Jump to content

User talk:Changzoe987

Page contents not supported in other languages.
Add topic
Wikipedia ལས།

སེམས་གནས་ཐབས་དགུའི་སྐོར་བྲིས་དགོ་མི་འདི་གཙོ་རང་སེམས་ཞི་བ་གནས་ཐབས་ལེགས་ཤོམ་ཅིག་ཨིན་མས། དེ་ལ་བརྟེན་ནས་ཤེས་རབ་རྙེད་ཐབས་ལེ་ཤོམ་ཅིག་ཨིན།

new pages

[ཞུན་དག]

དགོས་མཁོ་ཆེ་བའི་རྩོམ་བྲིས་ཀྱི་རིགས་ Doctor 17 (talk) ༠༨:༤༢, ༢༥ སྤྱི་ཟླ་བདུན་པ། ༢༠༢༤ (UTC)Reply

སེམས་གནས་ཐབས་དགུའི་སྐོར།

[ཞུན་དག]

འདིར་ཞི་གནས་སྒོམ་སྐབས་ཀྱི་སེམས་གནས་དགུ་སྟེ་སྒོམ་བྱེད་པར་འདོད་ན་སེམས་གནས་ལ་མྱོང་བ་ཐོན་དགོས། དེ་ལ་སེམས་གནས་དགུ་ཤེས་དགོས། དེ་ཡང་@སེམས་འཇོག་པ། རྒྱུན་དུ་འཇོག་པ། གླན་ཉེ་འཇོག་པ། ཉེ་བར་འཇོག་པ། དུལ་བར་བྱེད་པ། ཞི་བར་བྱེད་པ། རྣམ་པར་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པར་འཇོག་པ་སྟེ་དགུ་ལས།

དང་པོ་ནི།

ཕྱི་རོལ་གྱི་དམིགས་པ་ལས་སེམས་བསྡུས་ནས་ནང་དུ་དམིགས་པ་ལ་གཏོད་པ་སྟེ་བླ་མ་ལས་དམིགས་པའི་གདམས་ངག་ཐོས་སྟོབས་ཀྱིས་འགྲུབ་ཅིང་། དེ་ཡང་དམིགས་པ་ལ་བཞག་ཙམ་བཞག་ཙམ་ལས་ཤས་ཆེར་མི་གནས་པས་རྒྱུན་མཐུད་མི་ཐུབ་པ་སྟེ། དེའི་ཚེ་སེམས་ལ་རྟོག་དཔྱོད་ཞུགས་པའི་སྟོབས་ཀྱིས་འཕྲོ་རྒོད་ཀྱི་དབང་དུ་ཤོར་བ་རིག་པས་སྔར་ལས་རྣམ་རྟོག་ཤས་ཆེ་བའི་ཉམས་འབྱུང་ཡང་། འདི་རྣམ་རྟོག་མང་དུ་སོང་བ་མིན་གྱི། རྣམ་རྟོག་ངོས་ཟིན་པའི་ཉམས་ཡིན།

གཉིས་པ་ནི།

དང་པོར་གཏད་པའི་སེམས་དེ་ཉིད་གཞན་དུ་མི་གཡེང་བར་དམིགས་པ་སྟེ་དེ་ལྟར་བསྒོམས་པས་སེམས་དམིགས་པ་ལ་བཞག་ཙམ་གྱིས་རྒྱུན་ཅུང་ཟད་མཐུད་ཐུབ་པ་ནི་དཔེར་ན་མ་ཎི་ཕྲེང་བསྐོར་གཅིག་ཙམ་གྱི་རིང་བསྒོམ་ན་དེའི་རིང་མི་གཡེང་བ་འབྱུང་བ་ལྟ་བུ་ཡིན། འདིའི་ཚེ་སྐབས་རེ་རྣམ་རྟོག་ཞི་ཞིང་སྐབས་རེ་རྣམ་རྟོག་སྐྱེ་བས་རྣམ་རྟོག་ངལ་གསོ་བའི་ཉམས་འོང་། འདི་བསམ་པའི་སྟོབས་ཀྱིས་འགྲུབ། སེམས་གནས་དང་པོ་དང་གཉིས་པ་འདི་གཉིས་ལ་བྱིང་རྒོད་མང་ཞིང་གནས་པ་ཉུང་བས་ཡིད་བྱེད་བཞིའི་ལས་དང་པོ་བསྒྲིམས་ཏེ་འཇུག་པའི་སྐབས་ཡིན་ཞིང་གནས་པ་ལས་གཡེང་བ་རྒྱུན་རིང་བ་ཡིན་གསུངས།

གསུམ་པ་ནི།

སེམས་ཕྱི་རོལ་ཏུ་ཡེངས་ན་ཤེས་པར་བྱས་ནས་སླར་ཡང་དམིགས་པ་དེ་ཉིད་ལ་འཇོག་པ་སྟེ་གོས་ལྟ་བུའི་གཞི་ལ་ལྷན་པ་བརྒྱག་པ་བཞིན། རྒྱུན་མཐུད་པའི་གཞི་དེའི་སྟེང་ནས་དམིགས་པ་ལས་གཡེངས་པ་འཕྲལ་དུ་ཤེས་ནས་སླར་དམིགས་རྟེན་ལ་གླན་ཏེ་འཇོག་པ་ལ་ཟེར་བས་འདི་དང་སྔ་མ་གཉིས་ལ་གཡེང་བ་ཡུན་རིང་ཐུང་ཡོད། འདིའང་དྲན་པ་སྟོབས་ལྡན་བསྐྱེད་པའི་དུས་ཡིན་གསུངས།

བཞི་བ་ནི།

སེམས་ཡང་ཡང་དུ་བསྡུས་ཏེ་ཕྲ་བར་བྱས་ནས་འཇོག་པ་སྟེ་དྲན་པ་ཤུགས་ཅན་དུ་བསྐྱེད་ནས་དམིགས་རྟེན་ལ་འཇོག་པ་སྟེ། འདི་སན་དམིགས་རྟེན་ཤོར་མི་སྲིད་པས་སྔ་མ་གསུམ་ལས་ཁྱད་ཞུགས་པ་ཡིན། འོན་ཀྱང་དམིགས་རྟེན་མ་ཤོར་བཞིན་དུ་བྱིང་རྒོད་ཤུགས་ཆེན་པོ་འབྱུང་བས་བྱིང་རྒོད་ཀྱི་གཉེན་པོ་བསྟེན་དགོས། སེམས་གནས་གསུམ་པ་དང་བཞིན་འདི་གཉིས་དྲན་པའི་སྟོབས་ཀྱིས་འགྲུབ། འདི་ནས་ནར་སོན་པའི་མི་ལྟར་དྲན་པ་ནར་སོན་པའམ། དྲན་པའི་སྟོབས་རྫོགས་པ་ཡིན་གསུངས།

ལྔ་པ་ནི།

ཏིང་ངེ་འཛིན་གྱི་ཡོན་ཏན་བསགས་ནས་དེ་ལ་དགའ་བ་སྟེ་བཞི་པའི་སྐབས་སུ་སེམས་ནང་དུ་བསྡུས་དྲགས་པས་འདིར་བྱིང་བ་ཕྲ་མོའི་ཉེན་ཆེ་བའི་ཤེས་བཞིན་སྟོབས་ལྡན་བསྐྱེད་ནས། དེས་བྱ་ར་བྱས་ཏེ་ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་སེམས་གཟེངས་བསྟོད། འདི་དང་སྔ་མ་གཉིས་ལ་བྱིང་རྒོད་རགས་པ་འབྱུང་མི་འབྱུང་གི་ཁྱད་པར་ཡོད།

དྲུག་པ་ནི།

རྣམ་གཡེང་ལ་སྐྱོན་དུ་བལྟས་ནས་ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད་པ་སྟེ་ལྔ་པའི་སྐབས་སུ་སེམས་གཟེངས་བསྟོད་དྲགས་པའི་རྐྱེན་གྱིས་འདིར་རྒོད་པ་ཕྲ་མོའི་ཉེན་ཆེ་ལ། རྒོད་པ་ཕྲ་མོ་སྐྱེས་པ་ན། དེ་རིག་པའི་ཤེས་བཞིན་སྟོབས་ལྡན་བསྐྱེད་དེ་རྒོད་པ་ཕྲ་མོ་ལའང་སྐྱོན་དུ་བལྟས་ནས་འགོག་དགོས། སྔ་མ་ལས་འདི་སྐབས་བྱིང་བ་ཕྲ་མོའི་ཉེན་ཆེ་བ་མེད་པའི་ཁྱད་ཡོད། ལྔ་པ་དང་དྲུག་པ་གཉིས་ཤེས་བཞིན་གྱི་སྟོབས་ཀྱིས་འགྲུབ། འདི་ནས་ཤེས་བཞིན་གྱི་སྟོབས་རྫོགས་པར་གསུངས།

བདུན་པ་ནི།

ཆགས་སེམས་དང་ཡིད་མི་བདེ་བ་སོགས་ཞི་བར་བྱེད་པ་སྟེ་འདིའི་སྐབས་སུ་དྲན་ཤེས་ཀྱི་སྟོབས་རྫོགས་པས་བྱིང་རྒོད་སྐྱེས་དཀའ་ཡང་། དེ་ནས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་དེ་བྱིང་རྒོད་ཕྲ་མོ་ལའང་སྐྱོན་དུ་བལྟས་ནས་སྤོང་གང་ཐུབ་བྱེད་དགོས། འདི་དང་སྔ་མ་གཉིས་་ལ་བྱིང་རྒོད་ཕྲ་མོར་ཤོར་བའི་ཉེན་དོགས་ཆེར་བྱེད་དགོས་མི་དགོས་ཀྱི་ཁྱད་ཡོད། འདིར་བྱིང་རྒོད་ཕྲ་མོ་ཙམ་གྱི་ཉེན་ཆེར་མེད་ཀྱང་། ད་དུང་དེ་གཉིས་སྤོང་ཐབས་ལ་ནི་བརྩོན་དགོས་པ་ཡིན། ལྔ་པ་དང་དྲུག་པའི་སྐབས་བྱིང་རྒོད་ཀྱིས་ཚུར་གནོད་པའི་དོགས་པ་ཡོད་ལ། བདུན་པའི་སྐབས་འདིར་བྱིང་རྒོད་ཡང་བརྩོན་འགྲུས་ཀྱིས་བཀག་ཐུབ་པས་བྱིང་རྒོད་

ཚུར་བར་དུ་ཆེར་གཅོད་མི་ནུས་གསུངས། སེམས་གནས་གསུམ་པ་ནས་བདུན་པའི་བར་གྱི་ལྔ་པོ་འདིར་ཏིང་འཛིན་ཤས་ཆེ་ཡང་བྱིང་རྒོད་སོགས་ཀྱིས་བར་དུ་གཅོད་པས་ཆད་ཅིང་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན།

བརྒྱད་པ་ནི།

འབད་མེད་དུ་འཇུག་པའི་ཕྱིར་འབད་པ་སྟེ་འདིའི་སྐབས་སུ་ཐོག་མར་གཉེན་པོ་དྲན་འཛིན་གྱི་རྩོལ་བ་ཅུང་ཟད་བསྟེན་ན་ཐུན་གྱི་རིང་བྱིང་རྒོད་ཕྲ་མོའང་མེད་པར་ཐུན་འཁྱོངས་ཐུབ་པ་འབྱུང་ཞིང་། འདི་དག་གི་སྐབས་རིམ་བཞིན་དཔེར་ན་དགྲ་བོ་སྟོབས་དང་ལྡན་པ་དང་། སྟོབས་འགའ་ཞིག་ཉམས་པ་དང་།

སྟོབས་རྫོགས་པར་ཉམས་པ་ལྟར་བྱིང་རྒོད་ཀྱི་སྟོབས་རིམ་བཞིན་ཉམས་པ་ཡིན་པས་བརྒྱད་པ་ནས་བཟུང་ཤེས་བཞིན་གྱི་རྩོལ་བ་བསྟེན་མི་དགོས་སོ། སེམས་གནས་བརྒྱད་པའི་སྐབས་འདིར་རྩོལ་བ་ཅུང་ཟད་བསྟེན་ན་ཐུན་གྱི་རིང་བྱིང་རྒོད་སོགས་ཀྱིས་བར་དུ་གཅོད་པ་མེད་པས་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན། སེམས་གནས་བདུན་པ་དང་བརྒྱད་པ་བརྩོན་འགྲུས་ཀྱི་སྟོབས་འགྲུབ།

དགུ་བ་ནི།

སེམས་མཉམ་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པ་སྟེ་སྐབས་འདིར་འབད་རྩོལ་དང་བྲལ་བར་འཇུག་པ་སྟེ། དེ་ཡང་བརྒྱད་པའི་སྐབས་ཡང་ཡངའདྲིས་པ་ལ་བརྟེན་ནས་འདིར་འབད་རྩོལ་མེ་དཔར་ལྷུན་གྱིས་གྲུབ་པ་ཡིན་པས་རྩོལ་བ་ཅུང་ཟད་ཀྱང་མི་དགོས་པར་ཁ་ཏོན་བྱང་བ་ཞིག་གིས་འདོན་པ་བཏོན་པ་ལྟར་ཏིང་འཛིན་ལ་ཧྲིལ་གྱིས་འཇུག དེ་ནི་འདོད་སེམས་རྩེ་གཅིག་པའི་གཞི་གནས་རྗེས་མཐུན་པ་ཡིན། དགུ་པ་འདི་ཡོངས་སུ་འདྲིས་པའི་སྟོབས་ཀྱིས་འགྲུབ།

དེ་དག་གི་དང་པོའི་སྐབས་རྣམ་རྟོག་ངོས་ཟིན་པའི་ཉམས་དང་།

གཉིས་པའི་སྐབས་རྣམ་རྟོག་རེས་ངལ་གསོ་བའི་ཉམས།

གསུམ་པའི་སྐབས་རྣམ་རྟོག་ཐང་ཆད་པའི་ཉམས་འབྱུང་།

མདོར་ན་སེམས་གནས་དང་པོ་དང་གཉིས་པ་གཉིས་ནི་གནས་པ་རྒྱུན་རིང་ཐུང་ཡོད་ལ།

གཉིས་པ་དང་གསུམ་པ་ནི་གཡེང་བ་རྒྱུན་རིང་ཐུང་ཡོད།

གསུམ་པ་དང་བཞི་བ་གཉིས་ནི་དམིགས་རྟེན་ཤོར་སྲིད་མི་སྲིད་ཀྱི་ཁྱད་པར་ཡོད་ཅིང་།

བཞི་པ་དང་ལྔ་པ་ནི་བྱིང་བ་རགས་པ་སྐྱེ་མི་སྐྱེ་དང་།

ལྔ་པ་དང་དྲུག་པ་གཉིས་ནི་བྱིང་བ་ཕྲ་མོ་ལ་དོགས་ཟོན་དགོས་མི་དགོས་དང་།

དེར་མ་ཟད་དྲུག་པར་རྒོད་པ་ཕྲ་མོ་སྐྱེ་བའང་སྔ་མ་ལས་ཉུང་ངོ་།

དྲུག་པ་དང་བདུན་པ་གཉིས་ནི།

བྱིང་རྒོད་ཕྲ་མོ་ཤོར་ཉེན་གྱི་དོགས་ཟོན་ཆེན་པོ་དགོས་མི་དགོས་དང་།

བདུན་པ་དང་བརྒྱད་པ་ནི་བྱིང་རྒོད་ཡོད་མེད་དང་།

བརྒྱད་པ་དང་དགུ་པ་ནི་འབད་རྩོལ་དང་ལྟོས་མི་ལྟོས་ཀྱི་ཁྱད་པར་ཡོད་དོ།

བདུན་པའི་སྐབས་བྱིང་རྒོད་འགོག་ཙམ་ལས།

དེར་ཤོར་དོགས་ཀྱི་ཉེན་ཆེར་བྱེད་མི་དགོས་ལ། དཔེར་ན་དགྲ་དང་འཐབ་ན།

དེ་སྟོབས་ཞན་དུ་བཏང་ཟིན་ནས་དོགས་ཟོན་ཆེར་མི་དགོས་པར་བཀག་ཙམ་གྱིས་ཆོག་པ་བཞིན་ཡིན་པར་གསུངས།། Changzoe987 (talk) ༠༦:༡༤, ༡༠ སྤྱི་ཟླ་ལྔ་པ། ༢༠༢༥ (UTC)Reply

འབྲུག་གི་ལམ་སྲོལ།

[ཞུན་དག]

རྒྱལ་ཁབ་གཞན་དང་མ་འདྲ་བའི་འབྲུག་གི་ལམ་སྲོལ། Changzoe987 (talk) ༠༤:༤༧, ༣༡ སྤྱི་ཟླ་ལྔ་པ། ༢༠༢༥ (UTC)Reply

བསམ་པ་བཟང་པོ་བསྐྱེད་དགོ་པའི་བསྐོར་རགྱུད་སྐུལ་འབྲི་རྩོམ།

[ཞུན་དག]

རྒྱུད་བླ་མ་ལས། སེམས་ནི་རང་བཞིན་གསལ་བ་སྟེ། །འོན་ཀྱང་གློ་བུར་དྲི་མས་སྒྲིབ།། ཟེར་གསུངས་ཡོད་དོ་བཟུམ། ང་བཅས་རའི་སེམས་འདི་བསམ་པ་ངན་པ་ལ་སོགས་དང་བྲལ་བའི་ནམ་མཁའི་ཉི་མ་དང་འདྲ་བ་རང་བཞིན་གྱིས་འོད་གསལ་བ་ཨིན་རུང་། གློ་བུར་ཕྱི་རྐྱེན་ ཉོན་མོངས་པ་ལ་སོགས་པ་ཤུགས་ཆེ་བའི་དབང་གིས་ལརང་གྱི་སེམས་དངས་མ་ཨིན་པ་མ་ཤེས་པར་ གཞན་ལུ་བསམ་པ་ངན་པ་བསྐྱེད་འགྱོ་དོ་ཨིན་མས། གཞན་ལུ་བསམ་པ་ངན་པ་བསྐྱེད་ནི་འདི་འཇིག་རྟེན་འདི་ནང་མ་བཏུན་པའི་ཁར་ ལྷག་པར་དམ་པའི་ཆོས་ནང་ལས་མ་བཏུབ་པའི་སྐོར་ལེ་ཤ་གསུངས་བཞག་ནུག རང་གི་བསགས་པའི་ལས་ལུ་ལས་ཀྱི་རྣམ་པ་སྨིན་ཚུལ་མ་འདྲ་བ་ལེ་ཤ་ཡོད་རུང་སྤྱིར་བཏང་ མཐོང་ཆའི་མྱོང་འགྱུར། སྐྱེས་ནས་མྱོང་འགྱུར། ལན་གྲངས་གཞན་ལ་མྱོང་འགྱུར་ཟེར་ཡོདཔ་ལས། རང་གིས་གཞན་ལུ་བསམ་པ་ངན་པ་བསྐྱེད་པའི་རྣམ་སྨིན་འདི་ངེས་པར་དུ་མྱོང་ནི་ཨིན་མས། དཔེར་ན་རང་གི་གཞན་ལུ་ཅ་ལ་ཅིག་བྱིན་པ་ཅིན་ཤུལ་ལས་རང་དགོཔ་ད་ལུ་ཁོང་གིས་ཡང་ལོག་བྱིན་དོ་བཟུམ། བསམ་པ་བཟང་པོ་བསྐྱེད་པ་ཅིན་རང་བཞིན་གྱི་རང་གི་ལམ་ཡང་བཟང་པོའི་འབྲས་བུ་འཐོབ་དོ་བཟུམ་ཨིན་མས།

བསམ་པ་བཟང་ངན་འདི་མཐར་ཐུག་རང་གི་སེམས་ཨིནམ་ལས། དམ་པའི་ཆོས་ནང་ལས། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་འདུལ་བ་ནི་བདེ་བ་འཐོབ། །ཟེར་གསུངས་དོ་བཟུམ། རང་གི་སེམས་བདག་འཛིན་མ་འབད་བ་ཅིན་གཞན་གྱི་སེམས་དཀྲུགས་བཞིནམ་ལས་སྟབས་མ་བདེ་བཟོ་ནི་དང་ རང་ཡང་སྟབས་མ་བདེ་བར་བཟོ་ཚུགས་ཨིན། སེམས་འདི་གཞན་ཕར་བཞག་རིའི་རྒྱལ་པོ་རི་རབ་ཡང་ཐལ་བ་བརླག་བཏང་ཚུགས་པའི་ནུས་པ་ཡོད་ཟེར་གསུངས་བཞག་ནུག མི་ཟེར་མི་འདི་རང་གིས་མནོ་ཤེས་བསམ་ཤེས་ཅིག་ཨིནམ་ལས། ཆོས་དང་འཇིག་རྟེན་གཉིས་ཀ་ལུ་ཕན་པའི་བསླབ་བྱ་རང་གི་ཕ་མ་དང་སློབ་དཔོན་ལས་ལེན་བཞིནམ་ལས་དུས་རྟག་ཏུ་བསམ་པ་བཟང་པོ་བསྐྱེད་ནི་འདི་ལཱ་ཁག་ཨིན་རུང་འབད་བརྩོན་བསྐྱེད་དགོཔ་ཨིན་མས།།

ཚེ་ད་ལྟོ་རང་གི་མིག་གི་མཐོང་ས་ཨིན་མས། ཁམས་གསུམ་འཁོར་བ་འདི་ནང་མི་ལུས་འདྲན་འདྲ་ཐོབ་རུང་། མི་ལ་ལུ་དཔོན་པོ་ཨིན་ཟེར་དབང་ཚད་སྦོམ་ཡོད། མི་ལ་ལུ་སྦྱིན་བདག་ཨིན་ཟེར་རྒྱུ་ནོར་ལེ་ཤ་ཡོད། མི་ལ་ལུ་སྤྱང་ཀ་ཨིན་ཟེར་བཟའ་ནི་མེན་པའི་ཁར་དབང་ཚད་ག་ནི་ཡང་མེད་པར་ཡོད་མི་འདི། དམ་པའི་ཆོས་ནང་། ལམ་འགྲོ་ཆེ་ཆུང་བསོད་ནམས་ཆེ་ཆུ། ཟེར་གསུངས་དོ་བཟུམ། རང་གིས་ཚེ་ཧེ་མ་བསོད་ནམས་བསགས་དང་མ་བསགས་པའི་འབྲས་བུ་ཨིན་མས།

གཞན་སེམས་ཅན་ཐམས་ཅད་ལུ་ བསམ་པ་བཟང་པོ་བསྐྱེད་པ་ཅིན་ཚེ་ད་རེས་རང་གི་ལམ་འགྲོ་ཡང་ལེ་ཤོམ་འགྱོ་མ་ཚད་ ཚེ་ཤུ་མ་ཡང་ལྷ་དང་མིའི་ལུས་རྟེན་ཕུན་སུམ་ཚོགས་པ་འཐོབ་ནི་ཨིན་མས། འཇིག་རྟེན་པའི་ཐ་སྙད་ལུ་ཡང་། ལུས་ནི་སེམས་ཀྱི་གཡོག་པོ་ཨིན། ཟེར་སླབ་སྲོལ་ཡོད་དོ་བཟུམ།  ལུས་ངག་ཡིད་གསུམ་གྱིས་དགེ་བ་དང་ སྡིག་པའི་ལས་ག་ཅི་འབད་རུང་རང་གི་བསམ་པ་འདི་གཙོ་བོ་ཨིནམ་ལས། དུས་ཨ་རྟག་ར་ རང་གཞན་གཉིས་ལུ་ཕན་པའི་བསམ་པ་བཟང་པོ་བསྐྱེད་ནི་འདི་སེམས་ཁར་བཞག་དགོཔ་ཨིན་མས། Changzoe987 (talk) ༠༤:༠༣, ༡༧ སྤྱི་ཟླ་བཅུ་པ། ༢༠༢༥ (UTC)Reply

"https://dz.wikipedia.org/w/index.php?title=User_talk:Changzoe987&oldid=37607" ལས་ སླར་འདྲེན་འབད་ཡོདཔ།