང་ མོན་ཊེ་རི་ཡལ་འདི་ཚོང་སྡེའི་ལྟེ་བ་ཅིག་ཨིནམ་མ་ཚད་ས་གནས་ཡང་བསྟན་ཏོག་ཏོ་འདུད་དི་འབད་ནི་དེ་གི་རྒྱལ་ས་ལྟེ་བ་འདི་སྦེ་བཟོ་བ་ཅིན་ཟེར་བའི་ངོ་སྦྱོར་ཕུལཝ་ད་ མངའ་སྡེ་སྤྱི་ཁྱབ་འདི་གིས་ཁ་བཟེད་མ་བཏུབ་པས། ཨིན་རུང་སྤྱི་ལོ་༡༨༤༤་ ལུ་ཚོགས་རྒྱན་བཙུགས་ཐོ་ མོན་ཊེ་རི་ཡལ་འདི་རྒྱལ་ས་ལྟེ་བ་སྦེ་ངོས་ལེན་འབད་ནུག ཨིན་རུང་སྤྱི་ལོ་༡༨༤༩ ལུ་བྱེཝ་ཅིག་ཐོན་ཏེ་ མོན་ཊེ་རི་ཡལ་ཚོགས་ཁང་འདི་མེ་གི་འཚིག་སོང་ནུག ཤུལ་ལས་ སྤྱི་ལོ་༡༨༥༧་ལུ་ཨོ་ཊ་ཝ་འདི་རྒྱལ་ས་ལྟེ་བ་འབད་གདམ་འཐུས་འབད་ནུག དེ་སྦེ་འབད་དགོ་མིའི་རྒྱ྄་མཚན་གཉིས་ཡོདཔ་ཨིན་དེ་ཡང་ གཅིག་འདི་ཨོ་ཊ་ཝ་འདི་ས་གནས་མཐའ་ཟུར་ཅིག་ཁར་ཚལ་མ་གིས་སྤུར་སྤུརཔ་པའི་ས་ཁོངས་ ཀེ་ན་ཌ་དང་ཡུ་ཨེས་ཨེ་གི་ས་མཚམས་ལས་མཐའ་རིང་ས་བྱག་ཁ་ཐུག་ཡོད་པ་ལས་ཕྱི་ལས་འདྲ་རྒོད་ལས་སྲུང་སྐྱོབ་འབད་ནི་ལུ་འཇམ་ཏོང་ཏོ་ཡོད་པ་ལས་བརྟེན་ཨིན་མས། གཉིས་པ་ཟེརཝ་ད་ཨོ་ཊ་ཝ་འདི་ཤར་ཀེ་ན་ད་དང་ནུབ་ཀེ་ན་ཌ་གི་ས་མཚམས་ཁར་ཕོགཔ་ལས་གཉིས་ཆ་ལུ་རང་ཕན་ཐོག་འདྲན་འདྲ་བྱུང་ཚགས་པའི་རེ་བ་ལུ་ཨིན་མས། གཅིག་འདི་ག་ཅིག་ལས་བརྟེན་སྨོ་ཟེར་བ་ཅིན་ ཁྲོམ་ཚོགས་འདི་མཐའ་ཟུར་ཅིག་ཨིན་རུང་ ཆུའི་དཀའ་ངལ་མེད་པ་ལུ་བརྟེན་ཨིན་མས། ཨོ་ཊ་ཝའི་ཚོགས་ཁང་འདི་ སྤྱི་ལོ་༡༨༥༩ དང་༡༨༦༦ གི་ནང་ཁོད་རྐྱབ་ནུག དེ་སྐབས་ལུ་ཀེ་ན་ཌའི་ལས་འགུལ་ལས་མཐོ་ཤོས་ཅིག་ཨིན་མས།  

མི་རློབས།

ཨོ་ཊ་ཝ་ འདི་ སྤྱི་ལོ་༢༠༡༤ ལུ་ མི་རློབས་༨༩༥,༠༠༠ དེ་ཅིག་ཡོད་པའི་ ཁྲོམ་ཚོགས་མ་འདྲཝ་ཅིག་ཨིན། སྤྱི་ལོ་༢༠༠༡ ལུ་ ཨོཊ་ཊ་ཝ་གི་ཧེ་མའི་ཁྲོམ་སྡེ་འདི་ ཁྲོམ་སྡེ་གཞན་༡༡ དང་གཅིག་ཁར་ མཉམ་སྡེབ་འབད་དེ་ ཨོ་ཊ་ཝ་གི་ཁྲོམ་ཚོགས་གསརཔ་བཟོ་ནི་གི་དོན་ལུ་ མི་རློབས་༩༣༤,༢༤༣ དེ་ཅིག་ཡོདཔ་སྦེ་ ཚོད་རྩིས་བཏོན་ཡོདཔ་ཨིན། མི་རྩིས་ས་ཁོངས་  མི་རློབས་ཨོ་ཊ་ཝ་ ས་ཡ་ ༡.༢༥ ཡོད་པའི་ཚོད་རྩིས་ཨིནམ་ད་ དེ་ཡང་ ཀེ་ནེ་གྲ་ལུ་ མེ་ཊོ་ས་ཁོངས་སྦོམ་ཤོས་༤ པ་ཨིན་པས། ཨོ་ཊ་ཝ་གྲོང་ཁྱེར་གྱི་ཚད་དང་མི་འབོར་མཐུག་ཚད། ཁྲོམ་སྡེ་འདི་ མི་རློབས་ཀྱི་སྟུག་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་རེ་ལུ་ མི་༣༡༧ ཡོདཔ་ཨིན། ཁྲོམ་སྡེ་གིས་ ཁྱོན་བསྡོམས་ ཀི་ལོ་མི་ཊར་ ༢,༧༧༨.༡༣ གྲུ་བཞི་ (མའིལ་ གྲུ་བཞི་ ༡,༠༧༢.༩) ཡོད།

ཀེ་ནེ་ཌའི་སྤྱི་ལོ་༢༠༢༡་གི་མི་རྩིས་གྲངས་རྩིས་དང་འཁྲིལ་བ་ཅིན་ ཨོ་ཊོ་ཝ་ལུ་སྡོད་མི་ཕྱི་ལས་འོང་མི་མི་ ༢༥༩༢༡༥ དེམ་ཅིག་འདུག དེ་ཡང་བརྒྱ་ཆ་ལས་བཅད་པ་ཅིང་བརྒྱ་ཆ་ ༢༥.༥ ཨིན་མས། དེ་ནང་ལུ་སྡོད་མའི་ཕྱི་རྒྱལ་གྱི་མི་ རྒྱ་མི་༢༠༣༢༠ ༼བརྒྱ་ཆ་༧.༨༽ ལེ་བེ་ནོན་ལས་ཨིན་མི་༡༤༧༦༠༼བརྒྱ་ཆ་ ༥.༧༽ བརྒྱ་གར་གྱི་མི་ཁུངས་ ༡༦༢༠༠་༼བརྒྱ་ཆ་༦.༢༽ ཕི་ལི་པིནསི་གི་མི་༡༠༥༠༥ ༼བརྒྱ་ཆ ༤.༡༽ ཡུ་ཨེསི་ཨེ་གི་མི་༨༧༩༧་༼བརྒྱ་ཆ་༣.༤༽ ཧའི་ཊའི་ ༦༧༡༠་ ༼བརྒྱ་ཆ ༢.༦༽ སི་རི་ཡ་༦༣༧༠ ༼བརྒྱ་ཆ ༢.༥༽ ཝེཊ་ནཱམ་༦༡༥༥ ༼བརྒྱ་ཆ་ ༢.༤༽ དང་ཨི་རན་༦༠༠༠་༼བརྒྱ་ཆ ༢.༣༽་ཨིན་མས།

ཨོ་ཊ་ཝ་ སྐད་ཡིག་དང་རིག་གཞུང་འདྲ་བའི་ཁྱད་ཆོས་ཅན།

ཨོ་ཊ་ཝ་གི་ཁྱད་ཆོས་མ་འདྲཝ་ དམིགས་བསལ་གྱིས་ སྐད་ཡིག་དང་ལམ་སྲོལ་ནང་ལུ་ སྐད་ཡིག་གཉིས་ལྡན་གྱི་ཁྲོམ་ཚོགས་དང་ ལམ་སྲོལ་སྣ་ཚོགས་ཀྱི་ལྟེ་བ་ཅིག་སྦེ་ཡོདཔ་ཨིན། ཕཱ་རཱན་སིའི་སྐད་ཡིག་སླབ་མི་ མི་སྡེ་སྒྲིང་སྒྲིང་ཅིག་ཡོདཔ་ད་ དེ་ཡང་ གཞུང་འབྲེལ་གྱི་སྐད་ཡིག་དང་ ཕཱརནསི་སྐད་ཡིག་གི་ མི་མང་སློབ་གྲྭའི་རྫོང་ཁག་ཚུ་ནང་ གསལ་སྟོན་འབདཝ་ཨིན། ཁྲོམ་ཚོགས་ཀྱི་སྣ་མང་ལམ་སྲོལ་འདི་ ཕྱི་མི་ནང་སྐྱོད་ཀྱི་མི་རློབས་མ་འདྲཝ་གིས་ ཧེང་སྐལ་རང་ ཡར་དྲག་བཏང་ཡོདཔ་ལས་ ལམ་སྲོལ་དང་ལམ་སྲོལ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན།

ལམ་སྲོལ།

ཨོ་ཊ་ཝ་གི་ལམ་སྲོལ་གྱི་རས་ཆ་འདི་ ཐགསཔ་མ་འདྲཝ་ཚུ་ལས་ ཕྱུགཔོ་སྦེ་ཐགཔ་སྦེ་བཏགས་ཏེ་ཡོདཔ་ད་ འདི་གི་ལམ་སྲོལ་དང་ ས་གནས་ཀྱི་མི་ཚུ་གི་ཕན་འདེབས་ཚུ་ དམིགས་བསལ་གྱིས་ ཨཱལ་གཱོན་ཀུའིན་གི་ཕན་འདེབས་ཚུ་ནང་ལུ་ གཞི་རྟེན་སྒྲིང་སྒྲིང་ཡོདཔ་ཨིན། འ་ནི་མི་རྒྱུད་ཀྱི་སྲོལ་རྒྱུན་འདི་གིས་ ཁྲོམ་གྱི་ངོ་རྟགས་འདི་ གཏིང་ཟབ་སྦེ་རང་ རྩ་བ་ལས་རང་ བཏོནམ་ཨིན། ཨོ་ཊ་ཝ་གིས་ མི་རློབས་མ་འདྲཝ་ཡོད་མི་དང་ ཕཱརནསི་ཁ་སླབ་མི་  མི་སྡེ་ཚུ་གིས་ མི་རློབས་མ་འདྲཝ་དང་ འཛམ་གླིང་ནང་ལུ་ ནང་སྐྱོད་འབད་མི་ཚུ་ མང་སུ་སྦེ་ཐོན་དོ་ཡོདཔ་སྦེ་ཨིན་མས། འ་ནི་སླ་བསྲེ་འདི་གིས་ དུས་སྟོན་དང་ ལམ་སྲོལ་མ་འདྲཝ་ཚུ་སྟོན་མི་ ལམ་སྲོལ་གྱི་ལས་རིམ་ཚུ་གི་ཐོག་ལས་ ལོ་བསྟར་བཞིན་དུ་ བརྩི་སྲུང་འབད་དེ་ ལམ་སྲོལ་སྣ་ཚོགས་ཀྱི་ས་ཆའི་གནས་སྟངས་འདི་ འཛུགས་སྐྱོང་འབད་ཡོདཔ་ཨིན། ཁྲོམ་སྡེའི་རྟགས་མཚན་ཚུ་ཡང་ མཐོང་སྣང་སྣ་ཚོགས་ཀྱི་སྲོལ་རྒྱུན་འདི་གི་ བདེན་ཁུངས་སྦེ་ཡོདཔ་ལས་ ཨོ་ཊ་ཝ་ གི་ཁྱིམ་ཟེར་སླབ་མི་ཆ་མཉམ་གྱི་ ཤན་ཞུགས་འཕྲོ་མཐུད་དེ་རང་ཡོདཔ་སྦེ་ གསལ་སྟོན་འབདཝ་ཨིན།

ཆོས་ལུགས།

སྤྱི་ལོ་༢༠༢༡ལུ་ ཨོ་ཊ་ཝ་ལུ་ ཡེ་ཤུའི་ཆོས་ལུགས་འདི་ ཆོས་ལུགས་ཁྱབ་ཆེ་ཤོས་ཅིག་ཨིནམ་དང་ འདི་ཡང་ མི་༥༢༨༧༠༠དེ་ཅིག་གིས་ ༼མི་རློབས་བརྒྱ་ཆ་༥༢དང་ཚག་༨༽ དེ་ལས་ སྡེ་ཚན་འདི་གི་ནང་འཁོད་ལུ་ རོ་མཱན་ཀེ་ཐོ་ལི་ཆོས་ལུགས་ འདི་ སྡེ་ཚན་སྦོམ་ཤོས་ཅིག་ཨིནམ་དང་ འདི་ཡང་ མི་༣༠༣,༨༢༠དེ་ཅིག་ཡོདཔ་ཨིན། ༼བརྒྱ་ཆ་༣༠.༤༽ ཆོས་ལུགས་འདི་ མི་ངོ་༣༡༦༧༤༠ ༼བརྒྱ་ཆ་༣༡.༦༽ དང་ ཨིསི་ལམ་འདི་ མི་༩༨༩༢༠ ༼བརྒྱ་ཆ་༩.༩༽ གིས་ བརྩི་སྲུང་འབད་ཡོདཔ་ཨིན། ཨོ་ཊ་ཝ་ ནང་ལུ་ཡོད་པའི་ཆོས་ལུགས་གཞན་མི་ཚུ་ཡང་ ཧིན་དུའི་ཆོས་ལུགས་ (༢༠༣༠༠ དང་ ཡང་ན་ བརྒྱ་ཆ་༢.༠%) ནང་པའི་ཆོས་ (༡༠༨༠༠ ཡང་ན་ ༡.༡%) དང་ ཇིའུ་གི་ཆོས་ལུགས་ (༡༠༦༠༠ བླམ་༡༠,༦༠༠ ཡང་ན་ ༡.༡%) དེ་ལས་ སི་ཁི་ཆོས་ལུགས་ (༦༣༧༥ གིས་ བླམ་དང་ཡང་ན་ ༠.༦%) ཚུ་ཚུདཔ་ཨིན། མི་ངོ་༨༠༥༥ ཁ་སྐོང་ (བརྒྱ་ཆ་༠.༨) འདི་ ས་གནས་ཀྱི་ཆོས་ལུགས་ (མི་༤༤༥ ཡང་ན་ བརྒྱ་ཆ་༠.༡ ལས་ཉུངམ་) ཚུ་རྩིས་ཏེ་ ཆོས་ལུགས་གཞན་ཚུ་དང་གཅིག་ཁར་ ངོས་འཛིན་འབད་ཡོདཔ་ཨིན།

སྲིད་དོན།

ཨོ་ཊ་ཝ་ ཁྲོམ་སྡེ་གིས་ བཙག་འཐུ་གྲུབ་པའི་ འཐུས་མི་༢༥ འབད་མི་ ཁྲོམ་སྡེ་ཚོགས་སྡེ་གིས་ ཁྲོམ་སྡེ་གཞུང་གི་གཞི་བཀོད་སྒྲིང་སྒྲིང་ཅིག་གི་འོག་ལུ་ ལཱ་འབད་དོ་ཡོདཔ་ཨིན། ཚོགས་སྡེ་འདི་ནང་ ཁྲོམ་དཔོན་དང་ ཁྲོམ་སྡེའི་འགོ་དཔོན་སྦེ་ ཕྱག་ཞུ་མི་ དེ་ལས་ ཚོགས་སྡེའི་འཐུས་མི་༢༤ རེ་ཡོདཔ་ད་ དེ་ཡང་ ཁྲོམ་གྱི་མི་ངོ་རྐྱང་གི་ ངོ་ཚབ་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་པས། འདི་ཡང་ སྤྱི་ལོ་༢༠༢༢ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ འགོ་བཙུགས་ཡོདཔ་ད་ ཁྲོམ་སྡེ་ཚོགས་སྡེ་གིས་ ཁྲོམ་སྡེ་ཚོགས་སྡེ་འདི་ གྲོང་གསེབ་ཚོགས་སྡེ་འདི་ གྲོང་ཁྱེར་གྱི་དགོས་མཁོ་དང་ ཆུ་འཛིན་སྐྱོང་ ཕྱགས་སྙིགས་བསྡུ་ལེན་དང་ མེ་རྐྱེན་གྱི་ཞབས་ཏོག་ཚུ་ རྒྱུན་སྐྱོང་འཐབ་ནི་ དེ་ལས་ ཁྲོམ་སྡེ་གི་དངུལ་འབྲེལ་ཚོགས་སྡེ་ཚུ་ བསྒྱུར་བཅོས་འབད་དེ་ གྲོས་ཐག་བཅད་ནི་གི་ཚོགས་པ་གཙོ་བོ་ཅིག་ཨིན་མས། དྲང་བདེན།

ཁྲོམ་སྡེ་ཚོགས་སྡེ་གིས་ ཁྲོམ་སྡེ་ཚོགས་སྡེ་གིས་ ཁ་གསལ་གྱི་ལཱ་མང་ཤོས་ཅིག་རང་ ཚོགས་སྡེ་གི་འཐུས་མི་ཚུ་རྐྱངམ་ཅིག་སྦེ་བཟོ་སྟེ་ཡོདཔ་ད་ འདི་ནང་ མི་སེར་གྱི་འཐུས་མི་ཚུ་ཡང་ ཚུད་དེ་ཡོདཔ་ཨིན། འཆར་གཞི་དང་སྡོད་ཁྱིམ་ཚོགས་ཆུང་དང་ མཐའ་འཁོར་དང་གནམ་གཤིས་འགྱུར་བ འདི་ཡང་ ཚོགས་ཆུང་འདི་གིས་ ཞིབ་འཇུག་དང་ མི་མང་གི་ བསམ་འཆར་ཚུ་ འབད་ཚུགསཔ་ཨིནམ་ད་ དེ་ཡང་ མི་སེར་ཚུ་གིས་ གསལ་བཤད་འབད་ནི་དང་ བསམ་འཆར་ཚུ་ བལྟ་ནི་གི་ གོ་སྐབས་ཐོབ་མི་ལུ་བརྟེན་ཏེ་ཨིན་མས། ཚོགས་ཆུང་ཚུ་ ལངས་ཞིནམ་ལས་ ཁྲོམ་སྡེ་ནང་ གྲོས་བསྟུན་ཚོགས་ཆུང་ཚུ་ཡང་ཡོདཔ་ད་ དེ་ནང་ ཚོགས་སྡེ་གིས་ བསྐོ་བཞག་འབད་མི་ ཁས་བླངས་པ་ཚུ་ བསྐོ་བཞག་འབད་ཡོདཔ་ད་ དེ་ནང་ བཀའ་རྒྱ་གནང་ཡོད་པའི་ ས་ཁོངས་ཚུ་གི་སྐོར་ལས་ མཁས་མཆོག་གི་ བསླབ་བྱ་ཚུ་ བྱིན་དོ་ཡོདཔ་ལས་ སྲིད་བྱུས་དང་ ལས་རིམ་གོང་འཕེལ་ནང་ ཕན་གྲོགས་འབདཝ་ཨིན་པས། ༉ སྤྱི་ཟླ་༡༠ པའི་ཚེས་༤ ལུ་ ཁྲོམ་སྡེ་གི་བཙག་འཐུ་འགོ་འདྲེན་འཐབ་མི་ ཨོ་ཊ་ཝ་ལུ་ ཁྲོམ་སྡེ་གི་བཙག་འཐུ་འདི་ ཚོགས་པ་མེན་པའི་ཁར་ འདེམས་ངོ་ཚུ་ སྲིད་དོན་ཚོགས་པ་གི་འོག་ལུ་ མ་འགྱོ་བར་ ས་གནས་ཀྱི་གནད་དོན་དང་ མི་སྡེའི་ངོ་ཚབ་ལུ་ གཙོ་བོར་བསྟེནམ་ཨིན།

རྒྱབ་རྟེན།

"https://dz.wikipedia.org/w/index.php?title=ཨོ་ཊ་ཝ།&oldid=39429" ལས་ སླར་འདྲེན་འབད་ཡོདཔ།