Jump to content

མཐུན་སྒྲིལ་གྱི་སྐུ་འདྲ།

Wikipedia ལས།
མཐུན་སྒྲིལ་གྱི་སྐུ་འདྲ་

མཐུན་སྒྲིལ་གྱི་སྐུ་འདྲ་ འདི་ འཛམ་གླིང་ ནང་ སྐུ་འདྲ་མཐོ་ཤོས་ཅིག་ ཨིནམ་ད་ མཐོ་ཚད་ ༡༨༢m ཡོད པ་ འདི་ནང་ལུ་ རྒྱ་གར་གྱི་རྒྱལ་ཁབ་ཀྱི་མི་ཁུངས་དང་ རང་དབང་གི་ རྩོལ་འདོད་ཅན་ Vallabhbhai Patel ༼༡༨༧༥ལས་༡༩༥༠༽ འདི་ རང་དབང་ཅན་གྱི་རྒྱ་གར་གྱི་ བློན་ཆེན་ འོགམ་དང་ ནང་སྲིད་བློན་ པོ་དང་ མཧཱ་ཏ་མ་གཱན་དྷི་ ལུ་ དད་པ་བསྐྱེད་མི་ཅིག་ཨིནམ་སྦེ་བཀོད་དེ་ཡོདཔ་ཨིན། རྒྱ་གར་གྱི་སྲིད་དོན་གཅིག་སྒྲིལ་ ནང་ ཁག་ཆེ་བའི་འགན་ཁུར་འབག་མི་ པཱ་ཊེལ་གྱིས་ གུས་ཞབས་སྦོམ་སྦེ་རང་འབདཝ་ཨིན། སྐུ་འདྲ་འདི་ གུ་ཇ་རཱཊ་ལུ་ ཀེ་ཝ་ཌི་ ཡ་ དབང་འོག་ལུ་ཡོད་པའི་ ནར་མ་ཌ་གཙང་ཆུ་ གུ་ "ཀི་ལོ་མི་ཊར་ 100" ས་ཁར་ སར་དར་ས་རོ་ཝར་ཆུ་མཛོད་ཁང་ ལུ་ གདོང་ཐུག་རྐྱབ་སྟེ་ཡོདཔ་ཨིན།  ཝ་ཌོ་ཌ་ར་ གྲོང་ཁྱེར་གྱི་ཤར་ལྷོ།

ལས་འགུལ་འདི་ འགོ་དང་པ་ སྤྱི་ལོ་༢༠༡༠ ལུ་ གསལ་བསྒྲགས་འབད་ཡོདཔ་ད་ སྤྱི་ལོ་༢༠༡༣ སྤྱི་ཟླ་༡༠ པའི་ནང་ རྒྱ་གར་གྱི་ལས་སྡེ་ Larsen & Toubro གིས་ བཟོ་བསྐྲུན་འགོ་བཙུགས་ཡོདཔ་ད་ བཟོ་བསྐྲུན་གྱི་ཟད་འགྲོ་ཡོངས་བསྡོམས་ ₹ ཐེར་འབུམ་༢༧ ༼ཡུ་ཨེས་དྲོ་ལར་ས་ཡ་ Template:ToUSDr ༽ བཏང་ཡོདཔ་ཨིན་པས། ༉ སྤྱི་ལོ་༢༠༡༨ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་ རྒྱ་གར་གྱི་ འཇིམ་བཟོ་མཁས་པ་ རམ་ཝི་སུ་ཏར་ གྱིས་ བཟོ་བཀོད་འབད་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༨ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་ པཱ་ཊེལ་གྱི་སྐྱེས་སྐར་༡༤༣ འཁོར་བའི་དུས་སྟོན་ལུ་ རྒྱ་གར་གྱི་བློན་ཆེན་ ནཱ་རེན་དཱ་མོ་དི་ གིས་ འགོ་འབྱེད་འབད་ཡོདཔ་ཨིན་པས།