Jump to content

སྐུ་རྗེས་ ལྷ་ཁང་

Wikipedia ལས།

རྒྱབ་ཁུངས།

[ཞུན་དག]
སྐུ་རྗེས་ལྷ་ཁང་།

བུམ་ཐང་རྫོང་ཁག་ནང་ན་ལུ་ཡོད་མི་ལྷ་ཁང་རྩ་ཅན་མང་རབས་ཅིག་ཡོད་སར་ལས་གཅིག་ཆོས་འཁོར་ལུ་ཡོད་མི་སྐུ་རྗེས་ལྷ་ཁང་འདི་ཨིན་མས། དེ་ཡང་ལྕགས་མཁར་ཁྲོམ་ཁར་ལས་བྱང་ཁ་ཐུག་ས་མཐའ་སྣུམ་འཁོར་ལམ་རྒྱུད་ཀི་ལོ་མི་ཊར་༥་དེམ་ཅིག་གི་ས་ཁར་ས་ཨོ་རྒྱན་གུ་རུ་གི་བྱིན་གྱི་རླབས་རླབས་པའི་ས་གནས་བྱིན་ཆགས་ཏོག་ཏོ་དེ་ཁར་ཡོདཔ་ཨིན། དེ་ཁར་ལྷ་ཁང་སྡོམས་གསུམ་ཡོདཔ་ཨིན་ དེ་ཡང་གུ་རུ་ལྷ་ཁང་དང་བསམ་པ་ལྷུན་གྲུབ་ལྷ་ཁང་དེ་ལས་བཀའ་མགོན་ཕུར་གསུམ་ལྷ་ཁང་ཚུ་ཨིན་མས། མ་གཞི་སྐུ་རྗེས་ལྷ་ཁང་ཟེར་སླབ་དགོ་མི་དེ་ཡང་གུ་རུ་ལྷ་ཁང་ནང་གི་ནང་རྟེན་གཙོ་བོ་སྦེ་ད་རེས་ནངས་པ་ཡང་མཇལ་ས་ཡོད་མི་གུ་རུའི་ལྷ་ཁང་གུ་རུ་རིན་པོ་ཆེའི་སྐུ་གཟུགས་ཀྱི་སྤར་རྡོ་གུ་གསལ་རི་རི་སྦེ་ཡོད་མི་ལུ་རྟེན་ཨིན་མས། ལྷ་ཁང་གི་སྦོ་ལོག་ཁར་ཡོད་མི་ཤུག་པའི་ཤིང་དེ་གུ་རུ་རིན་པོ་ཆེའི་ཕྱག་ཁར་ཨིནམ་སྦེ་བཤདཔ་ཨིན་མས།[]

གུ་རུ་ལྷ་ཁང་གི་ལོ་རྒྱུས།

[ཞུན་དག]

ལྷ་ཁང་དང་པ་དེ་སྤྱི་ལོ་༡༦༥༢་ལུ་འབྲུག་གི་སྡེ་སྲིད་གསུམ་པ་ཧེ་མ་ཀྲོང་གསར་དཔོན་སློབ་སྦེ་བཞུགས་སྐབས་བཞེངས་གནང་གནངམ་མས། གུ་རུ་ལྷ་ཁང་གི་ནང་རྟེན་གཙོ་བོ་ཨོ་རྒྱན་རིན་པོ་ཆེའི་སྐུ་རྗེས་རྡོ་འདི་ཨིམ་ད་ དེ་ཡང་ཧེ་མ་བུམ་ཐང་གི་རྒྱལཔོ་སིན་དྷ་ར་ཙ་དེ་ཤུགས་སྦེ་རང་སྐུ་སྙུང་སྟེ་ ཐབས་རིམ་གྲོ་ག་ཅིག་རང་འབད་དེ་འབད་རུང་སྙུང་གཞི་ལས་དྭངས་མ་ཚུགས་པར་ཚར་གཅིག་བ་ཚར་གཅིག་སྐྱོ་སུ་སྐྱོ་སུ་སྦེ་འགྱོཝ་ལས་ བློན་པོ་ལྷན་རྒྱས་ཚུ་ག་ར་གྲོས་བསྟུན་མཛདཔ་ད་མཐའ་ཁོབ་ཀྱི་རྒྱལ་ཕྲན་གྱི་དཔོན་གཅིག་གིས་དེ་འབད་ར་མཛད་ནི་ཨིན་མ་ཅིན་རྒྱལཔོ་སྣའུ་ཆེ་གི་གཙོ་བའི་བླ་མ་སྔགས་པ་པདྨ་འབྱུང་གནས་ཟེར་མི་ཅིག་ཡོད་དེ་ལུ་བཅོས་ཐབས་ཅིག་འོང་ཟེར་ཞུཝ་ད་ ཁོང་གིས་ཁོ་ལུ་གསེར་བྲེ་གང་བཀལ་སྟེ་གུ་རུ་ཞབས་སར་ཞུ་བ་བཏང་ད་ནུག དེ་ལས་ཁོ་གིས་གུ་རུ་རིན་པོ་ཆེ་ཞུ་སྟེ་མོན་བུམ་ཐང་ལུ་ལྷོདཔ་ད་ རྒྱལཔོ་དེ་གནམ་མེད་ཐུགས་དགྱེས་ཏེ་ ཁྱོད་ཀྱིས་ང་ན་མི་དེ་ལས་དྲག་ཚུགས་པའི་ཐབས་ལམ་ཅིག་གཏོན་ཚུགས་པ་ཅིག་ང་གིས་རྒྱལ་པོའི་བང་མཛོད་ནང་ལས་ཁྱོད་ར་ག་ཅིག་དགོཔ་ཅིག་བྱིན་གེ་ཟེར་བཀའ་གནངམ་ད། རྒྱལཔོ་པོའི་སྲསམོ་ལྷ་ཅིག་འབུམ་ལྡན་མཚོ་མོ་ཟེར་མི་དེ་ལུ་མཁའ་འགྲོ་མའི་མཚན་རྟགས་ཉི་ཤུ་རྩ་གཅིག་ཡོདཔ་གུ་རུ་རིན་པོ་ཆེ་གིས་གཟིགས་ཏེ་ ང་ལུ་དགོཔ་ག་ནི་ཡང་མེད་བྱིན་ར་བྱིན་པ་ཅིན་ཁྱོད་ཀྱི་བུམོ་དེ་ངེ་གི་གཟུངས་མ་སྦེ་གནང་ད་ཟེར་གསུངས་ད་ རྒྱལཔོ་དེ་གིས་ཡང་ཞལ་གྱི་བཞེས་ཏེ་ ཁོ་གི་མོ་སྒྲུབ་སྡེམོ་སྦེ་འཁྱིད་བྱོན་དེ་ད་ལྟོ་སྐུ་རྗེས་ལྷ་ཁང་ཡོད་སར་རྡོ་རྗེ་རྩེག་པ་གི་བྱ་ཕུག་ཟེར་སར་ལུ་ཉིནམ་བདུན་སྐུ་མཚམས་ལུ་བཞུགས། མོ་གིས་ཁོ་གིས་ཕྱག་ཞུ་སྟེ་གསོལཝ་དང་ཚོགས་དྲང་མི་འབད་བཞུགས་ནུག དེ་ལས་གུ་རུ་རིན་པོ་ཆེ་གིས་ལྷ་སྲིན་སྡེ་བརྒྱད་ཚུ་ཆ་མཉམ་དམ་ལུ་བཏགས་པ་གི་མ་ཚད་གྲུབ་རྟགས་ཡང་ལེ་ཤ་བཏོན་ནུག། སྲོག་བདག་ཤལ་གིང་དཀར་པོ་གིས་གུ་རུའི་སྐུ་མདུན་ལུ་འཐོན་ཏེ་རྒྱལ་པོའི་སྲོག་དེ་གུ་རུ་ལུ་ཕུལ་ཞིནམ་ལས་གུ་རུ་རིན་པོ་ཆེ་གིས་ལོག་རྒྱལཔོ་ལུ་ཕུལཝ་ལས་རྒྱལཔོ་ཡང་་སྙུང་གཞི་ལས་ཧིང་སང་ས་དྭངས་སོ་ནུག། གུ་རུའི་གྲུབ་རྟགས་ངོ་མ་དེ་ད་ལྟོའི་བར་ཡང་མཇལ་ཁ་ཡོད་མི་རྡོའི་གུ་སྐུའི་སྤར་ཡིད་ཆེ་ཏོག་ཏོ་སྦེ་ཡོད་མི་འདི་ཨིན་མས། དེ་ལས་གུ་རུ་རིན་པོ་ཆེ་གིས་རྒྱལཔོ་དང་མི་སར་ཚུ་གི་མཐའ་དོན་ལུ་ཕྱག་ན་རྡོ་རྗེའི་དབང་ལུང་ཅིག་ཡང་གནང་སྦེ་ལོག་བྱོན་སོང་ནུག།[]

བསམ་པ་ལྷུན་གྲུབ་ལྷ་ཁང་།

[ཞུན་དག]

བསམ་པ་ལྷུན་གྲུབ་ལྷ་ཁང་འདི་ འབྲུག་རྒྱལ་དང་པ་གོང་སར་ཨོ་རྒྱན་དབང་ཕྱུག་མཆོག་ཧེ་མ་ཀྲོང་གསར་དཔོན་སློབ་སྦེ་བཞུགསཔ་ད་སྤྱི་ལོ་༡༩༠༠་ལུ་བཞེངས་གནང་གནངམ་ཨིམ་མ་ཚད་ནང་རྟེན་གཙོ་བོ་གུ་རུ་རིན་པོ་ཆེ་གི་སྨན་སྐུ་དེ་ཨིན་མས།[] གུ་རུའི་སྐུ་འདྲ་འདི་མཐོ་ཚད་མི་ཊར་༡༠་དེམ་ཅིག་ཡོདཔ་མ་ཚན་ གཞན་མི་གུ་རུ་ཚན་བརྒྱད་ཀྱི་སྐུ་འདྲ་ཚུ་ཡང་འདུག།[]

བཀའ་མགོན་ཕུར་གསུམ་ལྷ་ཁང་།

[ཞུན་དག]

བཀའ་མགོན་ཕུར་གསུམ་ལྷ་ཁང་འདི་མི་དབང་འབྲུག་རྒྱལ་བཞི་པ་གི་ཡུམ་རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་སྤྱི་ལོ་༡༩༩༠་ལུ་བཞེངས་གནང་གནངམ་ཨིན་མས། [] དེ་གིས་མ་ཚད་པར་ལྷ་ཁང་གི་གདོང་ཁར་མཆོད་རྟེན་བརྒྱ་དང་བརྒྱད་དེ་ཚུ་ཡང་རྒྱལ་ཡུམ་མཆོག་གིས་མ་དངུལ་རྒྱབ་སྐྱོར་ཐོག་བཞེགས་གནང་གནངམ་ཨིན་མས། དེ་ཚུ་མཛད་པའི་སྐབས་སུ་ཡང་མོ་རའི་གཙོ་བའི་བླ་མ་དིལ་སྒོ་མཁེན་རྩེ་རིན་པོ་ཆེ་དང་གྲོས་བསྟུན་མཛད་ཐོག་ལས་བླ་མའི་བཀའ་ལུང་དང་འཁྲིལ་དེ་རང་ཨིན་མས།[]

ཁུངས་གཏུགས་དཔེ་ཆ

  1. ༡.༠ ༡.༡ ༡.༢ Megoyer. (2018, 8 6). Kurjey Lhakhang. Retrieved from Buddhism in Bhutan: 2025-09-19 https://relg367summer18kavose.sites.wm.edu/2018/08/06/kurjey-lhakhang/
  2. Aris, M. (1980). Bhutan-The Early History of Himalayan Kingdom. Vikas Publishing House PVT LTD.
  3. ༣.༠ ༣.༡ Lonely Planet. (n.d.). Kurjey Lhakhang. Retrieved from Lonely Planet: 2025-09-19. https://www.lonelyplanet.com/bhutan/chokhor valley-bumthang/attractions/kurjey-lhakhang/a/poi-


འབྲུག་གི་དགོན་སྡེ་དང་ལྷ་ཁང།

སྦོ་ཁ་རྫོང་།  · མཆོད་རྟེན་སྐོར་ར།  · ལྷ་ཁང་དཀར་པོ།  · ཡོངས་ལ་དཔལ་རི་དགོན་པ།  · སྐྱིད་ཆུ་ལྷ་ཁང་།  · རྡོ་ལུང་ དགོན་པ།  · བྱམས་པ་ལྷ་ཁང་།  · སྟག་ཚང་།  · མཚམས་བྲག་དགོན་པ།  · སྒང་སྟེང་གསང་སྔགས་ཆོས་གླིང་།  · སྐུ་རྗེས་ ལྷ་ཁང་།  · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན།  · རྡོ་བགྲེད་རྫོང་།  · སྒོམ་ཕུག་སྐོར་ར།   · རྟ་མགོ་དགོན་པ།  · བུ་ལི་ ཁི་ལམ་ ལྷ་ཁང་།  · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།།  · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།།  · ཟུར་རི་ལྷ་ཁང་།  · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།།  · དགོན་གསར་ཁ་ལྷ་ཁང་།  · མཆོད་རྟེན་སྙིང་པོ།  · རྫོང་བྲག་ཁ།།  · བདེ་ཆེན་ཕུག་ལྷ་ཁང་།།  · ལྕང་གང་ཁ་ལྷ་ཁང་།།  · དབང་འདུས་རྩེ་ལྷ་ཁང་།།  · ཕ་ཇོ་སྡིངས།།  · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།།  · གསེར་ལུང་དགོན་འཛིན་གྲྭ་ཚང་།།  · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།།  · ཀུན་བཟང་བྲག།  · ཁྱི་མེད་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  · དཀོན་མཆོག་གསུམ་ལྷ་ཁང་།།  · དགྲ་མེད་རྩེ་ལྷ་ཁང་།།  · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།།  · ཕྱག་རྡོར་ལྷ་ཁང་།།  · ལྩང་སྒང་ཁ་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  ·

"https://dz.wikipedia.org/w/index.php?title=སྐུ་རྗེས་_ལྷ་ཁང་&oldid=37552" ལས་ སླར་འདྲེན་འབད་ཡོདཔ།