Jump to content

User:Karselma

Wikipedia ལས།
Budda's picture BY: Kinga doya

༼ཞབས་དྲུང་ངག་དབང་རྣམ་རྒྱལ་སྐུ་འཁྲུངས་པའི་ལོ་རྒྱུས།༽

ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྤྲུལ་སྐུ་དང་ གདུང་རྒྱུད་གཉིས་ཆར་ཨིན་མི་ ཞབས་དྲུང་ངག་རྣམ་རྒྱལ་མཆོག་འདི་ ཡབ་ཆོས་རྗེ་གཙང་པ་རྒྱ་རས་ཀྱི་གདུང་བརྒྱུད་ མི་ཕམ་བསྟན་པའི་ཉི་མ་དང་ ཡུམ་སྡེ་པ་སྐྱིད་ཤོད་པའི་སྲས་མོ་ བསོད་ནམས་དཔལ་གྱི་བུ་ཁྲིད་གཉིས་ཀྱིས་སྲས་ལུ་ སྤྱི་ལོ་ ༡༥༩༤  དང་ རབ་བྱུང་ ༡༠ པའི་ཤིང་རྟ་ ཟླཝ་ ༡༠ པ་ལུ་གཞིས་ཀ་མགར་གྲོང་ལུ་ སྐུ་འཁྲུངས་ནུག

ལུང་བསྟན་ཚུལ་ནི་ མགོན་པོ་དངོས་གྲུབ་བྱུང་བའི་རྒྱུད་ལས་ འཁོར་བའི་བདུད་རྣམས་འཇོམས་པ་པོ། །རྡོ་རྗེ་སེམས་དཔའ་མཉམ་གྱུར་པའི། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། ། ཟེར་ལུང་བསྟན་པ་དང་། གུ་རུ་རིན་པོ་ཆེ་མཆོག་གིས་ བདུད་འཇོམས་རྡོ་རྗེ་ཞེས་བྱ་བ་། །གསངས་བསྟན་པའི་བདག་པོར་འབྱུང་། ། ཟེར་ལུང་བསྟན་པའི་ཚིག་ལེ་ཤ་ཡོདཔ་ཨིན།

"https://dz.wikipedia.org/w/index.php?title=User:Karselma&oldid=32676" ལས་ སླར་འདྲེན་འབད་ཡོདཔ།