Jump to content

ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།

Wikipedia ལས།

༉ སྤྱིར་བཏང་འབྲུག་རྒྱལ་ཁབ་དེ་ ཨོ་རྒྱན་རིན་པོ་ཆེའི་སྦས་གནས་ཁྱད་པར་ཅན་ཅིག་ཨིན་པའི་ནང་ལས་ སྤ་རོ་ལུང་གཤོང་འདི་ ཆོས་ནོར་ཟབ་གཏེར་གྱིས་གང་བའི་ལུང་གཤོང་ཅིག་ཨིན་པའི་ནང་ལས་ སྤ་རོ་སྦོང་སྡེ་སོ་ནམས་འཕྲུལ་ཆས་ལྟེ་བའི་ས་ཁོངས་ནང་ལས་ སྣུམ་འཁོར་ཟུར་ལམ་བདའ་སྟེ་ཀི་ལོ་མི་ཀྲར་༡༦ འདེ་ཅིག་གི་ས་ཁར་ མཐོང་གསལ་ཆེ་བའི་སྤོ་ཏོ་ཅིག་གུ་ སྤངམ་ཨོ་རྒྱན་གུ་རུ་ལྷ་ཁང་དེ་ ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལཝ་ཨིན་མས། དུས་རབས་༨ པའི་ནང་ སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་པད་མ་འབྱུང་གནས་ ས་ཁོངས་དེ་ནང་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་ཏེ་ འདྲེ་་སྲིན་གདུག་པ་ཅན་ཚུ་དམ་ལུ་བཏགས་ཏེ་སྒྲུབ་པ་གནང་བཞུགས་ནུག། དེའི་ཤུལ་མ་ གཏེར་བཏོན་ཤེས་རབ་མེ་འབར་གྱིས་ གདན་ས་ཆགས་བཏབ་གནངམ་མ་ཚད་ ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་དང་འཁྲིལ་ ནུབ་མཚོ་ནག་པ་ཏྲ་ལས་བཞེས་མི་གཏེར་ཚུ་ ལྷ་ཁང་དེ་ནང་ལུ་ ནང་རྟེན་སྦེ་བཞུགས་ཡོདཔ་ཨིནམ་ལས་ རྒྱལ་ཁབ་ནང་ལྷ་ཁང་དེ་ ག་ནི་བ་རྩ་ཆེ་ཏོག་ཏོ་སྦེ་བརྩིཝ་ཨིན། ས་ཁོངས་དོན་ཧིང་གི་དབྱིབས་དང་འདྲའི་སྤོ་ཏོ་གུ་ལུ་བཞེངས་ཏེ་ཡོད་མི་ སྤངམ་ཨོ་རྒྱན་གུ་རུ་ལྷ་ཁང་དེ་ནང་ ཤུལ་མ་གྲུབ་ཆེན་བསྟན་འཛིན་བཟང་པོ་མཆོག་ ས་གནས་དེ་ནང་བྱོན་ཏེ་ གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་ཏེ་བཞུགས་པའི་སྐབས་ དུས་རབས་༡༤ པ་ནང་ལུ་ ཧེ་མ་གི་ལྷ་ཁང་རྙིངམ་དེ་རྒྱ་བསྐྱེད་གནང་ ནང་རྟེན་ཨོ་རྒྱན་གུ་རུའི་སྐུ་འདྲ་བཞེངས་པའི་སྐབས་ལུ་ སྐུ་འདྲ་ལས་གསུང་བྱོན་ཏེ་ ཡ་མཚན་ཆེ་བའི་ལྟས་བཟངམོ་ལེ་ཤཱ་བྱུང་སྟེ་ དེ་ལས་ཚུར་ དགོན་སྡེའི་མིང་ཡང་ཨོ་རྒྱན་གུ་རུ་ལྷ་ཁང་ཟེར་ དར་ཁྱབ་སོང་བའི་ལོ་རྒྱུས་འདུག། གཏེར་བཏོན་ཤེས་རབ་མེ་འབར་གྱིས་ནུབ་མཚོ་ནག་པ་ཏྲ་ལས་ གཏེར་ལས་བཞེས་མི་ ནོརབུ་བསམ་འཕེལ་གྱི་གཙོས་པའི་ནོར་བུའི་བྱེ་བྲག་དང་གཏེར་ཁ་མང་རབས་ཅིག་ སྤངམ་ཨོ་རྒྱན་གུ་རུ་གི་ལྷ་ཁང་ནང་ ནང་རྟེན་སྦེ་བཞུགས་ཏེ་ཡོད་རུང་ སྒེར་དབང་གི་ལྷ་ཁང་ཅིག་སྦེ་སྡོད་པའི་སྐབས་ལུ་ གཙང་སྦྲ་འཕྲོད་བསྟེན་དང་ སྐར་མེ་དང་ཡོན་ཆབ་ཚུ་དུས་ཚོད་ལུ་ རྣམ་དག་ཅིག་སྦེ་ཕུལ་མ་ཚུགས་པས། ཨིན་རུང་ང་བཅས་ར་སེམས་ཅན་གྱི་ཁ་རྗེ་ལས་བརྟེན་ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་དང་ མི་དབང་རྒྱལ་ཡུམ་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་བཀའ་སློབ་དང་བསྟུན་ སློབ་གྲྭ་ཅིག་འགོ་བཙུགས་མི་འདི་གིས་ ད་རེས་ནངས་པ་སྤངམ་ཨོ་རྒྱན་གུ་རུ་དགོན་སྡེ་འདི་ ཆོས་སྡེ་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན་མས། དེ་གིས་མ་ཚད་ལྷ་ཁང་དེ་ ཧེ་མ་གནམ་ལོ་༢༠༡༡ ས་ཡོམ་ལས་བརྟེན་ལྷ་ཁང་ལུ་གནོད་སྐྱོན་སྦོམ་རྐྱབ་ཡོདཔ་ལས་ གནམ་ལོ་༢༠༡༥ ལོར་ ལྷ་ཁང་སླར་གཞེངས་ཀྱི་ལས་སྣ་འགོ་བཙུགས་ཏེ་ ལོ་ངོ་གཉིས་ཀྱི་རིན་ལུ་ལྷ་ཁང་ཕྱི་ནང་ག་ར་གྲུབ་ཚར་དེ་ཡོདཔ་ཨིན་པས། ལྷ་ཁང་དེ་ཐོག་ཚད་གཉིས་ཡོདཔ་དང་ ལྷ་ཁང་ཐོག་དང་པ་ནང་ གུ་རུ་གསུང་བྱོན་མའི་སྐུ་འདྲ་དང་ གྲུབ་ཆེན་བསྟན་འཛིན་བཟང་པོ་གི་སྐུ་འདྲ་དང་ གཞན་བྱིན་ཚུ་འཇལ་ནི་ཡོདཔ་དང་ ལྷ་ཁང་ཐོ་གོང་མ་ནང་ གཏེར་བཏོན་ཤེས་རབ་མེ་བར་གྱི་སྐུ་འདྲ་དང་གཞན་བྱིན་ཅན་གྱི་སྐུ་འདྲ་ཚུ་མཇལ་ནི་འདུག། ད་རིས་ནངས་པ་ལྷ་ཁང་དེ་ དགེ་འདུན་གྱི་སྡེ་དར་ཁྱབ་གཏང་མི་འགྱུར་ཏེ་ སློབ་ཕྲུག་དགེ་སློང་༡༦ ལྷག་ཙམ་ཅིག་ ཧེ་མ་བཀྲིས་སྒང་གནས་བརྟན་བགྲེསཔ་ བླམ་སེངྒེ་རིན་ཆེན་གྱི་དབུ་བཞུགས་ཐོག་ བདག་འཛིན་དང་འཛིན་སྐྱོང་འཐབ་སྟེ་ཡོདཔ་ཨིན་པསཟེར་ཞུ་ནི།


འབྲུག་གི་དགོན་སྡེ་དང་ལྷ་ཁང།

སྦོ་ཁ་རྫོང་།  · མཆོད་རྟེན་སྐོར་ར།  · ལྷ་ཁང་དཀར་པོ།  · ཡོངས་ལ་དཔལ་རི་དགོན་པ།  · སྐྱིད་ཆུ་ལྷ་ཁང་།  · རྡོ་ལུང་ དགོན་པ།  · བྱམས་པ་ལྷ་ཁང་།  · སྟག་ཚང་།  · མཚམས་བྲག་དགོན་པ།  · སྒང་སྟེང་གསང་སྔགས་ཆོས་གླིང་།  · སྐུ་རྗེས་ ལྷ་ཁང་།  · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན།  · རྡོ་བགྲེད་རྫོང་།  · སྒོམ་ཕུག་སྐོར་ར།   · རྟ་མགོ་དགོན་པ།  · བུ་ལི་ ཁི་ལམ་ ལྷ་ཁང་།  · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།།  · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།།  · ཟུར་རི་ལྷ་ཁང་།  · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།།  · དགོན་གསར་ཁ་ལྷ་ཁང་།  · མཆོད་རྟེན་སྙིང་པོ།  · རྫོང་བྲག་ཁ།།  · བདེ་ཆེན་ཕུག་ལྷ་ཁང་།།  · ལྕང་གང་ཁ་ལྷ་ཁང་།།  · དབང་འདུས་རྩེ་ལྷ་ཁང་།།  · ཕ་ཇོ་སྡིངས།།  · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།།  · གསེར་ལུང་དགོན་འཛིན་གྲྭ་ཚང་།།  · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།།  · ཀུན་བཟང་བྲག།  · ཁྱི་མེད་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  · དཀོན་མཆོག་གསུམ་ལྷ་ཁང་།།  · དགྲ་མེད་རྩེ་ལྷ་ཁང་།།  · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།།  · ཕྱག་རྡོར་ལྷ་ཁང་།།  · ལྩང་སྒང་ཁ་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  ·