Jump to content

ཕྱག་འཚལ་ཐངས།

Wikipedia ལས།

ན་མོ་བུདྡྷ་དྷར་མ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡིད་རངབསྐུལ་བཞིང་གསོལ་བ་འདེསབ། ༑དགེ་བ་ཅུང་ཟད་བདགགི་ཅི་བསགས་པ། །ཐམས་ཅད་བདག་གི་བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་གསུངས་པ་ལྟར་སྤྱིར་བཏང་ཚོགས་བསགས་པའི་ཕྱིར་དུ་ཚོགས་བསགས་ཡན་ལག་བདུན་གྱི་ནང་ལས་དང་པོ་ཕྱག་འཚལ་བའི་བསྐོར་ལས་བསྡུ་གཅིག་འབྲི་བ་ཅན།

ཕྱག་འཚལ་དགོ་པའི་དགོས་པ།

ང་བཅས་ཚུ་འཁོར་བ་ཐོག་མ་མེད་པའི་དུས་ནས ཉོན་མོངས་དབང་དུ་ཤུགས་ཆེས་བས་ཡར་གོང་མ་ལ་གུས་ཞབས་དང་འོག་མ་ལ་བརྩེ་གདུང་བར་པ་རྣམས་ལ་དམ་ཚིག་མེད་བསོད་ནམས་བསྐམ་པའི་བྱ་བ་ལུ་ངང་གི་འཇུག་འདི་འགྱོ་ཨིན། ཆོས་འདི་ཚུ་ལུ་གཉེན་པོ་ཡོད་རུང་རང་བསོད་ནམས་དམན་པའི་སྟབས་ཀྱིས་དེ་ལ་འཇུག་མ་ཚུགས་པར་ལཱ་ཁག་ཐོང་དོ་ཡོད་རུང་གོམ་དྲིས་ཚུད་པ་ཅིན་འཇམ་ཏོང་ཏོ་འཚོར་དོ་ཡོདཔ་ཨིན། ཕྱག་འདི་གཙོ་བོ་རང་གི་ཡུལ་གོང་མ་རྣམས་ལ་ཕུལ།དགོཔ་ཨིན། དེ་ཡང་རྒྱལ་བ་གོང་མ་རྣམས་ཀྱི་ང་རྒྱལ་གྱི་གཉེན་པོ་ཕྱག་ཨིན་ཟེར་གསུངས་བཞག་ཡོད་དོ་བཟུམ་སྦེ་རང་སོའི་སེམས་ལུ་ཡོད་པའི་ང་རྒྱལ་ཞི་བའི་ཕྱིར་དུ་ཡུལ་གོམ་དང་ཚེས་འདི་ཕྱི་གཉིས་ཀྱི་སྐྱབས་མཆོག་ཏུ་གྱུར་པ་དཀོན་མཆོག་གསུམ་དང་དང་བ་འདྲེན་པའི་ཕྱིར་དུ་སྐུ་གསུང་ཐུགས་བསྟན་རྣམས་ལ་ཕུལ་དགོཔ་ཨིན།

ཕྱག་འཚལ་བའི་སྐབས་སུ་དམིགས་པ་བསྐྱེད་ཐང་།

ཕྱག་འཚལ་བའི་སྐབས་རང་གི་སེམས་འདི་བག་ཡེང་མ་བཏང་པར་དང་པོ་རང་ རང་གི་སངས་རྒྱས་ཀུན་འདུས་པའི་རྩ་བའི་བླ་མ་མདུན་གྱི་ནམ་མཁའ་ལུ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་པ་མང་པོ་སྐོར་བའི་དབུ་སུ་ཞལ་མཛུམ་དངས་དང་བཅས་ད་བཞུགས་ཡོད་པར་མནོ་བསམ་བཏང་བཞིན་ལས་མ་དག་པའི་ས་འདི་ཁར་མ་ཡིན་པར་ས་ག་ནི་བ་མཇའ་ཆིག་ཆི་ཡོད་པའི་ས་ཁར་རང་གི་གཡས་སུ་ད་ལྟའི་དྲིན་ཅན་གྱི་མ་དང་གཡོན་ཁ་ཁ་ཐུག་དྲིན་ཅན་ཕ། དེ་ལས་རང་གི་གདོང་ཁར་རང་གི་དགྲ་དང་ངན་སོང་གསུམ་ནང་ཚ་གྲང་གི་སྡུག་བསྔལ་དཔག་ཏུ་མེད་པར་མྱོང་ཡོད་པའི་སེམས་ཅན་རྣམས་དང་རང་གི་རྒྱབ་ཁར་ལུ་རང་ལུ་ཕན་ཐོག་ཡོད་པའི་ཆ་རོགས་དང་གཉེན་ཉེཝ་ཚུ་གིས་ཐང་ཆེན་སྦོམ་གཅིག་སྟེམ་སྟེམ་གང་ཡོད་པའི་དམིགས་པ་བསྐྱེད་དགོཔ་ཨིན་མས།

ཕྱག་འཚལ་ཐང་།

དེ་ལས་རང་གི་ལགཔ་གཉིས་ག་ནི་བ་མཇའ་ཆིག་ཆི་མེ་ཏོག་པདྨའི་སྦུབ་ཅུང་ད་ལྟོ་རང་ཁ་རྒྱས་ས་ས་ཡོད་དོ་བཟུམ་བཟོ་བཞིནམ་ལས་དང་པོ་རང་རང་གི་སྤྱི་བོར་ཟེར་མགུ་ཏོ་ཁར་ལུ་བསྐྱེལ་དགོཔ་ཨིན་མས། དེ་སྐབས་སུ་རང་གི་འཁོར་བ་ཐོག་མ་མེད་པའི་དུས་ནས་བསགས་ཡོད་པའི་ལུས་ཀྱི་ལས་ཐམས་ཅད་དག་པར་ཤོག་ཟེར་སྨོན་ལམ་བཏབ་དགོཔ་ཨིན། གཉིས་པ་ལགཔ་ཐལ་སྦྱར་མགྲིན་པར་ཟེར་ཨོལ་ལྐོག་ཁར་བསྐྱེལ་དགོ་མི་འདི་རང་གི་ངག་གི་བསགས་ཡོད་པའི་སྡིག་པ་དག་པའི་སྨོན་ལམ་བཏབ།དགོ་ཨིན་མས། གསུམ་པ་ཐལ་སྦྱར་སྙིང་ཁར་བསྐྱེལ་དགོ་མི་འདི་རང་གི་སེམས་སམ་ཡིད་ཀྱི་བསགས་པའི་སྡིག་སྒྲིབ་དག་པའི་སྨོན་ལམ་བཏབ་དགོཔ་ཨིན་མས། དེ་ཡང་རང་རྐྱངམ་ཅིག་མེན་པར་རང་དང་མཉམ་ཡོད་པར་དམིགས་པ་བསམ་ཡོད་པའི་ཕ་མ་སེམས་ཅན་ཐམས་ཅད་འུར་སྒྲ་དང་བཅས་པའི་ཕྱག་འཚལ་བར་བསམ་དགོཔ་ཨིན།  ས

ཕྱག་འཚལ་སྐབས་འདོན་རྒྱུའི་སྨོན་ཚིག་ནི།

ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་བཞུགས་སོ།། བདག་གི་མཆོག་གསུམ་དམ་པར་ཕྱག་འཚལ་བས། །བདག་དང་འགྲོ་ཀུན་སྡིག་སྒྲིབ་དག་པར་ཤོག །ལག་གཉིས་མཉམ་པར་ཐལ་མོ་སྦྱར་བ་ཡིས། །ཐབས་དང་ཤེས་རབ་ཟུང་འཇུག་ཐོབ་པར་ཤོག །ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར་བ་ཡིས། །འོག་མིན་དགའ་ལྡན་གནས་སུ་བགྲོད་པར་ཤོག །ཐལ་མོ་སྨིན་མཚམས་དཔྲལ་ བར་སྦྱར་བ་ཡིས། །ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པར་ཤོག །ཐལ་མོ་མགྲིན་པའི་ཐད་དུ་སྦྱར་བ་ཡིས། །ངག་གི་སྡིག་སྒྲིབ་ཐམས་ཅད་དག་པར་ཤོག །ཐལ་མོ་སྙིང་གའི་ཐད་དུ་སྦྱར་བ་ཡིས། །ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པར་ཤོག །ཐལ་མོ་སྦྱར་བ་སོ་སོར་ཕྱེ་བ་ཡིས། །གཟུགས་སྐུ་གཉིས་ཀྱི་འགྲོ་དོན་བྱེད་པར་ཤོག །རྐང་གཉིས་པུས་མོ་ས་ལ་བཙུགས་པ་ཡིས། །འཁོར་བ་ངན་སོང་གནས་ལས་ཐར་བར་ཤོག །ལག་གཉིས་སོར་བཅུ་་ས་ལ་བཙུགས་པ་ཡིས། །ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་པར་ཤོག །མགོ་བོ་དཔྲལ་བ་ས་ལ་བཙུགས་པ་ཡིས། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་ཤོག །ཡན་ལག་བཞི་པོ་བརྐྱངས་བསྐུམས་བྱེད་པ་ཡིས།།འཕྲིན་ལས་རྣམ་བཞི་ལྷུན་གྱི་གྲུབ་པར་ཤོག །རྩ་རྒྱུད་ཐམས་ཅད་བརྐྱངས་བསྐུམས་བྱས་པ་ཡིས།།རྩ་མདུད་ཐམས་ཅད་མ་ལུས་གྲོལ་བར་ཤོག །སྒལ་ཚིགས་དབུ་མར་དགྱེ་དགུགས་བྱེད་པ་ཡིས།།རླུང་རྣམས་མ་ལུས་དབུ་མར་ཚུད་པར་ཤོག །ས་ལ་ཐུག་ནས་ཡར་ལ་ལང་བ་ཡིས། །འཁོར་བར་མི་གནས་ཐར་ལམ་ཐོབ་པར་ཤོག །དེ་ནས་ལན་མང་དུ་མར་ཕྱག་འཚལ་བས། །ཞི་བར་མི་གནས་སེམས་ཅན་འདྲེན་པར་ཤོག །བདག་སོགས་བརྐྱངས་ཕྱག་ཕུལ་བའི་དགེ་བའི་མཐུས། །གནས་སྐབས་ཚེ་རིང་ནད་མེད་ཕུན་ཚོགས་ཤོག །འཆི་ཚེ་བདེ་བ་ཅན་དུ་སྐྱེས་ནས་ཀྱང་། །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཕ་མ་སེམས་ཅན་བདེ་དང་ལྡན་གྱུར་ཅིང་། །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བ་དང་། །བྱང་ཆུབ་སེམས་པ་གང་ན་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །སརྦ་མངྒ་ལཾ།།

"https://dz.wikipedia.org/w/index.php?title=ཕྱག་འཚལ་ཐངས།&oldid=36112" ལས་ སླར་འདྲེན་འབད་ཡོདཔ།