Jump to content

ལྷ་སྲས་གཙང་མི་ལོ་རྒྱུས

Wikipedia ལས།

ཧེ་མ་བོད་ལུ་ དུས་རབས་ ༩ པའི་ནང་བདུད་བློན་འདབས་རྒྱལ་ཏོ་རེ་དང་ ཅོག་རོ་ལེགས་སྒྲ་གཉིས་ཀྱིས རྒྱལ་པོ་ཁྲི་རལ་ཅན་བཀྲོང་བཞིན་ན་ ཆོས་འཁྲིམས་བཤུབ་ནི་གི་སྟུན་གྲོས་འབདཝ་ད་ ཅོག་རོ་ལེགས་སྒྲ་གིས་རྒྱལ་པོ་བཀྲོངས་རུང་ ལྷ་སྲས་གཙང་མ་དང་བློན་ཆེན་དཔལ་གྱི་ཡོན་ཏན་ཡོོདཔ་ལས་ ཆོས་ཁྲིམས་བཤུབ་མི་ཚུགས་ཟེར་སླབ་ནུག[]

དེ་སྦེ་སླབ་ད་ རྒྱལ་ཏོ་རེ་གིས་ ང་ལུ་ཐབས་ཤེས་ཡོད་ཟེར་སླབ་སྟེ་བོད་དབུས་གཙང་གི་མོ་པ་དང་རྩིས་པ་ག་ར་ལུ་ རྒ྄་ནོར་ལོངས་སྤྱོད་ཀྱི་ནང་གསུག་པྱིན་ཞིན་ན་ དུས་ཅི་ ལྷ་སྲས་གཙང་མ་ བོད་ལུ་བཞུགས་པ་ཅིན་ རྒྱལ་པོའི་སྐུ་ཚེ་ལུ་བར་ཆད་འོད་ནི་གི་ཉེན་ཁ་ཡོདཔ་མ་ཚད་ བོད་ཁམས་ལུ་ནད་ཡམས་དང་མུ་གེ་དུས་ལ་སོགས་པ་ འོང་ནི་ཨིན་ནི་མས་ཟེར་ཁ་མཐུནམ་སྦེ་སླབ་བཅུག་ནུག དེ་ལས་ རྩིས་པ་དེ་ཚུ་གིས་དེ་སྦེ་སླབ་མི་འདི་ རྒྱལ་པོ་ཏོ་རེ་གིས་རྒྱལ་པོ་ལུ་ཞུ་ནུག ལྷ་སྲས་གཙང་འདི་མཛེས་པའི་མདོང་གི་རྒྱན་འདི་ ལྷའི་སྲས་མོ་ལས་ལྷགཔ་ལྦེ་ཡོདཔ་མས།

  1. ISBN 99936-22-52-4