Jump to content

མཆོད༌རྟེན༌བསྐོར༌བའི༌ཕན༌ཡོན།

Wikipedia ལས།

ཇི་སྐད་དུ།

འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། །

བསྔགས་པ་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱ་མི་ནུས། །

སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །

དེ་ནི་བསྐལ་པ་བྱེ་བར་ཡང་། །ནམ་ཡང་ལོང་ཞིང་འཐེང་མི་འགྱུར། །

མཆོད་རྟེན་བསྐོར་བ་བྱས་ནས་ནི། །བརྩོན་འགྲུས་བརྟན་ཞིང་མཐུ་བརྟན་ལ། །

བརྟན་ཞིང་རྣམ་པར་གནོན་བརྟན་དང་། །དེ་ནི་མྱུར་དུ་མཁས་པར་འགྱུར། །

གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །

བསྐལ་པ་བྱེ་བར་གཞལ་ལས་བསྟི་སྟང་བྱེད་པ་བས། །

གང་ཞིག་ཕྱི་དུས་མི་བཟད་བསྐལ་པ་འདི་ལ་ནི། །

མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ་། །