User talk:སྐལ་བཟང་།

Page contents not supported in other languages.
Wikipedia ལས།

གསེར་ནག་གི་རི་མོ་སྙིང་ཁོང་གི་འོ་དོད་ཡིན། མདོ་སྨད་ཧེ་རུ་ཀ

                 ——པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཤེགས་ནས་ལོ་འཁོར་ཉི་ཤུ་ལོན་པའི་དུས་དྲན་དུ། 
    སྤྱི་ལོ་གྱ་བརྒྱད་ལོའི་སྟོན་མཇུག་གི་ས་སྲོད་ཅིག་ལ་ཨ་མའི་པགས་ཚག་གི་ལྟེབ་ན་ལང་ཚོའི་བརྩེ་དྲོད་འཚོལ་གྱིན་པའི་བྱིས་ལོ་བདུན་ཞིག་ཡུལ་མདོ་སྨད་ཆབ་ཆ་ནས་རེ་སྒུག་དང་དད་སེམས་ལ་སྨོན་པ་སྐུར་ཞོར།ཁོང་རིན་པོ་ཆེའི་གསེར་ཞལ་གྱི་མཇལ་ཁ་ཐོབ་པའི་ དུས་ཚིགས་དེ་ནི་སྟོན་མཇུག་ཅིག་ཡིན་ལ། སྟོན་མཇུག་གི་ས་སྲོད་ཅིག་ཡིན་པའང་དྲན་ཡོང་དུས་ནི་མི་ལོ་ཉི་ཤུ་ཆུ་ལོག་བཞིན་བརྒྱུགས་ཚར་བའི་དེ་རིང་གི་དགོང་སྲོལ་འདི་ལགས། ངས་མི་ལོ་ཉི་ཤུའི་ཡར་སྔོན་གྱི་སྟོན་མཇུག་དེ་བརྗེད་ག་ལ་སྲིད། སྟོན་མཇུག་གི་ས་སྲོད་དེ་ བརྗེད་ག་ལ་སྲིད། གསེར་ལོ་ཤོམས་པའི་ཁྲོམ་སྲང་དང་མི་ཚོགས་ཀྱི་འདུ་འཛི་དེ་བརྗེད་མི་སྲིད། 

གཅིག་དགུ་གྱ་དགུ གཅིག་དགུ་གྱ་དགུ ལོ་འདིར་བོད་མིའི་སྦྲ་ཁྱིམ་ནས་དཀར་ཡོལ་འབྲུག་རིས་མ་ཞིག་ཆག་སོང་། འབྲུ་ཞོ་གསེར་རྒྱན་མ་ཞིག་ཤོམས་སོང་། པཎ་ཆེན་ལགས་རིན་པོ་ཆེའི་ཁ་བ་རི་བོའི་གངས་གཞོང་ལ་གཏད་པའི་ཞབས་སྐྱོད་ཀྱི་རི་མོ་ཉམས་སོང་། མགོ་ནག་བོད་པའི་ལས་དབང་ལ་དམིགས་པའི་སྤྱན་ཟུང་གི་འདབ་ལོ་ཟུམ་སོང་། བོད་མི་ ཚོའི་སྦྲ་ནག་གི་ཆོན་ཐག་ཆད་སོང་། རི་གཤོང་གི་འཇའ་རིས་ཞིག་སོང་། མྱ་ངན་གྱི་འོ་དོད། སྡུག་བསྔལ་གྱི་འཁུན་སྒྲ། ཉིན་དང་ལོ་ཡིས་ཆོག་པའི་བོད་མིའི་ཨ་གསར་གྱི་ཁྲོད་ ནས་ཡོད་ཚད་ཚར་སོང་རྫོགས་སོང་།

  གཅིག་དགུ་གྱ་དགུ་ནས་ཉིས་སྟོང་དགུ་བར་ཏག་ཏག་མི་ལོ་ཉི་ཤུ་རེད། མི་ལོ་ཉི་ཤུའི་ ཡུན་ལ་ང་ཚོས་གནམ་ལོ་གསར་བ་ཉི་ཤུ་སར་ཡོད།ང་ཚོས་འདང་རྒྱག་མེད་པར་གླུ་བླངས་ཡོད།

ང་ཚོས་སྐྱིད་སྡུག་མེད་པར་གར་ཡང་འཁྲབ་ཡོད། མི་ཆེན་གསེར་གྱི་ཉི་མ་འདྲ་བོ་འགྱ་སོང་། མི་ཆེན་དུང་གི་ཀ་བ་འདྲ་བོ་འགྱེལ་སོང་། ང་ཚོས་ར་མ་ལུག་གི་སྐད་ཆ་ཤོད་ཀྱིན། ང་ཚོས་ཡ་མ་ ཟུང་གི་ཆ་ལུགས་སྟོན་གྱིན། རང་སྐད་ཤོད་རྒྱུར་ངོ་ཚ་ཞོར། རང་ལྭ་གྱོན་རྒྱུར་ཁ་སྐྱེངས་ཞོར་མི་ལོ་ཉི་ཤུ་རྒྱང་ལ་བསྐྱལ་ཡོད། མི་ལོ་ཉི་ཤུར་ང་ཚོས་གདུག་རྩུབ་ཀྱི་ལོ་ཟླའི་ཀློང་ནས་མི་རིགས་འདིའི་སྐྱིད་སྡུག་གི་ཆེད་དུ་རང་ཉིད་ཡལ་བར་དོར་ཅིང་མུན་ནག་ལ་མདུང་ཁ་གཏད་དེ་ཡིག་འབྲུ་ཁྲི་བདུན་མའི་མཆོད་པ་འཕེན་མཁན་གྱི་དཔའ་བོ་གང་དེའི་མཛད་རྣམ་རྨང་ནས་བརྗེད་ཡོད་ལ།མི་རིགས་འདིའི་ལས་དབང་གི་ཆེད་དུ་དཀའ་སྡུག་གི་ལོ་དགུ་ཟླ་བརྒྱད་ཁྲིམས་མུན་གྱི་དོང་རིང་ནས་བསྐྱལ་བའི་དྲིན་ཆེན་གང་དེའི་ལོ་རྒྱུས་སེམས་རྩ་ནས་བོར་ཡོད་ཨང་། ཡང་ན་མི་ལོ་ཉི་ཤུ་ར་ང་ཚོས་ཁོང་གི་སྐུ་པར་མཐོང་ཐེངས་རེ་ལ་རྔམ་པ་ཁེར་མ་གཉིས་མ་ཤོར་ཡོད་སྲིད། ཁོང་གི་བཀའ་གསུང་དྲན་ཐེངས་རེ་ལ་མིག་ཆུ་གཅིག་རེ་གཉིས་རེའང་ལྷུང་ཡོད་ངེས། འོན་ཀྱང་དོན་ངོ་མར་ང་ཚོའི་ཁྲོད་ན་ཁོང་གི་མི་རིགས་ལ་ཤ་ཚ་ཞིང་སྙིང་ཉེ་བའི་བཀའ་སློབ་དག་ཡིད་ལ་བཟུང་ཞིང་སེམས་ལ་ཉར་ནས་རང་སྐད་དག་མོ་རེ་ཤོད་ཅིང་རང་ལྭ་གྲལ་དག་རེ་གྱོན་ནས་རང་གི་ཤ་དང་རུས་པ། རང་གི་རོ་དང་བྲོ་བ་ཡལ་མེད་དུ་འཛིན་ནུས་མཁན་ག་ཙམ་ཡོད། ཁོང་གི་བཀའ་གསུང་བཞིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ཚར་རྗེས་རང་གི་སྐྱིད་འདོད་བདེ་འདོད་ཁོ་ན་མ་བསམ་པར་ཆེས་རྗེས་ལུས་ཀྱི་ས་ཁུལ་དུ་སོང་ནས་རང་རིགས་ཀྱི་རིག་གནས་སློབ་གསོའི་ཐད་་ལག་རྗེས་ཨེན་ཙམ་འཇོག་ཨེ་ཐུབ་ལ་འབུངས་བའི་ཤེས་ལྡན་ན་གཞོན་ག་ཙམ་ཡོད། ཁོང་གི་བཀའ་གསུང་བཞིན་གྲུབ་མཐའ་རིས་མེད་ཀྱིས་ཕན་ཚུན་བརྩི་འཇོག་གུས་བཀུར་ཤེས་ཤིང་ཉེ་རིང་ཆགས་སྡང་མེད་གྲྭ་བཙུན་སྔགས་བཙུན་ག་ཙམ་ཡོད། ཁོང་གི་མཛད་ རྗེས་དག་མིག་དཔེར་བཟུང་ནས་རིགས་ཞེན་གྱི་ཕྱག་ཟུང་རྒྱང་དུ་བསྲིངས་ནས་རང་མི་རིགས་ཀྱི་ཆེད་དུ་ཤ་ཐང་རུས་ཐང་གིས་འབད་པའི་བླ་མ་དཔོན་པོ་ག་ཙམ་ཡོད། ཐ་ན་ཉིས་སྟོང་བརྒྱད་ལོའི་ཁྲག་གི་མཚོ་མོའི་ཀློང་ནས་ཀྱང་ཁོང་རང་ནང་བཞིན་ཤ་དང་རུས་པའི་གཏིང་ནས་ན་ཟུག་གི་འབོད་སྐད་གཏོང་ཕོད་མཁན་ག་ཙམ་ཡོད། དེ་དུས་མཐོན་པོའི་ཁྲི་ཁ་ན་གཟི་བརྗིད་ངོམས་པའི་དཔོན་པོ་ཚོ་གང་དུ་བུད་སོང་། སྨྲ་ལྕེ་རྒོད་པོ་ལ་མེ་ལྕེ་འབར་བའི་བོད་ཀྱི་མཁས་པ་ཚོ་གང་དུ་བུད་སོང་། སྨྱུ་གུའི་རྩེད་འཇོ་ལ་ རི་མོ་འབབ་པའི་བོད་ཀྱི་རྩོམ་པོ་ཚོ་གང་དུ་བུད་སོང་། ཀྱེ་མ། འདི་ལྟར་མི་ལོ་ཉི་ཤུའི་མལ་གདན་གྱི་ལྟེབ་གཉེར་རེ་རེ་བཤིག་ཅིང་བསམ་གཞིགས་རེ་རེ་བཏང་ན་གནའ་སྔ་མོ་སྔ་མོ་ཞིག་ནས་རྒྱང་རིང་བོ་རིང་བོ་ཞིག་ཏུ་བཞུད་ཟིན་ པའི་པཎ་ཆེན་རིན་པོ་ཆེ་ཁོང་གི་མདུན་ནས་ང་ཚོས་གུས་ཕྱག་དང་གུས་ཕྱག་གསོལ་འདེབས་ དང་གསོལ་འདེབས་ཁོ་ན་ལས་ཅི་ཡང་ནུས་མེད་ཅིང་གང་ཡང་འགྲུབ་མི་འདུག་ཨང་།

༉ བྱོན་པ་ལེགས་སོ།

Hello, སྐལ་བཟང་།, and welcome to Dzongkha Wikipedia! Thank you for your contributions. I hope you like the place and decide to stay.

Meanwhile, whenever you have any free time, please start writing articles, filling out the empty articles, and translating articles from English Wikipedia. Don't worry if you make a mistake, these can always be easily corrected.

Here are a few good links for newcomers:

I hope you enjoy editing here and being a Wikipedian! Please sign your name on talk pages using four tildes (~~~~); this will automatically produce your name and the date. If you need help, check out en:Wikipedia:Where to ask a question, ask me on my talk page, or place {{helpme}} on your talk page and someone will show up shortly to answer your questions. Again, welcome! --Impro ༡༢:༡༧, ༡༢ སྤྱི་ཟླ་བརྒྱད་པ། ༢༠༡༡ (UTC)[reply]

"https://dz.wikipedia.org/w/index.php?title=User_talk:སྐལ་བཟང་།&oldid=19468" ལས་ སླར་འདྲེན་འབད་ཡོདཔ།