Jump to content

Index of Bhutan-related articles

Wikipedia ལས།

ཞབས་དྲུང་སྐུ་མཆོད་

[ཞུན་དག]

ལོ་བལྟར་ཧོར་ཟླ་༣པའི་ཚེས་༡༠ འདི ང་བཅས་རའི་འབྲུག་གི་བསྟན་པའི་བདག་པོ་ཞབས་་དྲུང་ངག་དབང་རྣམ་རྒྱལ་དགོངས་པ་ཆོས་ཀྱི་དབྱིགས་སུ་གཤེགས་པའི་སྐུ་མཆོད་ཀྱི་དུས་ཆེན་ཨིན། དེ་འབད་ཞབས་དྲུང་རིན་པོ་ཆེའི་སྐུ་མཆོད་དུས་ཆེན་གྱི་ཉི་མར་གཞུང་འབྲེལ་ངལ་བསོ་བཞག་དགོ་མི་འདི་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ ག་བཅས་ར་ལྷོ་མོན་ཁ་བཞིའི་རྒྱལ་ཁབ་ཀྱི་རང་དབང་རྩ་བརྟན་དུ་བཟོ་གནངམ་ལས་ཚུར་ ང་བཅས་ར་ རང་དབང་རང་བཙན་གྱི་རྒྱལ་ཁབ་འབད་དེ་ བདེ་སྐྱིད་གཉིས་ལྡན་གྱི་ངང་ལུ་སྡོད་ནི་འདི་བྱུངམ་ལས་བརྟེན་ཞབས་དྲུང་རིན་པོ་ཆེ་འདི་ འབྲུག་རྒྱལ་ཁབ་དབུ་བརྙེར་པར་མཛད་པའི་སྐུ་དྲིན་སྦོམ་ཡོད་མི་འདི་ ག་ར་གིས་རྗེས་དྲན་ཞུ་ནིའི་དོན་ལུ་ཨིན། དེ་འབད་ནི་འདི་གིས་ དུས་ཆེན་འདི་གི་སྐབས་ ག་ར་གིས་ཞབས་དྲུང་རིན་པོ་ཆེ་ལུ་ ཕྱག་མཆོད་གསོལ་འདེབས་ལུ་གསོལ་བརྩོན་དགོཔ་ག་ནི་ལས་གལ་ཆེཝ་མ་ཚད་ ཞབས་དྲུང་རིན་པོ་ཆེ་མཆོག་ལུ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ ཐུགས་དམ་བསྐུལ་བ་ཅིན་ རང་རང་སོ་སོ་དང་ ལྷག་པར་དུ་ང་བཅས་ར་འབྲུག་རྒྱལ་ཁབ་ནང་ལུ་རྐྱེན་བར་ཆད་མི་བྱུང་བར་བྱིན་གྱིས་བརླབས་ཏེ་ བསྟན་པ་ཡུན་རིང་གནས་ནི་གི་རྟེན་འབྲེལ་ཡོདཔ་ཨིན་ནོ།།

"https://dz.wikipedia.org/w/index.php?title=Index_of_Bhutan-related_articles&oldid=37708" ལས་ སླར་འདྲེན་འབད་ཡོདཔ།