Jump to content

ཟོས་ཏོས།

Wikipedia ལས།

ཟོས༌ཏོས༌འདི༌འབྲུག༌རྒྱལ༌ཁབ༌ནང༌ལས༌བཀྲིས༌སྒང༌རྫོང༌ཁག༌མངའ༌འོག༌ལུ༌ཆགས༌ཡོད༌པའི༌གཡུས༌མེ༌རག༌དང༌སག༌སྟེང༌ལུ༌ཡོངས༌གྲགས༌ཅིག༌ཨིན།ཟོས༌ཏོས༌འདི༌གཡུས༌མེ༌རག༌དང༌སག༌སྟེང༌གི༌མི༌སེར༌ཚུ༌ལུ༌འོང༌འབབ༌དང༌ཐོན༌ཁུངས༌གཙོ༌བོ༌ཆེན༌ཅིག༌འབད༌བརྩིཝ༌ཨིན།ཟོས༌ཏོས༌འདི༌ཚོདམ༌ནང༌ལུ༌བླུུགཔ་ད༌བྱོ་ལྷ་ཞིམ་ཏོང་ཏོ༌ཟོཝ༌ཨིན།

ཀྭ༌ཡེ༌གསན༌གནང༌འབྲུག༌མི༌སྐྱེ༌གྲོགས༌རྣམས།།

ཁ༌གདན༌གྲུ༌བཞི༌སག༌སྟེན༌མེ༌རག༌ནང༌།།

ག༌བ༌ཞིམ༌པའི༌ཟོས༌ཏོས༌ཚོདམ༌ནང༌བླུུགས།།

ང༌བཅས༌གེ༌ར༌རུབ༌འདི༌བཟའ༌གེ༌ཤོག།

ཅ༌ལ༌རིང༌གོངས༌གསེར༌དངུལ༌འབག༌མི༌དགོ།

ཆ༌རོགས༌དམ༌ཚིག༌ཏི༌རུ༌ལྔ༌བརྒྱ༌བསྣམ།།

ཇ༌ཆང༌ལོངས༌སྤྱོད༌ཞིམ༌པས༌ཟོས༌ཏོས༌འདི།།

ཉ༌མོ༌མའི༌ལགཔ༌ལས༌བཟའ༌བར༌ཤོག།

ཏ༌ལ༌ཤིང༌ལས༌ཐོན༌པའི༌ཟོས༌ཏོས༌མེན།།

ཐ༌རིང༌སག༌སྟེང༌གཡུས༌ལས༌འབྱུང༌བ༌ཨིན།།

ད༌ལྟ༌གཞོན༌པའི༌དུས༌སུ༌མ༌ཟ༌ན།།

ནཱ༌འཆི༌རྒས༌པའི༌དུས༌སུ༌བློ༌འགྱོད༌འབྱུང༌།།

པ༌ལང༌ནང༌ལས༌ཐོན༌པའི༌བདུད༌རྩི༌བ།།

ཕ༌མའི༌ཤུལ༌བཞག༌ཟོས༌ཏོས༌ཞིམ༌མི༌ཞིམ།།

བ༌དང༌གཡག༌ལས༌འབྱུང༌བའི༌ཟོས༌ཏོས༌འདི།།

མ༌ཡི༌ཨོམ༌ལས༌ལྷག༌པའི༌བཅུད༌ཅན༌ཚོར།།

"https://dz.wikipedia.org/w/index.php?title=ཟོས་ཏོས།&oldid=32952" ལས་ སླར་འདྲེན་འབད་ཡོདཔ།