Jump to content

མཚམས་བྲག་དགོན་པ

Wikipedia ལས།
མཚམས་བྲག་དགོན་པ།

མཚམས་བྲག་དགོན་པ་འདི་ འབྲི་གུང་སྐྱོབ་པ་རིན་ཆེན་དཔལ་གྱི་ཞལ་སློབ་ སྐྱུ་རུ་རའི་རིགས་ལས་འཁྲུངས་པའི་ གྲུབ་ཐོབ་དབུ་ཐོན་སངས་རྒྱས་ཀྱིས་ བྱག་གླེགས་བམ་བརྩེགས་དོ་བཟུམ་དང་ རི་ནོར་བུ་སྤུངས་པ་འདྲ་བར་ སྐུ་མཚམས་གནང་བཞུགས་ནི་འདི་གིས་ མཚམས་ནང་ངམ་མཚམས་བྲག་ཟེར་ བཏགས་གནང་ཡོད་ལུགས་བཤདཔ་ཨིན་པས། གདན་ས་དེ་དར་དཀར་ལ་མོའི་ལ་གཞོལ་ རྟེན་འབྲེལ་ལའི་སྐེད་པ་ལུ་ཆགས་ཏེ་ཡོད།

གྲུབ་ཐོབ་དེ་གིས་ གདུང་བརྒྱུད་སྤེལ་གནང་ནིའི་དོན་ལུ་ གསང་ཡུམ་བཞེས་ཏེ་ བརྒྱུད་པ་ཚུ་གིས་ གཡུས་ཆགས་མི་འདི་གི་མིང་ལུ་ མེ་ལྟེམ་ཟེར་དར་ཁྱབ་སོང་ཡོདཔ་མ་ཚད་ དེའི་བརྒྱུད་པ་ལས་ ཆོས་རྗེ་ངག་དབང་རྡོ་རྗེ་འཁྲུངས་མི་དེ་ ས་གནས་འདི་ནང་སྒྲུབ་པ་གནང་བཞུགསཔ་ད་ གུ་རུ་རིན་པོ་ཆེ་སྐུ་དངོས་སུ་བྱོན་ཏེ་ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་གི་སྤྲུལ་པར་ ལུང་བསྟན་གནང་ཡོད་ལུགས་ཀྱི་ར་ཁུངས་ རྣམ་ཐར་ནང་བཀོད་དེ་འདུག།

ངག་དབང་རྡོ་རྗེའི་ནུ་གཅུང་ མེ་ལྟེམ་ཆོས་རྗེའི་གདུང་བརྒྱུད་ཞལ་ངོ་དར་པོ་དང་ ཡུམ་མཁའ་འགྲོ་མགོ་ལེགས་སྲི་ཐུབ་གཉིས་ཀྱི་ སྲས་སྲོས་བདུན་ཡོད་པའི་ཆུང་ཤོས་འབད་ གྲུབ་པའི་དབང་པོ་རྗེ་བཙུན་ངག་དབང་འབྲུག་པ་སྐུ་འཁྲུངས་ནུག། བླ་མའི་མཚན་དེ་ཡང་ ཡབ་ཡུམ་གཉིས་ཀྱི་གཉིད་ལམ་ནང་ལུ་ མཁའ་འགྲོའི་ལུང་བསྟན་གནང་མི་དང་འཁྲིལ་ཏེ་ ངག་དབང་འབྲུག་པ་ (༡༦༨༢_༡༧༤༨) ཟེར་ གསོལ་གནང་མི་སྐྱེས་ཆེན་དེ་གིས་ ཡབ་མེས་ཀྱི་སྒྲུབ་ཁང་དེ་ནང་ གཙུག་ལག་ཁང་སྔར་བ་ལྷགཔ་སྦེ་ ལྷ་ཁང་ཐོག་ཚད་གསུམ་ རྟེན་དང་བརྟེན་པ་བཅས་བཞེངས་ཏེ་ གཙུག་ལག་ཁང་གི་རབ་གནས་ལུ་ སྒང་སྟེང་སྤྲུལ་སྐུ་བསྟན་འཛིན་ལེགས་པའི་དོན་གྲུབ་གདན་འདྲེན་ཞུ་ནུག།

དེ་ལས་ཚུར་ དགོན་པ་འདི་ནང་ པད་གླིང་གི་ཆོས་བརྒྱུད་དར་ཁྱབ་བྱུང་སྟེ་ བཀའ་སྲུང་མགོན་པོ་མ་ནིང་གི་གསོལ་ཁ་ ད་རེས་ནངས་པའི་བར་ན་ཡང་ གནང་སྲོལ་ཡོད་ཟེར་བཤདཔ་ཨིན་པས། དགོན་པ་འདི་ཁར་ སྤྱི་ལོ་ ༡༩༩༩ ལུ་ གཞུང་གྲྭ་ཚང་གིས་དགེ་སློང་གི་སློབ་གྲྭ་བཙུགས་གནང་ནུག།


འབྲུག་གི་དགོན་སྡེ་དང་ལྷ་ཁང།

སྦོ་ཁ་རྫོང་།  · མཆོད་རྟེན་སྐོར་ར།  · ལྷ་ཁང་དཀར་པོ།  · ཡོངས་ལ་དཔལ་རི་དགོན་པ།  · སྐྱིད་ཆུ་ལྷ་ཁང་།  · རྡོ་ལུང་ དགོན་པ།  · བྱམས་པ་ལྷ་ཁང་།  · སྟག་ཚང་།  · མཚམས་བྲག་དགོན་པ།  · སྒང་སྟེང་གསང་སྔགས་ཆོས་གླིང་།  · སྐུ་རྗེས་ ལྷ་ཁང་།  · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན།  · རྡོ་བགྲེད་རྫོང་།  · སྒོམ་ཕུག་སྐོར་ར།   · རྟ་མགོ་དགོན་པ།  · བུ་ལི་ ཁི་ལམ་ ལྷ་ཁང་།  · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།།  · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།།  · ཟུར་རི་ལྷ་ཁང་།  · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།།  · དགོན་གསར་ཁ་ལྷ་ཁང་།  · མཆོད་རྟེན་སྙིང་པོ།  · རྫོང་བྲག་ཁ།།  · བདེ་ཆེན་ཕུག་ལྷ་ཁང་།།  · ལྕང་གང་ཁ་ལྷ་ཁང་།།  · དབང་འདུས་རྩེ་ལྷ་ཁང་།།  · ཕ་ཇོ་སྡིངས།།  · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།།  · གསེར་ལུང་དགོན་འཛིན་གྲྭ་ཚང་།།  · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།།  · ཀུན་བཟང་བྲག།  · ཁྱི་མེད་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  · དཀོན་མཆོག་གསུམ་ལྷ་ཁང་།།  · དགྲ་མེད་རྩེ་ལྷ་ཁང་།།  · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།།  · ཕྱག་རྡོར་ལྷ་ཁང་།།  · ལྩང་སྒང་ཁ་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  ·

"https://dz.wikipedia.org/w/index.php?title=མཚམས་བྲག་དགོན་པ&oldid=37551" ལས་ སླར་འདྲེན་འབད་ཡོདཔ།