འབྲུག་གི་ས་གཞི།

Wikipedia ལས།

འབྲུག་འདི་ མང་ཤོས་ར་ རི་མཐོ་དྲགས་དང་ དར་དྲགས་ཅན་ཅིག་ཨིནམ་ལས་ རྒྱ་གར་གྱི་ཐང་ཚུ་ནང་ འཕྱགས་འགྱོ་བའི་ཧེ་མ་ ལུང་གཤོང་བཟོ་མི་ གཙང་ཆུ་ལེ་ཤ་ཅིག་གིས་ འཕྱགས་བདའ་ཡོདཔ་ཨིན། བྱང་ཕྱོགས་ཁ་ཐུག་གི་རི་བརྒྱུད་དང་ རི་བརྒྱུད་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ད་ རི་བརྒྱུད་འདི་ མཐོ་ཚད་མི་ཊར་༤༠༠༠ལས་ མཐོ་ཤོས་ཨིཔུ་ན་ཀ་ གུང་ག་ར་པུ་ེན་སཱུམ་ཟེར་མི་ རི་བརྒྱུད་འདི་མཐོ་ཚད་མི་ཊར༧༥༧༠ ལུ་ལྷོད་ཡོདཔ་ཨིན། ལྷོ་ཕྱོགས་ཁ་ཐུག་ལས་ རི་བརྒྱུད་འདི་ རྒྱ་ཆེ་དྲགས་སྦེ་སྡོད་མི་ རི་ཐིམ་ཕུག་ གཡུས་ཚན་ཚུ་ནང་ཆགས་ཏེ་ཡོདཔ་ཨིན། འདི་ཡང་ རྒྱལ་ཁ་བཟེད་ ནུབ་ཕྱོགས་ཁ་ཐུག་ལུ་ཡོདཔ་ད་ ཁྲོམ་སྡེ་ཁག་གསུམ་འདི་ཡང་ཡོདཔ་ཨིན་ འདི་ཚུ་ཡང་ Thimphu (2300m) དང་ Punakha (1300m) འདི་ གནམ་བྱཱར་གྱི་རྒྱལ་ས་ཅིག་ཨིནམ་ད་ སྤྱི་ལོ་༡༩༦༢ ལུ་ Thimphu འདི་གཞུང་གི་གནས་བརྟན་སྦེ་ཆགས་ཏེ་ཡོདཔ་དང་ Paro (2200m) འདི་རྐྱངམ་གཅིག་ གནམ་གྲུ་ཐང་ཅིག་ཨིན་མས།       རི་ནག་པོ་འདི་ མཐོ་ཚད་མི་ཊར་༤,༠༠༠ གྱི་རིང་ལུ་ཡོདཔ་ལས་ རྒྱལ་ཁབ་འདི་ བྱང་ལས་ལྷོ་བར་འཕྱལ་ཏེ་ ནུབ་དང་ ཤར་གྱི་ འབྲུག་གི་བར་ན་ ཟུར་ལམ་ཅིག་བཟོ་ཡོདཔ་ཨིན། 

ས་ཆ་༧༢.༥ དེ་ཅིག་ནགས་ཚལ་གྱིས་གང་སྟེ་ཡོདཔ་ད་ ཁྲིམས་ཀྱི་ཁ་ཐུག་ལས་ ནགས་ཚལ་གིས་ མ་འོངས་པ་ལུ་ ས་ཆ་༦༠ དེ་ཅིག་རང་ཁྱབ་དགོཔ་ཨིན་མས། ས་གནས་འདི་ནང་ལུ་ སྲོག་ཆགས་ཀྱི་རིགས་མ་འདྲཝ་ཚུ་ལེ་ཤ་ཡོདཔ་ལས་ འབྲུག་འདི་ འཛམ་གླིང་གི་ ས་གནས་བཅུ་ནང་ སྐྱེ་ལྡན་གྱི་རིགས་ཚུ་ཡོད་པའི་ ས་ཁོངས་ཅིག་ཨིན་ཟེར་རྩིས་ཏེ་ཡོདཔ་ཨིན།

"https://dz.wikipedia.org/w/index.php?title=འབྲུག་གི་ས་གཞི།&oldid=31407" ལས་ སླར་འདྲེན་འབད་ཡོདཔ།