མོ་རོ་ཀོ




ངོ་སྤྲོད།
གཞུང་འབྲེལ་དུ་ མོ་རོ་ཀོ་ཟེར་སླབ་མི་ མོ་རོ་ཀོ་འདི་ བྱང་ཨཕ་རི་ཀ་གི་རྒྱལ་ཁབ་ཅིག་ཨིནམ་ད་ རྒྱལ་རབས་ཕྱུགཔོ་དང་ ལམ་སྲོལ་མ་འདྲཝ་ དེ་ལས་ མཛེས་སྡུག་ཅན་གྱི་ས་ཚུ་ཡོདཔ་ཨིན། ཨཕ་རི་ཀ་དང་ ཡུ་རོབ་ དེ་ལས་ མི་ཌིལ་ཨིསིཊ་གི་ལམ་ཁར་ཆགས་ཏེ་ཡོད་མི་ མོ་རོ་ཀོ་འདི་ ལམ་སྲོལ་བརྗེ་སོར་གྱི་ལྟེ་བ་ཅིག་ཨིནམ་ལས་ ཨ་རབ་དང་ བཱར་བཱར་ དེ་ལས་ ཨཕ་རི་ཀ་དང་ ཡུ་རོ་པི་ཡན་གི་ལམ་སྲོལ་ཚུ་ལས་ ཤན་ཞུགས་འབད་མི་ཅིག་ཨིན་མས། མོ་རོ་ཀོ་ལུ་ སྔོན་ལུགས་བཱར་བཱར་ཡར་ཐོན་གནས་སྟངས་ལས་འགོ་བཙུགས་ཏེ་ ལོ་ངོ་སྟོང་ཕྲག་ལས་བཅད་དེ་ ཁྱབ་པའི་ལོ་རྒྱུས་ཡོདཔ་ཨིན། ཤུལ་ལས་འ་ནི་འདི་ ཕི་ནི་སི་ཡན་དང་ རོ་མན་ དེ་ལས་ ཨིསི་ལ་མིཀ་རྒྱལ་ཁམས་ཀྱི་ཆ་ཤས་ཅིག་ལུ་འགྱུར་ནུག། དུས་རབས་བར་མའི་དུས་སྐབས་ལུ་ རྒྱལ་ཁབ་འདི་ ཨིསི་ལ་མིཀ་མངའ་སྡེ་ཅིག་སྦེ་ ཡོངས་གྲགས་ཐོན་ཡོདཔ་དང་ ཁྲོམ་ཚོགས་མཱ་ར་ཀེཤ་དང་ ཕེཤ་ དེ་ལས་ རཱ་བཊ་ཚུ་ ཚོང་འབྲེལ་དང་ལམ་སྲོལ་ དེ་ལས་ ལྷབ་སྦྱང་གི་ལྟེ་བ་ཅིག་སྦེ་ ཡར་རྒྱས་སོང་ཡོདཔ་ཨིན། སྤྱི་ལོ་༡༩༥༦ ལུ་ རང་དབང་མ་ཐོབ་པའི་ཧེ་མ་ མོ་རོ་ཀོ་འདི་ དུས་རབས་༢༠་པ་ལས་འགོ་བཙུགས་ཁམས་ཅིག་ཁར་ ཕཱརན་དང་ཨེསི་པེ་ནིསི་གིས་སྲུང་སྐྱོབ་འབད་མི་ཅིག་ཨིན་མས།
མོ་རོ་ཀོ་གི་ས་ཆ་ཡོངས་བསྡོམས་འདི་ ཀི་ལོ་མི་ཊར་གྲུ་བཞི་༤༤༦,༥༥༠༼མའིལ་གྲུ་བཞི་༡༧༢,༤༡༠༽ ཡོདཔ་ད་ ནུབ་ཕྱོགས་ས་ཧ་ར་ལུང་ཕྱོགས་འདི་ མ་བརྩི་བར་ཡོདཔ་ཨིན། ནུབ་ཕྱོགས་ས་ཧ་ར་ལུང་ཕྱོགས་འདི་ ཚུད་དེ་ཡོད་པ་ཅིན་ ས་ཁོངས་ཡོངས་བསྡོམས་འདི་ ཀི་ལོ་མི་ཊར་གྲུ་བཞི་༧༡༠,༨༥༠དེ་ཅིག་ལུ་ ཡར་སེང་འགྱོཝ་ཨིན་༼མའིལ་གྲུ་བཞི་༢༧༤,༤༦༠༽། དེ་ལས་ ཨཕ་རི་ཀ་གི་བྱང་ནུབ་ཁ་ཐུག་ལུ་ མོ་རོ་ཀོ་འདི་ ཨེ་ལེན་ཊིག་རྒྱ་མཚོ་དང་ མེ་ཌེ་ཊེ་རེ་ནི་ཡཱན་མཚོ་འདི་ ནུབ་དང་བྱང་ཁ་ཐུག་ལུ་དང་ ཤར་ཁ་ཐུག་ལུ་ཨཱལ་བྱི་རི་ཡ་ དེ་ལས་ ལྷོ་ཁ་ཐུག་ལུ་ནུབ་ཕྱོགས་སཱ་ཧཱ་ར་གི་རྩོད་རྙོག་ཅན་གྱི་ས་ཁོངས་ཚུ་ཡོདཔ་ཨིན། འདི་གི་འཛམ་གླིང་རྒྱས་བཤད་ནང་ལུ་ གཟི་བརྗིད་ཅན་གྱི་ཨཊ་ལསི་རི་དང་ས་ཧ་རཱ་བྱེ་ཐང་སྦོམ་ དེ་ལས་ མཚོ་འགྲམ་གྱི་རིངམོ་སྦེ་ཡོད་མི་ གྱང་ཁོག་དང་ བྱེམ་གྱི་མཚོ་འགྲམ་གཉིས་ཆ་ར་ཚུདཔ་ཨིན།
སྤྱི་ལོ་༢༠༢༥ ཟླ་༣ པའི་ཚེས་༣༡ ཚུན་མོ་རོ་ཀོ་གི་མི་འབོར་ཡོངས་བསྡོམས་ས་ཡ་༣༨.༣་ཙམ་ཚོད་དཔག་ཡོདཔ་ཨིན། མི་འབོར་སྟུག་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་རེ་ལུ་མི་༨༦༼མའིལ་གྲུ་བཞི་རེ་ལུ་མི་༢༢༣༽ ཨིན་མས། དེ་ལས་ ཁྲོམ་ཚོགས་ཀྱི་མི་འབོར་ ཧ་ལམ་ས་ཡ་༢༥.༩་ཡོདཔ་ད་ མི་དམངས་ཀྱི་བསྡོམས་རྩིས་བརྒྱ་ཆ་༦༧.༣༡ཡོདཔ་སྦེ་ཨིན་པས། མོ་རོ་ཀོ་འདི་ལས་སྲོལ་སྣ་ཚོགས་ཀྱི་ ཕྱུགཔོ་སྦེ་ ཡོངས་གྲགས་ཡོདཔ་ལས་ མི་རིགས་སྡོ་ཚན་མ་འདྲཝ་ཡོདཔ་ཨིན། དེ་ཡང་ མོ་རོ་ཀོ་གི་མི་ཁུངས་ཚུ་ གྲོང་གསེབ་ཀྱི་ས་གནས་ཨཊ་ལསི་རི་དང་ ས་ཧ་རཱ་ཚུ་ནང་ལུ་ བཱར་བཱར་མི་རིགས་ཚུ་མཐོངམ་ཨིན། དེ་ལས་ མི་རློབས་མང་ཤོས་ཅིག་རང་ ཨཱ་རབ་གི་གནས་སྤོ་འགྱོ་མི་དང་ ཨིསི་ལ་མིཀ་གི་ཤན་ཞུགས་ལས་བརྟེན་ཏེ་ དུས་རབས་༧་པ་ལས་འགོ་བཙུགས་ནུག། དེ་བཟུམ་སྦེ་ ས་ཧ་རཱན་གྱི་མི་རིགས་འདི་ སྭ་ར་ཝིསི་བཟུམ་གྱི་སྡེ་ཚན་ཚུ་ ངོ་མ་རང་ མོ་རོ་ཀོ་གི་ལྷོ་ཕྱོགས་ལུ་ཡོདཔ་ད་ འདི་ཡང་ བྱེ་ཐང་གི་མི་ཚེ་གིས་ ཤན་ཞུགས་འབདཝ་ཨིན།
མོ་རོ་ཀོ་འདི་ བདག་སྐྱོང་ལུང་ཕྱོགས་༡༢ ལུ་དབྱེ་སྟེ་ཡོདཔ་ད་ འད་ཚུ་ མངའ་སྡེ་༧༥ ལུ་དབྱེ་བ་ཕྱེ་སྟེ་ཡོདཔ་ཨིན། མངའ་སྡེ་ཚུ་ རྒྱལ་ཁབ་ནང་ བདག་སྐྱོང་ལས་ཁུངས་ཀྱི་ གནས་རིམ་གཉིས་པ་ཨིན།
མོ་རོ་ཀོ་འདི་ སྤྱི་ཚོགས་ཀྱི་ལམ་ལུགས་ཡོད་པའི་རྩ་ཁྲིམས་ཆེན་མོའི་ རྒྱལ་པོ་ཅིག་ཨིན་རུང་ རྒྱལ་བརྒྱུད་ཀྱི་ དབང་ཚད་གལ་ཅན་ཚུ་ བདག་འཛིན་འཐབ་ཨིན། སྤྱི་ལོ་༢༠༡༡ ལུ་ མོ་རོ་ཀོ་གི་ རྩ་ཁྲིམས་དེ་ཨ་རབ་ཀྱི་ གནམ་བྱཱར་གྱི་སྐབས་ལུ་ ཡོངས་གྲགས་ཅན་གྱི་ ངོ་རྒོལ་གྱི་ཤུལ་ལས་ ཆ་འཇོག་འབད་ཡོདཔ་ཨིན་པས། བློན་པོ་དང་ རྒྱལ་ཁབ་ཀྱི་དྲུང་ཆེན་ དེ་ལས་ སྐུ་ཚབ་བློན་པོ་ཚུ་ བརྩམ་སྟེ་ཡོད་མི་ བློན་པོ་ཚུ་གིས་ བློན་ཆེན་ལུ་གཞུང་སྐྱོང་འབད་ནི་ལུ་ གྲོགས་རམ་འབདཝ་ཨིན། དེ་ལས་ འཐུས་མི་ཚུ་ མི་སེར་ཚུ་གིས་ ཐད་ཀར་དུ་ ལོ་ལྔ་གི་དོན་ལུ་བཙག་འཐུ་འབདཝ་ཨིན། དེ་མ་ཚད་ སྤྱི་ཚོགས་ཀྱིས་ ཁྲིམས་ལུགས་དང་ རྩོད་བསྡུར་གྱི་སྲིད་བྱུས་ཚུ་ བརྩམ་ཞིནམ་ལས་གཞུང་གི་ལཱ་ཚུ་ ལྟ་རྟོག་འབདཝ་ཨིན།
ཨཱ་ར་བིཀ་འདི་ མོ་རོ་ཀོ་གི་གཞུང་འབྲེལ་སྐད་ཡིག་ཨིན། མོ་རོ་ཀཱན་གྱི་སྐད་ཡིག་ དྲ་རི་ཇ་འདི་ ཉིན་བསྟར་གྱི་མི་ཚེ་ནང་ ཁྱབ་ཆེཝ་སྦེ་ སླབ་དོ་ཡོདཔ་ད་ དེང་སང་གི་ཚད་གཞིའི་ཨ་ར་བི་འདི་ ལུགས་མཐུན་གྱི་སྒྲིག་གཞི་དང་ བརྡ་བརྒྱུད་ དེ་ལས་ ཤེས་ཡོན་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན། དེ་ལས་ སྐད་ཡིག་གཞན་ཡང་ བཱར་བཱར་ ཕེརེནཆི་ ཨེསི་པེ་ནིཤ་དང་ ཨིང་ལིཤ་ ལ་སོགས་པ་ཁྱབ་ཆེཝ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན། ཨིསི་ལམ་འདི་ ཉིན་བསྟར་གྱི་མི་ཚེ་དང་ བཟོ་རིགས་ དེ་ལས་ དུས་སྟོན་ཚུ་བཟོ་སྟེ་ཆོས་ལུགས་གཙོ་བོ་ཅིག་ཨིན། ར་མ་དཱན་དང་ ཨིཌ་ཨཱལ་ཕིཊ་བཟུམ་གྱི་ ཆོས་ལུགས་ཀྱི་ ལས་རིམ་ཚུ་ཁྱབ་ཆེཝ་སྦེ་བརྩི་སྲུང་འབད་དོ་ཡོདཔ་ཨིན། སྔར་སྲོལ་གྱི་གྱོན་ཆས་ཚུ་ཡང་ ཇ་ལ་ལ་བ་༼གྱོན་ཆས་རིངམོ་དང་གཅིག་ཁར་ དང་ཀ་ཕ་ཊན༽ དམིགས་བསལ་གྱི་དུས་སྟོན་ཚུ་གི་དོན་ལུ་ མཛེས་སྡུག་ཅན་གྱི་གྱོན་ཆས་ཚུ་ཡོདཔ་ཨིན། མོ་རོ་ཀོ་གི་ཟ་འཐུང་འདི་ མེ་ཌེ་ཊེ་རེ་ནིན་དང་ བཱར་བར་ དེ་ལས་ མི་ཌར་གྱི་ཟ་འཐུང་ཚུ་གིས་ ཤན་ཞུགས་འབད་མི་ བྲོ་བ་ཕྱུགཔོ་ཡོད་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཅན་ཅིག་ཨིན།
མོ་རོ་ཀོ་ལུ་ སོ་ནམ་ཞིང་ལཱ་གིས་བརྒྱ་ཆ་༡༢-༡༤ དེ་ཅིག་གིས་ ཕན་ཐོགས་འབད་དེ་ མི་རློབས་ཀྱི་ཆ་ཤས་ཅིག་ལག་ལེན་འཐབ་ཨིན། གལ་ཆེ་བའི་ཐོན་སྐྱེད་ཚུ་ཡང་ འབྲུ་སྣ་དང་ སི་ཊསི་ཤིང་འབྲས་ ཨོ་ལིབ་ དེ་ལས་ ཚོད་བསྲེ་ཚུ་ཨིན་པས། དེ་ལས་ ནང་འཁོད་ཐོན་སྐྱེད་ཀྱི་བརྒྱ་ཆ་༢༥-༣༠་ དེ་ཅིག་ཕན་འདེབས་འབདཝ་ཨིན། མོ་རོ་ཀོ་གིས་ བསྐྱར་གསོ་འབད་བཏུབ་པའི་ནུས་ཤུགས་དང་ དམིགས་བསལ་དུ་ ཉི་མའི་རླུང་དང་ རླུང་གི་ནུས་ཤུགས་ལུ་ མ་རྩ་སྦོམ་སྦེ་ར་བཙུགས་དོ་ཡོདཔ་ཨིན་པས། སྤྱིར་བཏང་ལུ་ མོ་རོ་ཀོ་ལུ་ ཚོང་འབྲེལ་དང་མ་རྩ་གཞི་བཙུགས་ཀྱི་ ཐབས་བྱུས་ཀྱི་ གནས་རིམ་ཡོད་པའི་ དཔལ་འབྱོར་བརྟན་ཏོག་ཏོ་དང་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན།
མོ་རོ་ཀོ་ལུ་ འཛམ་གླིང་ནང་ ཕོསི་ཕེཊ་ གསོག་འཇོག་སྦོམ་ཤོས་ཅིག་ཡོདཔ་ལས་ ལུད་ཕྱིར་ཚོང་འཐབ་མི་ གཙོ་བོ་ཅིག་ཨིན། སྣུམ་འཁོར་ལས་སྡེ་འདི་ སྣུམ་འཁོར་དང་ སྣུམ་འཁོར་གྱི་ཅ་ཆས་ཚུ་ཕྱིར་ཚོང་འཐབ་སྟེ་ གཙོ་བོ་ར་ ཡུ་རོབ་ལུ་ མངོན་གསལ་ཅན་སྦེ་ ཡར་འཕར་སོང་ཡོདཔ་ཨིན། དེ་ལས་ མོ་རོ་ཀོ་གིས་ དམིགས་བསལ་གྱིས་ ཡུ་རོབ་མཐུན་ཚོགས་ལུ་ སི་ཊརསི་ཤིང་འབྲས་དང་ ཚོད་བསྲེ་ དེ་ལས་ མཚོ་ཟས་ཚུ་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན། མོ་རོ་ཀོ་གིས་ ནང་འཁོད་ཐོན་སྐྱེད་ཚད་འཛིན་འབད་མི་ལུ་བརྟེན་ ནུས་ཤུགས་ནང་འདྲེན་འབད་མི་ལུ་ ཤུགས་སྦེ་རང་བརྟེན་དོ་ཡོདཔ་ཨིན། ཡུ་རོབ་མཐུན་ཚོགས་འདི་ རྒྱལ་ཁབ་ཀྱི་ ཚོང་འབྲེལ་མཉམ་འབྲེལ་པ་ དམིགས་བསལ་གྱིས་ ཕཱརན་སི་དང་ཨིསི་པེན་ཨིན།
རྒྱལ་ས་ར་བྷཊ།
མོ་རོ་ཀོ་གི་རྒྱལ་ས་ལྟེ་བ་འདི་ ར་བྷཊ་ཨིན། ཨེཊ་ལེན་ཊི་མཚོའི་མཐའ་མར་ཆགས་ཡོད་པའི་ མོ་རོ་ཀོ་གི་གྲོང་ཁྱེར་བཞི་གི་གྲས་ལས་གཅིག་ཨིནམ་དང་ རྒྱལ་ཁབ་ཀྱི་སྲིད་དོན་དང་བདག་སྐྱོང་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིན། ར་བྷཊ་འདི་ རྒྱལ་རབས་ཕྱུགཔོ་ཡོདཔ་ལས་ དེང་སང་གི་གཞི་རྟེན་མཐུན་རྐྱེན་ཚུ་ རྒྱལ་རབས་ཀྱི་རྟགས་མཚན་ཨུ་ཌ་ཡསི་གི་ ཀསི་བྷ་དང་ ཧཱ་སཱན་ཀ་རིང་ དེ་ལས་ རྒྱལ་པོའི་ཕོ་བྲང་ཚུ་ སླ་བསྲེ་རྐྱབ་སྟེ་ ཡོངས་གྲགས་ཡོདཔ་ཨིན། ཁྲོམ་ཚོགས་འདི་གིས་ ལམ་སྲོལ་གྱི་མཐོང་སྣང་དང་ལྡོམ་ར་མཛེས་ཏོག་ཏོ་ དེ་ལས་ མཚོ་མཐའི་མཛེས་སྡུག་ཚུ་ ཁྱབ་སྟེ་ཡོདཔ་ལས་ མོ་རོ་ཀོ་ལུ་ འགྲོ་ཡུལ་ཁག་ཆེ་ཤོས་ཅིག་ལུ་འགྱུར་དོ་ཡོདཔ་ཨིན། སྤྱི་ལོ་༢༠༡༤་ལུ་རྒྱལ་ས་ར་བྷཊ་ལུ་ ཁྲོམ་ཚོགས་ཀྱི་མི་རློབས་༥༨༠,༠༠༠ དེ་ཅིག་དང་ མི་རློབས་ས་ཡ་༡.༢་ལས་ལྷག་སྟེ་ཡོདཔ་ཨིན།
མཇུག་བསྡུ།
མོ་རོ་ཀོ་འདི་ བྱུང་རབས་ཕྱུགཔོ་དང་ ལམ་སྲོལ་ དེ་ལས་ དཔལ་འབྱོར་ཡར་རྒྱས་འགྱོ་མི་ རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ རྩ་ཁྲིམས་ཆེན་མོའི་འོག་ལུ་སྲིད་དོན་གྱི་ལམ་ལུགས་ བརྟན་ཏོག་ཏོ་ཡོདཔ་ད་ ལྟ་བཤལ་དང་སོ་ནམ་ དེ་ལས་ བཟོ་གྲྭ་ཚུ་གིས་ དཔལ་འབྱོར་གོང་འཕེལ་སྦོམ་སྦེ་རང་འགྱོ་དོ་ཡོདཔ་ཨིན། མོ་རོ་ཀོ་གིས་ གཞི་རྟེན་མཐུན་རྐྱེན་དང་ ཤེས་རིག་ དེ་ལས་ བསྐྱར་གསོ་འབད་བཏུབ་པའི་ ནུས་ཤུགས་ཚུ་ནང་ ཡར་རྒྱས་འགྱོ་ཡོདཔ་ཨིན་རུང་ ལཱ་གཡོག་མེད་མི་དང་ མི་སྡེ་འདྲ་མཉམ་མེད་མི་བཟུམ་གྱི་ གདོང་ལེན་ཚུ་ལུས་ཡོདཔ་ཨིན་པས། སྤྱིར་བཏང་ལུ་ མོ་རོ་ཀོ་འདི་ ལམ་སྲོལ་གྱི་སྲོལ་ཁྱུན་སྒྲིང་སྒྲིང་ཡོད་མི་དང་ དཔལ་འབྱོར་གྱི་འོས་འབབ་ཡོད་མི་ རྒྱལ་ཁབ་ཅིག་ཨིནམ་ལས་ ལུང་ཕྱོགས་འདི་ནང་ རྩེད་འགྲན་པ་ཁག་ཆེ་ཤོས་ཅིག་དང་ ལྟ་བཤལཔ་དང་ མ་རྩ་བཙུགས་མི་ཚུ་གི་དོན་ལུ་ སེམས་ཁར་འབབ་པའི་ ས་སྒོ་ཅིག་ལུ་འགྱུར་དོ་ཡོདཔ་ཨིན།
རྒྱབ་རྟེན་དཔེ་དེབ།
(https://chatgpt.com/c/67ea1da1-cae0-800b-868c-0b4c8644f7a9)
(https://www.worldometers.info/world-population/morocco-population/)
(https://en.m.wikipedia.org/wiki/Moroccans)