Jump to content

བཀྲ་ཤིས་དང་ ནུང་ཤི་མ་ལིག།

Wikipedia ལས།

བཀྲ་ཤིས་དང་ ནུང་ཤི་མ་ལིག་ (༡༩༩༡ སྤྱི་ཟླ་༦ པའི་ཚེས་༢༡ ལུ་སྐྱེས) ཆ་དང་མཚེ་མ་ འགོ་དང་པ་ རི་རྩེ་བདུན་ ལུ་འཛེགས་ཏེ་ བྱང་དང་ལྷོ་སྣེ་ལུ་ལྷོད་དེ་ དྲག་ཤོས་ཀྱི་ གྷྲན་ཌི་སི་ལེམ་ དང་ ཐི་རི་པོལ་སི་ གདོང་ལེན་ཚུ་ མཇུག་བསྡུ་ཡོདཔ་ཨིན་པས།

མི་སྒེར་གྱི་མི་ཚེ།

[ཞུན་དག]

མ་ལིག་མཚེ་མ་(ཏ་ཤི་དང་ནུང་ཤི)གཉིས་ ངོ་མ་རང་ རྒྱ་གར་གྱི་ ཧ་རི་ཡ་ན་ མངའ་སྡེ་ལས་ཨིན་པས། དེ་ལས་ ཁོང་ཆ་ ཁྱབ་ ཧ་རི་ཡ་ན་ གི་གཡུས་ཚན་ ཨན་ཝ་ལི་ སོ་ནི་པཏ་ ལས་ རྒྱ་གར་དམག་སྡེའི་འགོ་དཔོན་ དམག་དཔོན་ ཝི་རེན་ཌར་སིང་མ་ལིག་དང་ ཁོ་གི་ཨམ་སྲུ་ ཨན་ཇུ་ཐ་པ་གཉིས་ལས་ སྐྱེས་ཡོདཔ་ཨིན་པས། དམག་དཔོན་མཱ་ལིག་གིས་ རྒྱ་གར་དམག་སྡེ་ལས་ དགོངས་ཞུ་འབད་བའི་ཤུལ་ལས་ ཌེ་ཧ་ར་ཌུན་ལུ་ གཞི་ཆགས་ཡོདཔ་ཨིན་པས།

བུམོ་ཚུ་གིས་ མདའ་ ཡ་པྲ་དེཤ་ དང་ ཨུ་ཏར་པྲ་ དེཤ་ ཨུ་ཊ་ ར་ཁན་ ཏ་མིལ་ནཱ་ ཌུ་ ཀེ་ རཱ་ལ་ དེ་ལས་ མ་ནི་པུར་མངའ་སྡེ་ཚུ་ནང་ སློབ་གྲྭ་ལེ་ཤ་ཅིག་ནང་ འཛུལ་ཞུགས་འབད་ཡོདཔ་ད་ དེ་ཡང་ ཨོ་ཊ་ཀ་མུན་གྱི་ ཉེ་འདབས་ལུ་ཡོད་པའི་ ལོ་རེནས ི་སློབ་གྲྭ་ ལོཝ་ཌེལ་ ལུ་ཡང་ འགྱོ་ཡོདཔ་ཨིན་པས། སྤྱི་ལོ་༢༠༡༣ ལུ་ སི་ཀིམ་མ་ནི་པཱལ་གཙུག་ལག་སློབ་སྡེ་ ལས་ བརྡ་བརྒྱུད་དང་ མི་མང་བརྒྱུད་འབྲེལ་གྱི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས། དེ་ལས་ ཡུ་ཨེས་ཀྱི་ ཝར་མོན་ཊི་ལུ་ཡོད་པའི་ རྒྱལ་སྤྱིའི་སྦྱོང་བརྡར་སློབ་གྲྭ་ལས་ ཞི་བདེ་དང་ འཁྲུག་རྩོད་སེལ་ཐབས་ཀྱི་ ལག་ཁྱེར་ཐོབ་ཡོདཔ་ཨིན་པས། སྤྱི་ལོ་༢༠༡༥ ལུ་ མཚེ་མ་ཨ་ཞེམོ་གཉིས་ཀྱིས་ ནིའུ་ཟི་ལེནཌ་གི་ ཨིན་ཝར་ཀར་གཱལ་ལུ་ཡོད་པའི་ ལྷོ་ཕྱོགས་འཕྲུལ་རིག་སྤེལ་ཁང་ལས་ རྩེད་རིགས་དང་ལུས་སྦྱོང་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས། [] []

  1. "TWINS ON MT EVEREST - TASHI & NUNGSHI MALIK FIRST TWINS TO SCALE EVEREST". Archived from the original on 23 June 2013. Retrieved 7 June 2013.. Archived from the original on 23 June 2013. Retrieved 7 June 2013.
  2. "Dehradun girls, Tashi and Nungshi 'Twin Sisters', to scale Mount Everest". 7 March 2013. Archived from the original on 27 August 2013. Retrieved 7 June 2013."Dehradun girls, Tashi and Nungshi 'Twin Sisters', to scale Mount Everest". 7 March 2013. Archived from the original on 27 August 2013. Retrieved 7 June 2013.