འབྲུག་ཨ་ཎེ་གཞི་ཚོགས། Ι Bhutan Nuns Foundation

Wikipedia ལས།

འབྲུག་རྒྱལ་ཁབ་ནང་ལུ་ ཨ་ཎེ་གཞི་ཚོགས་འདི་ སྤྱི་ལོ་༢༠༠༩ ལུ་མི་དབང་རྒྱལ་ཡུམ་ ཨ་ཞེ་ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གིས་ ཐུགས་ཀྱི་དགོངས་པ་ལས་འཁྲུངས་པའི་ ཐབས་ཤེས་བཟང་པོ་བཏོན་ཡོད་པའི་ཁར་ལུ་སྐྱབས་འཛིན་པ་དང་དབུ་འཁྲིད་མཛད་དེ་(BNF) འབྲུག་ཨ་ཎེ་གཞི་ཚོགས་འགོ་བཙུགས་ནུག།

དེ་ལས་ ཕན་གྲོགས་ཀྱི་བཀོད་ཁྱབ་མདོ་ཆེན་ དྲགོས་བཀྲིས་བཟང་མོ་གི་འབད་དེ་ གཞི་བཙུགས་འབད་བའི་སྐབས་ ཨ་ཎེམོ་གི་དགོན་སྡེ་༡༥ དེམ་ཅིག་ལས་མེད་རུང་ ད་རེས་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་གི་ནང་འཁོད་ལུ་སྐྱབས་འཛིན་པ་དང་རྒྱབ་སྐྱོར་དང་ བསྐུལ་མ་ཚུ་འབད་ཡོདཔ་ལས་ འབྲུག་ལུ་ཨ་ཎེམོ་གི་དགོན་སྡེ་ཁག་༣༠ དང་ཨ་ཎེམོ་གི་གྱངས་ཁ་འབད་རུང་༡༤༠༠ ལྷགཔ་ཅིག་རྒྱབ་ཕྱི་ནང་གཉིས་ལུ་བཞུགས་མི་ དཔེར་ན་ལ་ལུ་སྐུ་མཚམས་ལུ་སྦས་ཡུལ་བཟུམ་ཅིག་ལུ་ བཞུགས་མི་ཚུ་བརྩིཝ་ད་ གྱངས་ཁ་དེམཅིག་ལུ་ལྷོད་ནུག།

འབྲུག་ཨ་ཎེ་གཞི་བཙུགས་འབད་དགོ་པའི་དམིགས་ཡུལ།

འབྲུག་ཨ་ཎེ་གཞི་བཙུགས་འབད་དགོ་པའི་དམིགས་ཡུལ་ངོ་མ་རང་ འབྲུག་རྒྱལ་ཁབ་ནང་ལུ་ ཨ་ཎེམོ་དགེ་སློང་མ་ཚུ་ལུ་གཞུང་དང་སྒེར་སྡེ་ མི་སྡེ་ཚུ་ལས་ཕོ་སྐྱེས་ཚུ་བཟུམ་འབད་ ཐད་ཀར་གྱི་རྒྱབ་སྐྱོར་ ཤེས་ཡོན་དང་རིག་རྩལ་ལྕོགས་གྲུབ་གོང་འཕེལ་གཏང་ནི་དང་ མཐུན་རྐྱེན་ཚུ་མ་ཐོབ་པར་ གནས་སྟངས་སྐྱོ་སུ་ཅིག་འབད་སྡོད་ནུག། འདི་ལུ་ མི་དབང་ཨ་ཞེ་རིན་པོ་ཆེ་གིས་ ཐུགས་ཀྱི་དགོངས་པ་ལས་ ཨ་ཎེམོ་གི་དགོན་སྡེ་དང་ ཨ་ཎེམོ་ཚུ་གི་བར་ན་ མི་སྡེ་ལས་ཚོགས་ལས་ཆ་འཇོག་གྲུབ་ཞིམ་ལས་ འབྲུག་ཨ་ཎེ་གཞི་ཚོགས་བཙུགས་ཏེ་ དཀའ་ངལ་དང་གདོང་ལེན་ཚུ་སེལ་ཐབས་ལུ་ རྒྱལ་སྤྱི་དང་རྒྱལ་གཞུང་རྒྱབ་སྐྱོར་ལས་སྡེ་ གྲོགས་རམ་ལས་སྡེ་ཚུ་གི་བར་ན་ འབྲེལ་འཐུད་འབད་མི་ཟམ་བཟུམ་ཅིག་སྦེ་ བར་ན་འཛུལ་ཏེ་ཕྱི་དངུལ་གྲོགས་རམ་ལེན་ནི་ ནང་ན་བདེ་སྒྲིག་འབད་ནི་ལ་སོགས་པའི་ཐོག་ལས་ འབྲུག་གི་ཨ་ཎེ་དགོན་སྡེ་ཚུ་ནང་ དང་འདོད་ཡོད་མི་འབྲུག་པའི་བུམོ་ ཆོས་དད་ཅན་ཚུ་ལུ་ ཕན་ཐབས་དང་ནང་པའི་ཆོས་ཀྱི་བསྟན་པ་ དར་ཞིང་རྒྱས་ཐབས་ལུ་ཕན་ཐབས་གཟིགས་ཏེ་ གཞི་བཙུགས་མཛད་ནུག།

འབྲུག་ཨ་ཎེ་གཞི་བཙུགས་མ་འབད་བའི་ཧེ་མ་ རྒྱལ་ཁབ་ནང་ལུ་ཨ་ཎེ་དགོན་༡༥ དེ་ཅིག་ལས་བརྒལ་མེད་རུང་ ད་རེས་འབྲུག་ལུ་ ཨ་ཎེམོ་གི་དགོན་སྡེ་འོག་ལུ་ བཀོད་དེ་ཡོདཔ་བཟུམ་ ཧ་ལམ་སུམ་ཅུ་དེ་ཅིག་ལོ་ངོ་༡༠ གྱི་ནང་འཁོད་ གོང་འཕེལ་དང་ཤེས་ཡོན་གྱི་འགྱུར་བ་ཚུ་ སྦོམ་གྲུབ་འབྲས་བྱུང་ནུག།

ད་རེས་འབྲུག་རྒྱལ་ཁབ་ནང་ལུ་ཡོད་པའི་ཨ་ཎེ་དགོན་སྡེ་གི་ཐོ།

ཨང་ དགོན་སྡེའི་མིང་། ས་གནས། རྫོང་ཁག
ཐང་ཐོག་བདེ་བ་ཅན། ཟིལ་ལུང་ཁ། ཐིམ་ཁྲོམ།
བཤད་གྲུབ་ཆོས་གླིང་། ལྷོང་མཚོ། ཐིམ་ཕུག།
ཞིང་ཆེན་ཨྱོན་རྫོང་། ཝང་སི་སི་ན། ཐིམ་ཕུག།
རྒྱབ་ཏོག་ཨ་ཎེ་གྲྭ་ཚང་། ཤར་སྦ། སྤ་རོ།
རྟེན་ཆ་དགོན་པ། གོ་རི་ན། སྤ་རོ།
ཨྱོན་དགའ་ཚལ་ཨ་ཎེམོ་གྲྭ་ཚང་། རྡོ་རང་ཐག སྤུ་ན་ཁ།
རྡོ་རང་ཐག་གོང་མ། སྤུ་ན་ཁ། སྤུ་ན་ཁ།
གསང་ཆེན་རྡོེ་ལྷུན་གྲུབ། འོ་ལ་ཁ། སྤུ་ན་ཁ།
པདྨ་བཤད་གྲུབ་དར་རྒྱས་མཁའ་འགྲོ་གླིང་། དྭངས་ཆུ། དབང་འདུས་ཕོ་བྲང་།
༡༠ སྔོན་ལུང་བྲག་ཅག་གླིང་། ཕོབ་སྦྱི་ཁ། དབང་འདུས་ཕོ་བྲང་།
༡༡ ཀརྨ་གྲུབ་སྡེ་དཔལ་མོ་ཆོས་སྐྱིད་ལྡིང་ཁང་། ཀུན་དགའ་རབ་བརྟན། ཀྲོང་གསར།
༡༢ བསམ་ཆོས་གླིང་ཨ་ཎེ་གྲྭ་ཚང་། བསམ་ཆོས་གླིང་། ཀྲོང་གསར།
༡༣ བཤད་གྲུབ་ཆོས་འཁོར་གླིང་། རྩ་མང་། མོང་སྒར།
༡༤ སངས་རྒྱས་ཆོས་གླིང་། གཏོར་མ་གཞོང་། མོང་སྒར།
༡༥ བྱམས་པ་ཆོས་འཁོར་གླིང་། རི་ད་ཟ། མོང་སྒར།
༡༦ བློ་གསལ་དབྱངས་ཅན་གླིང་། གཡག་པོ་སྒང་། མོང་སྒར།
༡༧ བསམ་གཏན་ཆོས་གླིང་། ཝམ་རོང་། བཀྲིས་སྒང་།
༡༨ ཐེག་མཆོག་ཀུན་བཟང་གླིང་། མཁར་གདུང་། བཀྲིས་སྒང་།
༡༩ ལྷུན་གྲུབ་ཆོས་གླིང་། འཇའ་ཤར་དགོན་པ། པདྨ་དགའ་ཚལ།
༢༠ ཨྱོན་ཐེག་མཆོག་གཡང་རྩེ། སྟོད་པ་ལུང་། པདྨ་དགའ་ཚལ།
༢༡ ཨྱོན་ཕུན་ཚོགས་ཆོས་གླིང་། ཅོག་པ་འོག། བུམ་ཐང་།
༢༢ པད་མ་ཆོས་གླིང་། སྟངས། བུམ་ཐང་།
༢༣ བཤད་གྲུབ་ཆོས་གླིང་ཨ་ཎེ་གྲྭ་ཚང་། བཀྲིས་ཕུ། དགེ་ལེགས་ཕུ།
༢༤ བཤད་གྲུབ་ཆོས་གླིང་། གསེར་གཞོང་། དགེ་ལེགས་ཕུ།
༢༥ འོད་གསལ་ཆོས་གླིང་། པཱན་སྦང་། ཞལ་སྒང་།
༢༦ སྔ་འགྱུར་པདྨ་ཆོས་གླིང་། པཱན་སྦང། ཞལ་སྒང་།
༢༧ ཤེས་རབ་འོད་གསལ་ཆོས་གླིང་། དམར་ཚ་ལ། བསམ་གྲུབ་ལྗོངས་མཁར།
༢༨ སྔ་འགྱུར་དགའ་ལྡན་མཚོ་རྒྱལ། ཤིང་མཁར་འུ་རི། བསམ་གྲུབ་ལྗོངས་མཁར།
༢༩ ཨྱོན་བསམ་གཏན་ཆོས་གླིང་། ཀེབ་བཏང་། བསམ་གྲུབ་ལྗོངས་མཁར།

ཨ་ཎེམོ་ཚུ་ལུ་ཤེས་ཡོན་དང་བརྒྱུད་བསྐུལ།

ང་བཅས་རའི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ ཆོས་དང་ལམ་སྲོལ་འདི་ སྲོག་ཤིང་བཟུམ་ཨིནམ་ལས་ ཕྱིའི་ཤེས་ཡོན་སྦྱང་ནིའི་གོ་སྐབས་མ་ཐོབ་མི་ ཕམ་ཉམས་ཆུང་གི་བུམོ་ལོ་༥ ལས་ལོ་༥༠ འབད་མི་ཚུན་ འདི་ཚུ་གིས་ནང་པའི་ལམ་ལུགས་ལྟར་ ནང་ཆོས་དང་འབྲེལ་བའི་ཤེས་ཡོན་སྦྱང་སྟེ་ བཤད་གྲྭ་དང་གྲུབ་པ་གཉིས་ཆ་ར་ལུ་ གོ་སྐབས་ཐོབ་བཅུག་ནི་འདི་ཨིན་པས། དེ་ལས་ མ་འོངས་པ་ལུ་ ཨ་ཎེམོ་ཁོང་རའི་ནང་འཁོད་ལས་ ལྕོགས་གྲུབ་ཅན་གྱི་སློབ་དཔོནམོ་དང་མཁན་པོ་ དེ་ལས་བུམོ་འདི་ཚུ་གིས་ལྕོགས་གྲུབ་གོང་འཕེལ་དང་ ཕོ་མོ་འདྲ་མཉམ་གྱི་དམིགས་དོན་ཚུ་ཡང་བསྒྲུབ་ཚུགས་པའི་ཁར་ རྒྱལ་ཁབ་ནང་ལུ་ ཕྱག་ག་ཅི་ཞུ་རུང་འབད་ཚུགས་པའི་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་བལྟ་བ་ཚུ་ཡང་ སྒྲུབ་ཐབས་ལུ་ཨིན།

སྦྱོང་བརྡར་དང་མཁོ་ཆས་ལས་འགུལ་ལྟེ་བ།

འབྲུ་གི་རྒྱལ་ས་ལྟེ་བ་ལས་ ཀི་ལོ་མི་ཏྲར་དག་པ་ཅིག་གི་ས་ཁར་ འབྲུག་ཨ་ཎེ་གཞི་ཚོགས་ཀྱི་འགོ་འདྲེན་ཐོག་ལུ་ སྦྱོང་བརྡར་འབད་སའི་ ས་གོ་ལྟེ་བ་གཅིག་ རང་ལུགས་སྔར་སྲོལ་གྱི་བཟོ་བཀོད་འབད་དེ་ མཐུན་རྐྱེན་ཕུན་སུམ་ཚོགས་ཏོག་ཏོ་འབད་སྤྱི་ལོ་༢༠༡༩ དབྱིན་ཟླ་༥ པའི་ནང་ ཧ་ལམ་བསྒྲུབས་ཚར་རུང་ སྤྱི་ལོ་༢༠༢༠ ལས་ ཕྱི་བསྒྲུབས་ནང་བསྒྲུབས་འབད་དེ་འབྲེལ་ཡོད་སེམས་ཀྱི་སྒོམ་སྦྱང་ སྦྱོང་བརྡར་བྱིན་ནི་འགོ་བཙུགས་ཡོདཔ་ཨིན། འབྲུག་ཨ་ཎེ་གཞི་ཚོགས་ལུ་ ད་རུང་ཡང་དངུལ་གྱི་རྒྱབ་སྐྱོར་དང་ སྦུང་གི་རྒྱབ་སྐྱོར་ཚུ་ འཕྲོ་འཐུད་དེ་གནང་དགོཔ་ཡོད། དེཡང་ སྦྱོང་བརྡར་དང་ལས་རིམ་ཚུ་ གོང་འཕེལ་གཏང་ནི་ལས་རིམ་ལེ་ཤ་འབད་དགོཔ་ཡོདཔ་ཨིན་པས།

འབྲུག་ཨ་ཎེ་གཞི་ཚོགས་ཀྱི་ད་རེས་ཚུན་གྱི་གྲུབ་འབྲས།

འབྲུག་ལུ་ཨ་ཎེམོ་ཚུ་ལུ་ བརྩིས་མཐོང་གུས་བཀུར་ ཤེས་ཡོན་གྱི་ལྕོགས་གྲུབ་ཚུ་ཡང་ ཡར་རྒྱས་སོང་སྟེ་ ཁྱད་རིག་ཅན་གྱི་ཨ་ཎེམོ་ཚུ་ཡང་ལེ་ཤ་ཐོན་ཡོདཔ་ཨིན།

སྤྱི་ལོ་༢༠༢༡ དབྱིན་ཟླ་༦ པའི་དབྱིན་ཚེས་༢༡ དང་༢༢ ལུ་ རྒྱལ་སྤྱི་ཨ་ཎེམོ་ཞལ་འཛོམས་སྐོར་ཐེངས་༢ པ་འབྲུག་རྒྱལ་ས་ལྟེ་བ་ལུ་ཚོགས་ཡོདཔ་ཨིན།

སྤྱི་ལོ་༢༠༡༨ ལུ་འབྲུག་ཨ་ཎེ་གཞི་ཚོགས་ཀྱི་བཀོད་ཁྱབ་མདོ་ཆེན་ མཁས་དབང་དྲགོས་བཀྲིས་བཟང་མོ་འདི་ བི་བི་སི་(BBC) གནས་ཚུལ་ནང་ འཛམ་གླིང་རྒྱལ་ཁབ་༦༠ ཐམས་པ་ལས་ བུམོ་འདི་ཚུ་ལུ་བརྒྱུད་བསྐུལ་དང་ དང་འདོད་བསྐྱེད་བཅུག་མི་ མི་ངོ་༡༠༠ གི་ནང་འཁོད་ཚུད་པའི་ངོས་འཛིན་འབད་ཡོདཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

Bhutan Nuns Foundation (https://bhutionnuns.org)