Jump to content

ཀྲོང་གསར་

Wikipedia ལས།
ཀྲོང་གསར་རྫོང

ཀྲོང་གསར་ གྲོང་􀮣 ཀྲོང་གསར་རྫོང་ཁག

ཀྲོང་གསར་རྫོག་འདི་ སྡེ་སྲིད་ཁྲི་རབ་གསུམ་པ་ ཆོས་རྒྱལ་མི་འགྱུར་བརྟན་པ་ ཧེ་མ་མང་སྡེ་ལུང་པའི་སྥྱི་བླ་འབད་བཞུགས་པའི་་སྐབས་དང་ཕུ་ལས་ཡོངས་འཛིན་ངག་གི་དབང་ཕྱུག་གིས་མོན་སྒྲུབ་སྡེ་ཟེར་གདན་ས་ལྕགས་གདང་ཡོད་མི་འདི་སྤྱི་ལོ་ ༡༦༤༤ གི་ལོ་ལུ་རྒྱ་བསྐྱེད་སྦོ་མཛད་དེ་བཞེངས་པའི་ཁར་ རྫོང་གི་མིང་ཡང་འབྲུག་མི་འགྱུར་ཆོས་འཁོར་རབ་བརྟན་རྩེ་རྫོང་ཟེར་བཏགས་གནང་ནུག་ དེ་གིས་འབད་ ད་རེས་ནང་པར་ཆོས་རྩེ་རྫོང་ཟེར་སླབ་སྲོལ་དང་། ཧེ་མ་ལས་ཡོངས་འཛིན་ངག་གི་དབང་ཕྱུག་གིས་གདན་ས་གསརཔ་བཅགས་གནངམ་ལས་ གཡུས་སྐད་ལས་རྟ་དྲངས་ཏེ་ ཀྲོང་གསར་རྫོང་ཟེར་དར་ཏེ་ཡོད། དེ་བསྒང་བླམ་ཞབས་དྲུང་རིན་པོ་ཆེ་གིས་ཤར་ཕྱོགས་ཀྱི་རྒྱལ་ཕྲན་དབང་དུ་བསྡུ་ནི་གི་དགོངས་བཞེད་སྦོམ་ཡོད་་མི་འདི་ མང་སྡེ་སྤྱི་བླ་མི་འགྱུར་བརྟན་ཐོག་ལས་ ཤར་ཕྱོགས་ཀྱི་རྒྱལ་ཕྲན་གེ་ར་དབང་དུ་བསྡུ་ཞིན་ན་ ཤར་ཕྱ་ོགས་ཁ་ཐུག་ལུ་རྫོང་ཁག་དྲུག་བཞེངས་ཏེ་རྒྱལ་ཁབ་ལུ་ཕན་ཐོགས་པའི་ཕྱག་ལཱ སྦོམ་ཤོས་ཅིག་ རྫོང་གཞིས་འདི་ནང་ལས་མཛད་གནང་ནུག་ ཤུལ་ལས་ཡང་དཔོན་སློབ་ཚུ་གི་བར་ན་ དབང་ཚད་ཀྱི་སྐོར་ལས་མ་འགྲིགས་པ་ དམག་རྐྱབ་རྐྱབ་ས་ཨིན་རུང་ཀྲོང་གསར་དཔོན་སློབ་ལུ་ དཔོན་སློབ་གཞན་ཚུ་གིས་གླགས་མ་ཁེལ་བ་ ཀྲོང་གསར་དཔོན་ཀྱིས་རྒྱལ་ཁ་ཐོབ་ལས་ འབྲུག་བརྒྱུད་འཛིན་གྱི་རྒྱལ་པོ་ དང་པ་མཛད་མི་ཡང་ཀྲོང་གསར་རྫོང་ནང་ལས་བྱོན་ནུག་ དེ་འབད་ནི་འདི་གིས་ འབྲུག་རྒྱལ་རབས་ནང་ལུ་ རྫོང་གཞིས་འདི་གལ་ཆེ་ཏོག་ཏོ་ཅིག་འབད་བརྩི་ཁུངས་གནངམ་ཨིན་ནོ།།[༡]




  1. 978-99980-35-21-8
"https://dz.wikipedia.org/w/index.php?title=ཀྲོང་གསར་&oldid=30553" ལས་ སླར་འདྲེན་འབད་ཡོདཔ།