Jump to content

བཀང་ལུང་བཤད་གྲྭ

Wikipedia ལས།

བཤད་གྲྭ་ཆགས་ཚུལ།

[ཞུན་དག]

འབྲུག་ཤར་ཕྱོགས་བཀྲིས་སྒང་ བཀང་ལུང་ལུ་ཆགས་ཡོད་པའི་ བཀང་ལུང་བཤད་གྲྭ་འདི་གཞི་བཙུགས་མ་གནང་བའི་སྔོན་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་བཀའ་རྒྱ་དང་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གི་ལུང་བསྟན་ལྟར་ མི་རྗེ་སྐྱིད་སྡུག་བློན་པོ་གཏམ་ཞིང་རྒྱ་གར་མཆོག་གི་ སྤྱི་ལོ་ ༡༩༧༩ ལུ་ཟངས་མདོག་དཔལ་རིའི་ཞིང་བཀོད་བརྟེན་དང་རྟེན་པ་བཅསཔ་འབད་ སྤྱི་ལོ་༡༧༨༠ ལུ་ལེགས་པར་བསྒྲུབས་གནང་ནས་ བླ་ཆེན་མང་རབ་ཅིག་གིས་བསྒྲུབས་པ་རབ་གནས་མཛད་གནང་ནུག ། དེ་ལས་ལོ་ངོ་བཅུ་ཕྲག་གཉིས་དང་གསུམ་གྱི་རིང་ལུ་ གཙུག་ལག་ཁང་དེ་སྒེར་གྱི་མི་ངོམ་རིམ་བྱོན་ཚུ་གི་བདག་འཛིན་མཛད་གནང་ཡོད་རུང་ སྤྱི་ལོ་༢༠༠༣ ལས་ཚུར་ སྐྱབས་མགོན་དགོང་མའི་ལུང་བསྟན་དུས་ལུ་བབས་པ་ལས་རྟེན་ ད་ལྟར་ཁྲི་ཐོག་ཁར་བཞུགས་ཡོད་པའི་ གཞུང་གྲྭ་ཚང་གི་གཙུག་ལག་སློབ་དཔོན་རིན་པོ་ཆེ་ཀརྨ་རང་གྲོལ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་བླ་ན་མེད་པ་ཡོད་མི་ལས་ སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་དགོས་སུ་དཔལ་ལྡན་འབྲུག་པའི་བཀའ་རྒྱུད་བསྟན་པའི་རིང་ལུགས་་མི་ཉམས་པར་ འཛིན་སྐྱོང་དཔལ་གསུམ་གྱི་་མཐའ་དོན་ལུ་གཟིགས་ནས་ བཤད་གྲྭ་འདི་འགོ་དང་པ་དགེ་འདུན་ཞལ་གྲངས་་་་་་ཐོག་ནས་གཞི་རིམ་བཤད་གྲྭ་ལུ་གཞི་བཙུགས་མཛད་གནང་ནུག།

དེ་སྒང་དབུ་འཛིན་དང་པ་མཁན་པོ་ཀརྨ་རང་གྲོལ་མཆོག་གིས་ ཕྱིའི་འཛིན་སྐྱོང་དང་ནང་གི་སློབ་སྟོན་ཚུ་བཤད་གྲྭ་གཞན་གྱི་ལམ་ལུག་དང་མཐུན་ གཞུང་དང་རིག་གནས་ཚུ་ལྷག་བསམ་རྣམ་དག་གི་སྒོ་ནས་དགེ་འདུན་པ་རྣམས་ལུ་ ཐུགས་ཀྱི་བརྩེ་བ་རྒྱ་ཆེན་པོའི་སྒོ་ལས་སློབ་སྟོན་མཛད་གནང་ཡོདཔ་མ་ཚད༌ བཤད་གྲྭའི་ཕྱིའི་མཐུན་རྐྱེན་མཐའམ་བདའ་སྟེ་མཆོསྐོར་

"https://dz.wikipedia.org/w/index.php?title=བཀང་ལུང་བཤད་གྲྭ&oldid=33056" ལས་ སླར་འདྲེན་འབད་ཡོདཔ།