སྙན་རྩོམ།
མེ་ཏོག །
[ཞུན་དག]གནམ་ཧོན་མའི་འོག་གི་སྤང་ལྗོངས་ནང་།།
མདོག་མཛེས་པའི་མེ་ཏོག་སྣ་ཚོགས་ཤར།།
དྲི་ཞིམ་པ་རླུང་གིས་འབགཔ་ལས་བརྟེན།།
ཡར་དཀོན་མཆོད་པའི་རྫས་སུ་གྱུར།།
ཤིང་གཡུ་ལོ་ལྡན་པའི་ལྗོན་བཟང་ལས།།
བཀྱག་ལེགས་པའི་ཨས་ཏོ་མེ་ཏོག་ཤར།།
རོ་མངར་བའི་བཅུད་དང་ལྡནམ་ལས་བརྟེན།།
འབུ་གསེར་སྦྱངས་འཁོར་བ་དགའ་མི་དགའ།།
མི་གཟུགས་ཤིང་ལེགས་པའི་ལྡུམ་རྭའི་ནང་།།
སེམས་བཟང་པོའི་དོན་ཧིང་མེ་ཏོག་ཤར།།
སྙིང་བརྩེ་བའི་དྲི་བསུང་ཁྱབཔ་ལས་བརྟེན།།
ཁོང་ན་གཞོན་ཚུ་གི་དགའ་སྟོན་རྒྱས།།
:::::::::::::::::::::::::::::::::
ངེ་སེམས་ཀྱི་ས་གཞི་སྐམ་པའི་ནང་།།
ཁྱོད་བརྩེ་བའི་ཆར་པ་འབབ་པའི་ཚེ།།
ངེ་དགའ་བའི་སྨྱུ་གུའི་ལོ་འདབ་འདི།།
དུས་ཧེ་མ་ལས་ཀྱང་མང་པོར་རྒྱས།།
༼ཀ་རྩོམ།༽
[ཞུན་དག]ཀ་མེད་རི་དང་བྲག་གི་ཕུག་པ་ལ།།
ཁ་ཞེན་གཉིས་མེད་དམ་ཆོས་ཉམས་ལེན་ལ།
ག་ལབ་གང་ཤར་ཙམ་ཞིག་མ་ཡིན་པར།།
ང་ཡི་སྙིང་འགྲིམ་པའི་རེ་འདོད་འབྱུང་།།
ཅ་དངོས་རྫས་ནོར་མང་པོ་བསྒྲུབ་སྒྲུབ་ནས།།
ཆ་ལུགས་དམར་སེར་གོས་ཀྱིས་རླུབས་ན་ཡང་།།
ཇ་ཆང་ཟས་ལ་རོལ་བའི་ཁྱིམ་པ་བཞིན།།
ཉ་ཕྲུག་བློ་ལ་ཕན་པ་མིན་འདུག་བསམ།།
ཏཱ་ར་ལྷ་མོ་ལ་སོགས་རྒྱལ་སྐུའི་མཆེད།།
ཐ་མལ་མི་ལ་མགོ་བསྐོར་ཞལ་འདེབས་ལེན།།
ད་དུང་བར་དུའང་མི་རྣམས་མགོ་བསྐོར་ནས།།
ན་ཟུག་དྲག་པོའི་རྣམ་སྨིན་ངང་གིས་འཚལ།།
པ་ཏྲ་རི་མོ་ལེགས་པའི་གཙུག་ལག་ཁང་།།
ཕ་ཆོས་བུ་ཆོས་བཞུགས་པའི་གནས་ལགས་ཀྱང་།།
བ་རྫིས་ལྟ་བུ་རང་དབང་མ་ལགས་པས།།
མ་ནོར་ཆོས་སྒྲུབ་དབེན་གནས་ཡིད་ལ་ཤར།།
ཙ་རི་གནས་ལ་འགྲོ་ཡང་གཡེང་རྒྱུ་མང་།།
ཚ་ཟེར་འཕྲོ་དུས་སྤྲིན་གྱིས་གྲིབ་པ་བཞིན།།
ཛ་ཡའི་གནས་ལ་ཕྱག་མཆོད་ཡོན་བདག་མང་།།
ཝ་སྐྱེས་ལྟ་བུ་གང་དགར་འཁྱམས་ལེགས་སྙམས།།
ཞྭ་ལྟར་བཀུར་མེད་རང་དགར་གནས་པའི་ས།།
ཟ་གྲོགས་མེད་པས་སྒོམ་སྒྲུབ་འགྲིམ་པའི་གནས།།
འ་ཆད་འུ་ཐུག་མེད་པར་བདེ་སྐྱིད་ངང།།
ཡ་མཚན་དབེན་པའི་རི་ལ་དད་པའི་འདོད།།
ར་སྤྲོད་མེད་པའི་སེམས་ཀྱི་རང་བཞིན་ལ།།
ལ་འུར་ཉིད་ནས་དཔྱད་པ་མ་བཞུ་ན།།
ཤ་གཟུགས་ཐལ་བར་འགྲོ་བའི་དུས་འབྱུང་ཚེ།།
ས་སྟེང་འདི་རུ་སྐྱེས་ཀྱང་དགོས་ཆུང་སྙམས།།
ཧ་ཅང་ཚེ་ཐུང་དུས་ཀྱིས་སྙིགས་མ་ལ།།
ཨ་འོ་ཚེ་ཚད་སྐལ་པའི་ཡུན་དུ་འཛིན།།
ཧ་ལམ་མི་ཚེ་དོན་མེད་ལས་ལ་གཡེང་།།
ཨ་འོ་དབེན་གནས་སུ་ཕྱིན་པར་ཤོག།
རྒྱལ་རྣམས་ཐུགས་རྗེ་གཅིག་འདུས་སྙིང་རྗེའི་གཟུགས།།
སྤྱན་རིས་གཟིགས་དབང་གང་ནས་སྤྲུལ་པའི་སྐུ།།
དཔལ་ལྡན་རྒྱུད་འགྲེལ་འབྱེད་པོ་པདྨ་དཀར།།
སྲོང་བཙན་སྒོམ་པོ་རྣམས་ལ་གུས་ཕྱག་བརྩེགས།།
ཐོག་མར་རབ་འབྱུང་སྲོལ་གཏད་ཞི་བའི་མཚོ།།
བཅུ་ཕྲའི་གནས་མཁས་པཎ་ཆེན་ནཱ་རོ་པ།།
བཀའ་བརྒྱུད་ཆུ་འགོ་རྗེ་བཙུན་ཟླ་འོད་དང་།།
འགྲོ་མགོན་འབྲུག་པའི་ཞབས་ཀྱི་སེན་ལ་འདུད།།
མངོན་དགའ་ཞིང་དུ་སྣང་བ་རྡུལ་བྲལ་སེམས།།
མཚུངས་མེད་འབྲུག་པའི་གདུང་འཛིན་རྒྱལ་བའི་དབང་།།
གོང་མ་གྲུབ་པ་གང་གི་ཞབས་སེན་བར་ལས་ཀྱང་།།
ངག་དབང་ནོར་བུ་ཁྱེད་ལ་སྙིང་ནས་གུས་ཕྱག་འཚལ།།
མཁས་གྲུབ་སྤྲུལ་པའི་ཕྲེང་བ་ཇི་ལྟར་བྱོན་ན་ཡང་།།
རབ་གསལ་སྒྱུ་སྐར་སྟོང་གི་དབུས་ནས་ཉི་ཟླ་བཞིན།།
མཁྱེན་བརྩེ་ནུས་པའི་འོད་ཆེན་ཕྱོགས་མཐར་སྤེལ་བ་།
ཀུན་མཁྱེན་བླ་མ་ཁྱེད་ཉིད་དངོས་ནས་སྒྱུ་སྐར་རྒྱལ།།
གངས་ཅན་མཁས་གྲུབ་དུ་མའི་དབུས་ན་རབ་བརྗིད་པའི།།
རིན་ཆེན་དུ་མ་སྤུངས་པའི་དབུས་ནས་བསམ་འཕེལ་བཞིན།།
འཇིག་རྟེན་ཆོས་གཉེར་ཡོངས་ལ་དགོས་མཁོའི་རྗེ་བླ་མ།།
ངག་དབང་ནོར་བུ་བདག་གི་སྙིང་ནས་གསོལ་འདེབས་ཞུ།།
གང་གིས་གསང་གསུམ་ཡོན་ཏན་མཐའ་ཡས་རྒྱ་མཚོ་ལས།།
ཆུ་ཐིག་ཙམ་ཞིག་མྱོངས་བའི་བློ་སྤོབས་ཆུང་བ་ལ།།
དུས་དང་རྣམ་པ་ཀུན་ཏུ་ཐུགས་རྗེས་མི་གཡལ་བར།།
མགོན་པོ་གང་གི་རྣམ་ཐར་འཕྱོང་བའི་དངོས་གྲུབ་ཞུ།།
ReplyForward |