Jump to content

ཀེ་ན་ཌ།

Wikipedia ལས།
(Canada ལས་ ལོག་བཏང་ཡོདཔ་)
ཀེ་ན་ཌ།

༉ ཀེ་ན་ཌ་འདི་ ར་ཤི་ཡ་གི་ཤུལ་ལས་ རྒྱལ་ཁབ་སྦོམ་ཤོས་གཉིས་པ་ཨིནམ་དང་ འདི་ལུ་ས་ཁོངས་ཡོངས་བསྡོམས་ ཀི་ལོ་མི་ཊར་ ༩༩༨༤༦༧ ཡོད། ཀེ་ནེ་ཌ་འདི་ མཐོ་ཚད་མཐོ་ཤོས་དང་ མཛེས་སྡུག་ཅན་གྱི་མཐོང་སྣང་ གཙང་ཆུ་གི་ལུང་གཤོང་དང་ རི་མཚོ་ཚུ་ ཡོད་མི་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་ཅིག་ཨིན་མས། རྒྱལ་ཁབ་འདི་ བྱང་ཨ་མི་རི་ཀ་གི་ལྟག་ལུ་ཡོདཔ་དང་ ནུབ་ཕྱོགས་ཁ་ཐུག་ལུ་ པེ་སི་ཕིག་རྒྱ་མཚོ་དང་ ཤར་ཨེ་ཊ་ལེན་ཊིག་རྒྱ་མཚོ་གིས་ ས་མཚམས་ཁར་ ཆགས་ཡོདཔ་ཨིན།རྒྱལ་ཁབ་འདི་ནང་ ཀེ་ནེ་ཌའི་མངའ་སྡེ་ ༡༠ ཡོད་པའི་ཁར་ བྱང་ཕྱོགས་ལུ་ མངའ་ཁོངས་གསུམ་ཡོདཔ་ཨིན་པས། རྩིས་དཔྱད་ཀེ་ན་ཌ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ཀྱི་མི་རློབས་འདི་ སྤྱི་ལོ་ ༢༠༢༤ ཟླ་༡༠ པའི་ཚེས་ ༡ ལུ་ ༤༡༤༦༥༢༩༨ ལུ་ ཚོད་རྩིས་བཏོན་ཡོདཔ་ཨིན (༢༠༢༤ ཟླ་ ༡༢ ཚེས་ ༡༧) ཨིན་རུང་ཀེ་ནེ་ཌ་འདི་ སྦོམ་ཡོད་རུང་ འཛམ་གླིང་ནང་ལུ་ མི་རློབས་ཉུང་སུ་ཅིག་ཡོད་པའི་རྒྱལ་ཁབ་ཅིག་ཨིན།

གཞུང་སྐྱོང་ལམ་ལུགས་སྐོར།

ཀེ་ན་ཌ་འདི་ རྩ་ཁྲིམས་ཆེན་མོའི་ རྒྱལ་བརྒྱུད་དང་ སྤྱི་ཚོགས་ཀྱི་དམངས་གཙོའི་རིང་ལུགས་ཅིག་ཨིནམ་ལས་ ཁྲིམས་ཀྱི་མངའ་དབང་དང་ ཐོབ་དབང་ དེ་ལས་རང་དབང་ལུ་ གུས་ཞབས་འབད་ནི་ལུ་གཞི་བཙུགས་འབད་ནུག། གཞུང་གིས་རྒྱལ་ཁྲི་གི་མིང་ཐོག་ལུ་ལཱ་འབདཝ་ཨིན་རུང་ ཁོ་རའི་དབང་ཚད་འདི་ཀེ་ན་ཌ་གི་མི་སེར་ཚུ་ལས་ཐོབ་ཨིན་མས། ཀེ་ན་ཌ་ལུ་གཞུང་གི་གནས་ཚད་གསུམ་ཡོད་པ་དང་ དེ་ཡང་ རྒྱལ་གཞུང་། ལུང་ཕྱོགས་དང་ ཁྲོམ་སྡེ་སྦེ་ཡོདཔ་ཨིནམ་ལས་ རང་ར་སོ་སོའི་འགན་འཁུར་ཡོདཔ་ཨིན་མས། རྒྱལ་གཞུང་གིས་ ཀེ་ནེ་ཌའི་ རྒྱལ་སྤྱིའི་མཐུན་ལམ་དང་ ནང་སྐྱོད་ཁྲིམས་ལུགས་ ཁྲལ་ རྒྱལ་ཡོངས་སྲུང་སྐྱོབ་དང་ ཕྱི་འབྲེལ་སྲིད་བྱུས་བཟུམ་གྱི་ རྒྱལ་ཁབ་ཆ་མཉམ་ལུ་ གནོད་སྐྱོན་བྱུང་མི་གི་གནད་དོན་ཚུ་ལུ་ འགན་ཁུར་འབགཔ་ཨིན་མས། རྒྱལ་གཞུང་སྤྱི་ཚོགས་འདི་ནང་ སྤྱི་ཚོགས་ཁང་གི་འཐུས་མི་ ༣༣༨ དང་ཡང་ན་ སྤྱི་ཚོགས་དང་མངའ་ཁོངས་ཀྱི་འཐུས་མི་ཚུ་ཡོདཔ་ཨིན་མས། མངའ་སྡེ་གཞུང་གིས་ མངའ་སྡེ་ལུ་ སྤྱིར་བཏང་ལུ་ ཐོ་ཕོག་པའི་གནད་དོན་ཚུ་ལུ་ འགན་ཁུར་འབགཔ་དོ་ཡོདཔ་དང་ དེའི་ནང་ ཤེས་རིག་དང་ གསོ་བའི་ཞབས་ཏོག་ མཐའ་འཁོར་གནས་སྟངས་ སོ་ནམ་དང་ གཞུང་ལམ་ཚུ་ཚུདཔ་ཨིན་པས། རྒྱལ་ཁབ་འདི་ནང་ བཙག་འཐུ་གྲུབ་པའི་ངོ་ཚབ་ ༡༢༤ ལུ་ མངའ་སྡེ་སྤྱི་ཚོགས་ཀྱི་འཐུས་མི་ཚུ་ཡོདཔ་ཨིནམ་དང་ ཁྲོམ་སྡེ་གཞུང་གིས་ མངའ་སྡེ་གཞུང་ལས་ དབང་ཚད་ཐོབ་དོ་ཡོདཔ་ཨིན་པས།

ཁྲོམ་སྡེ་ མི་མང་གླིང་ག་དང་ དཔེ་མཛོད་ མི་སྡེ་ཞབས་ཏོག་ ས་གནས་ཀྱི་ཁྲིམས་སྲུང་འགག་པ་དང་ མེ་གསད་ནི་གི་ཞབས་ཏོག་ ཕྱགས་སྙིགས་བཏོན་བཏང་ནི་ བསྐྱར་སྤྱོད་འབད་ནི་ དེ་ལས་ མི་དམངས་སྐྱེལ་འདྲེན་ལ་སོགས་པའི་ མི་སྡེ་དང་འབྲེལ་བའི་གནད་དོན་ཚུ་ལུ་ གདོང་ལེན་འབད་ནི་གི་ ལཱ་འབདཝ་ཨིན་མས། ཁྲོམ་སྡེའི་གཞུང་ཚུ་ ཁྲོམ་དཔོན་ཚུ་གིས་ འགོ་འཁྲིད་འབདཝ་ཨིན་མས།

མི་རིགས་ཀྱི་སྐོར།

ཀེ་ནེ་ཌ་ལུ་ མི་རིགས་ལེ་ཤ་ཡོདཔ་དང་ དེ་ཚུ་གི་གྲས་ལས་ ཀེ་ནེ་ཌ་དང་ ཨིང་སྐད་ ཕཱརེནཆི་ ཨི་རིཤ་ ཨིསི་ཀོཊིཤ་ ཇར་མ་ནི་ ཨི་ཊ་ལི་དང་ ཡུ་ཀེ་རེན་གྱི་ མི་རིགས་ཚུ་མང་སུ་ཡོདཔཨིན་པས། དེ་ཚུ་གི་གྲས་ཁར་ཀཱ་ན་ཌའི་རིགས་མཐོ་ཤོས་བརྒྱ་ཆ་ལས་ ༡༥.༦% ཡོདཔ་ཨིན་མས།

ཀེ་ན་ཌའི་དཔལ་འབྱོར་གྱི་སྐོར།

རྒྱལ་ཁབ་ཀྱི་དཔལ་འབྱོར་འདི་གནམ་མེད་ས་མེད་གོང་འཕེལ་འགྱོ་སྟེ་ འཛམ་གླིང་ནང་སྦོམ་ཤོས་ཅིག་ཨིནམ་དང་ ཀེ་ནེ་ཌ་གི་ གཞིས་ཆགས་འགོ་ཐོག་དང་ ཡར་རྒྱས་འདི་གཙོ་བོར་ རྒྱལ་ཁབ་ཀྱི་ རང་བཞིན་ཐོན་སྐྱེད་སྦོམ་ཚུ་ ལག་ལེན་འཐབ་སྟེ་ ཕྱིར་ཚོང་འཐབ་ནི་ལུ་ རག་ལས་ནུག། དུས་རབས་ ༢༠ པའི་ནང་ བཟོ་སྐྲུན་བཟོ་གྲྭ་དང་ཞབས་ཏོག་ཚུ་ གལ་ཆེཝ་སྦེ་ ཐོན་ནུག། ཨིན་རུང་དུས་རབ་ ༢༡ ནང་ཀེ་ན་ཌ་གི་དཔལ་འབྱོར་འདི་ སྒེར་སྡེ་གིས་ དབང་ཤུགས་ཆེཝ་སྦེ་ཡོདཔ་ཨིན་རུང་ ལས་སྡེ་ལ་ལུ་ཅིག་གིས་ (དཔེར་ན་ འགྲེམ་ཐོག་ཞབས་ཏོག་དང་ གློག་མེ་གི་མཐུན་རྐྱེན་ དེ་ལས་ སྐྱེལ་འདྲེན་གྱི་ཞབས་ཏོག་ལ་ལུ་ཅིག་) མི་དམངས་ཀྱི་བདག་དབང་སྦེ་ར་ ལུས་ནུག  ཀེ་ནེ་ཌ་གི་དཔལ་འབྱོར་འདི་ རྒྱལ་སྤྱིའི་ཚོང་འབྲེལ་ལུ་ བརྟེན་ཏེ་ ཕྱིར་ཚོང་ཅ་ཆས་དང་ ནང་འདྲེན་འབད་མི་ཚུ་གིས་ ནང་འཁོད་ཐོན་སྐྱེད་ཀྱི་ གསུམ་དཔྱ་གཅིག་རེ་ཡོདཔ་ཨིན་མས། རྒྱལ་ཁབ་འདིའི་ཚོང་ལས་ཀྱི་མཉམ་འབྲེལ་ཆེ་ཤོས་གསུམ་ USA རྒྱ་ནག་དང་ཡུ་ནའི་ཊེཊ་ཀིང་ཌོམ་ཡིན་མས། སྤྱི་ལོ་ ༢༠༢༣ ལུ་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་བསྡོམས་ ཐེར་འབུམ་༢.༡༤ ཡོདཔ་སྦེ་ ཇོན་སཱོན་གྱིས་ བཤདཔ་ཨིན་པས།

ལམ་སྲོལ་དང་སྐད་ཡིག་སྐོར།

ཀེ་ནེ་ཌ་ལུ་ ལོ་གཅིག་གི་རིང་ལུ་ ལམ་སྲོལ་སྣ་ཚོགས་ཀྱི་ དུས་སྟོན་དང་ ལམ་སྲོལ་མ་འདྲཝ་ཚུ་ བརྩི་སྲུང་འབད་བའི་ རྒྱལ་ཁབ་ཅིག་ཨིན། མ་གཞི་ ཀེ་ན་ཌ་གི་མི་ཚུ་ གྱངས་ཁ་འདི་ དག་པ་ཅིག་ལས་བརྒལ་མེདཔ་ཨིན་རུང་ བལྟ་རྟོག་པ་མང་ཤོས་ཅིག་གིས་ར་ ལམ་སྲོལ་སྣ་ཚོགས་ཀྱི་མི་སྡེ་ཅིག་སྦེ་བརྩི་དོ་ཡོདཔ་དང་ འདི་ཡང་ གཞན་མི་གླིང་ཆེན་ཚུ་ནང་ལས་ ཕྱི་མི་ནང་སྐྱོད་ཀྱི་མི་རློབས་ཚུ་ བསུ་བ་འབདཝ་ཨིན་མས། ཀེ་ན་ཌ་ལུ་ དུས་སྟོན་བརྩི་སྲུང་འབད་མི་ ནང་ལས་ དང་པ་ ཀེ་ནེ་ཌ་གི་ ཌཊ་ཟེར་མི་ དུས་སྟོན་བརྩི་སྲུང་འདི་ སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ བརྩི་སྲུང་འབདཝ་ཨིན་མས། གཉིས་པ་ ཀིའུ་བེག་འདི་ དགུན་དུས་ཀྱི་དུས་སྟོན་ཅིག་ཨིནམ་དང་ སྤྱི་ཟླ་ ༢ པའི་ནང་ ཀིའུ་བེག་ཁྲོམ་སྡེ་ནང་ འགོ་འདྲེན་འཐབ་དོ་ཡོད་པའི་ཁར་ འཛམ་གླིང་ནང་ དགུན་དུས་ཀྱི་དུས་སྟོན་སྦོམ་ཤོས་ཅིག་ཨིན། གསུམ་པ་ སྤྱི་ཟླ་ ༧ པའི་ནང་ ཝེན་ཀོ་བཱར་ལུ་ འོད་ཀྱི་ དུས་སྟོན་འདི་ འགོ་འདྲེན་འཐབ་སྟེ་ཡོདཔ་དང་ འདི་ཡང་ རྒྱལ་སྤྱིའི་མེ་གི་ འགྲན་བསྡུར་ཅིག་ཨིན་མས། སྤྱི་ཟླ་ ༦ པའི་ཚེས་༢༧ ལུ་ སྣ་མང་ལམ་སྲོལ་གྱི་ཉིནམ་འདི་ བརྩི་སྲུང་འབད་ཡོདཔ་དང་ དེའི་བསྒང་ ཁོང་གིས་ ཀེ་ནེ་ཌའི་མི་སྡེ་བཟོ་མི་ ལམ་སྲོལ་མ་འདྲཝ་ཚུ་གི་ ཕན་འདེབས་ཚུ་ བརྩི་སྲུང་འབད་དོ་ཡོདཔ་ཨིན་མས། རྒྱལ་ཁབ་ཀྱི་མི་འབོར་བརྒྱ་ཆ་ ༢༠ འདི་ ཕྱི་མི་ནང་སྐྱོད་འབད་མི་ཚུ་གིས་ བཟོ་སྟེ་ཡོདཔ་ལས་ ཀེ་ནེ་ཌ་འདི་ འཛམ་གླིང་ནང་ ལམ་སྲོལ་མ་འདྲཝ་ཡོད་པའི་ རྒྱལ་ཁབ་ཅིག་ལུ་འགྱུར་ཡོདཔ་ཨིན་མས།

ཧོ་ཀི་དང་ འཁྱེག་གི་ ཧོ་ཀི་ཚུ་ ཀེ་ན་ཌ་ནང་ ཡོངས་གྲགས་ཅན་གྱི་ རྩེད་རིགས་ཅིག་ཨིནམ་ལས་ ཀེ་ན་ཌའི་ མང་ཤོས་ཅིག་གིས་ བལྟ་ནི་དང་ ཡང་ན་ ངོས་འཛིན་ཅན་གྱི་ རྩེད་རིགས་འདི་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

ཀེ་ན་ཌ་མངའ་སྡེ་གཞི་བཙུགས་འབད་བའི་ཤུལ་ལས་ཨིང་ལིཤ་དང་ ཕེརེནཆི་གཉིས་ ཀེ་ན་ཌ་གི་གཞུང་འབྲེལ་སྐད་ཡིག་ཚུ་ཨིནམ་མ་ཚད་ ཀེ་ནེ་ཌ་གི་སྤྱི་ཚོགས་དང་ གཞུང་གི་གཙུག་སྡེ་ག་རའི་ནང་ ལག་ལེན་འཐབ་ནིའི་དོན་ལུ་ གནས་རིམ་དང་ ཐོབ་དབང་འདྲ་མཉམ་དང་ ཐོབ་དབང་འདྲ་མཉམ་ཡོདཔ་ཨིན་མས།  སྤྱི་ལོ་ ༢༠༢༡ ལོའི་མི་རྩིས་ལས་ མི་རློབས་བརྒྱ་ཆ་ ༨༧ གྱིས་ ཨིང་སྐད་སླབ་ཚུགས་མི་དང་ མི་བརྒྱ་ཆ་ ༢༩ གིས་ ཕཱརནསི་གི་སྐད་ཡིག་སླབ་ཚུགས་མི་ཡོདཔ་ཨིན་པས།

ཆོས་ལུགས་སྐོར།

ཀེ་ནེ་ཌ་ལུ་ ཡེ་ཤུ་པའི་ཆོས་ལུགས་ ཨིསི་ལམ་ སིག་ཤིམ་ དེ་ལས་ པེན་ཊི་ཀོསི་ཊལ་ཟམ་ཚུ་བརྩིས་ཏེ་ ཆོས་ལུགས་ལེ་ཤ་ཅིག་ཡོདཔ་ཨིན་མས། ཨིན་རུང་ཡེ་ཤུའི་ཆོས་ལུགས་འདི་གིས་ དུས་རབ་ ༡༧ པ་ལས་ད་ལྟོ་ཚུན་ཚོད་ གནམ་མེད་ས་མེད་སྦེ་ཡོདཔ་ཨིན་མས། ཀེ་ན་ཌ་ལུ་ ཡེ་ཤུ་པའི་མི་སྡེ་འགོ་དང་པ་འདི་ ནིའུ་ཕཱརན་སི་ལུ་ གཞི་བཙུགས་འབད་ཡོདཔ་ཨིནམ་དང་ སྤྱི་ ༡༩༧༡ ལོའི་མི་རྩིས་ནང་ མི་རློབས་བརྒྱ་ཆ་ ༩༠ དེ་ཅིག་ ཡེ་ཤུ་པའི་མི་ཁུངས་སྦེ་ངོས་འཛིན་འབད་ནུག། ཨིན་རུང་སྤྱི་ལོ་ ༢༠༢༡ གི་མི་རྩིས་དང་འཁྲིལ་བར་ཅིན་བརྒྱ་ཆ་ལས་འབད་བར་ཅིན་ ༥༣.༣% ལུ་མར་ཕབ་འགྱོ་ཡོདཔ་ཨིན་མས།

རྒྱལ་ས་ལྟེ་བ་ཨོ་ཊ་ཝ་སྐོར།

ཀེ་ནེ་ཌ་གི་རྒྱལ་ས་ལྟེ་བ་ ཨོ་ཊ་ཝ་ འདི་ཤར་ལྷོ་ཨོན་ཊ་རི་ཡ་ལུ་གནས་ཏེ་ཡོདཔ་ཨིན། འདི་ཡང་མོན་ཊི་ལི་ཡ་གི་ནུབ་ཁ་ཐུག་ལུ་ མའིལ་༢༥༠ ༼ཀི་ལོ་མི་ཊར་ ༤༠༠༽ དང་ མོན་ཊི་ལི་ཡ།གི་ནུབ་ཁ་ཐུག་ལུ་ མའིལ་༡༢༥ ༼ཀི་ལོ་མི་ཊར་ ༢༠༠༽ གི་ས་ཁར་ ཀེ་ན་ཌ་གི་མི་རློབས་དང་དཔལ་འབྱོར་ལམ་སྲོལ་དང་ ཤེས་ཡོན་གྱི་ཁག་ཆེ་ཧིང་གི་ཐད་ཁར་ ཁྲོམ་ཚོགས་གཉིས་པ་ཨིན།  ཨོ་ཊ་ཝ་ ལུང་ཕྱོགས་ནང་ལུ་ འགོ་དང་པ་སྡོད་མི་འདི་ ཨལ་གཱོན་ཀི་ན ཨང་དང་པ་གི་རྒྱལ་ཁབ་ གི་འཐུས་མི་ཚུ་ཨིནམ་དང་ ཁོང་གིས་  ཨོ་ཊ་ཝ་གཙང་ཆུ་གི་ལུང་གཤོངས་ནང་ལུ་ གཞིས་ཆགས་ནུག། (སྤྱི་ཟླ་༢ པའི་ཚེས་༢༨ ༢༠༢༥)

རྒྱབ་རྟེན།

https://en.wikipedia.org/wiki/Canada


"https://dz.wikipedia.org/w/index.php?title=ཀེ་ན་ཌ།&oldid=39519" ལས་ སླར་འདྲེན་འབད་ཡོདཔ།