Jump to content

བྱུང་རབས

Wikipedia ལས།
ཡུ་རོབ་ལུ་ ཧི་རོ་ཌོ་ཀྲཱས་ (c. ༤༨༤ བི་སི་ལས་ ༤༢༥ བི་སི་) འདི་ "བྱུང་རབས་ཀྱི་ཨ་པ་" སྦེ་བརྩིཝ་ཨིན།
བྱུང་རབས་ - ནི་ཀོ་ལའོ་སི་གི་སི་ (༡༨༩༢) གིས་བྲིས་པའི་རི་མོ།

བྱུང་རབས ཡང་ན་ ཐུང་ཐུང་ནང་ ( English : history ) ཟེར་ འདས་པའི་དུས་སྐབས་ དང་ དམིགས་བསལ་གྱིས་ མི་ དང་འབྲེལ་བ་ཡོད་པའི་ བྱུང་རིམ་ཚུ་ གི་སྐོར་ལས་ ཞིབ་འཇུག་འབད་མི་ མི་སྡེ་ཚན་རིག་ ཅིག་ འདི་ཡང་ སྤྱིར་བཏང་གི་མིང་ཚིག་ཅིག་ཨིནམ་ད་ དེ་གིས་ འདས་པའི་བྱུང་རིམ་ཚུ་དང་ དེ་བཟུམ་སྦེ་ དྲན་འཛིན་དང་ གསར་འཚོལ་ བསྡུ་སྒྲིག་ ལས་སྡེ་ གསལ་བཀོད་ དོན་འགྲེལ་ དེ་ལས་ བྱུང་རིམ་འདི་ཚུ་གི་ བརྡ་དོན་ཚུ་ ལུ་ གོཝ་ཨིན། བྱུང་རབས་སྐོར་ལས་བྲིས་མི་མཁས་པ་ཚུ་ལུ་ བྱུང་རབས་མཁས་པ་ ཟེར་སླབ་ཨིན། ཐོ་བཀོད་མ་འབད་བའི་ཧེ་མ་བྱུང་མི་བྱུང་རིམ་ཚུ་ རྒྱལ་རབས་སྔོན་མའི་དུས་ལུ་ བརྩི་དོ་ཡོདཔ་ཨིན།

བྱུང་རབས་འདི་ བཅུད་དོན་གྱི་ ཆོས་ཚན་ ལུ་གོཝ་ ཨིན། དེ་ཡང་ ལོ་རྒྱུས་ཚུ་ལག་ལེན་འཐབ་སྟེ་ འདས་པའི་བྱུང་རིམ་ཚུ་གི་གོ་རིམ་བརྟག་དཔྱད་དང་ དབྱེ་དཔྱད་འབད་ནི་དང་ དངོས་དོན་གྱི་ཐོག་ལས་ བྱུང་རིམ་འདི་ཚུ་ལུ་ ཤན་ཞུགས་འབད་མི་གི་ རྒྱུ་རྐྱེན་དང་ གནོད་པ་ ཚུ་ངོས་འཛིན་འབད་ནི།

"https://dz.wikipedia.org/w/index.php?title=བྱུང་རབས&oldid=33713" ལས་ སླར་འདྲེན་འབད་ཡོདཔ།