ཏ་ཇིག་ཀིས་ཊཱན། Tajikistan
| ཏ་ཇག་ཀིསི་ཏཱན་ | |||
|
| |||
| རྒྱལ་ས། | |||
| ས་ཁྱོན། | 143 100 km² | ||
| མི་འབོར | 10 786 734 | ||
ངོ་སྤྲོད།
ཏ་ཇིག་ཀིས་ཏཱན་ གཞུང་འབྲེལ་དུ་ ཊ་ཇིག་ཀིས་ཏན་གྱི་མི་སེར་རྒྱལ་ཁབ་ཟེར་མི་འདི་ ཨེ་ཤི་ཡ་གི་དབུས་ཕྱོགས་ལུ་ སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ཅིག་ཨིན། བྱང་ཕྱོགས་ལུ་ ཨཕ་ག་ནིས་ཊཱན་དང་ནུབ་ཕྱོགས་ལུ་ཨུཛ་བེ་ཀིས་ཊཱན་ དེ་ལས་ བྱང་ཕྱོགས་ལུ་ཀིར་གིསི་ཊཱན་དང་ ཤར་ཕྱོགས་ལུ་རྒྱ་ནག་གི་ས་མཚམས་ཚུ་བསྡོམས་ཏེ་ཡོད་མི་གི་རྒྱལ་ཁབ་འདི་ གངས་རི་དང་ ལམ་སྲོལ་ཚུ་ཕྱུགཔོ་ཡོད་པའི་ཁར་ དཔལ་འབྱོར་གོང་འཕེལ་འགྱོ་བའི་བསྒང་ཡོདཔ་ཨིན། རྒྱལ་ཁབ་ནང་ གདོང་ལེན་ཡོད་དེ་རང་འབད་རུང་ རྒྱལ་རབས་དང་མི་སེར་ དེ་ལས་ རང་བཞིན་གནས་སྟངས་ལས་བརྟེན་ཏེ་ གཞན་དང་མ་འདྲ་བའི་ངོ་རྟགས་ཡོད་པའི་རྒྱལ་ཁབ་ཅིག་ཨིན་པས།
ས་ཆ་དང་རྒྱ་ཚད།
ཏ་ཇིག་ཀིས་ཏཱན་གྱིས་ ས་ཆ་རྒྱ་ཚད་ཡུདཔ་ཅིག་ ཀི་ལོ་མི་ཊར་ཨིསི་ཀོཡེར་༡༤༣,༡༠༠ དེ་ཅིག་ཡོདཔ་ལས་ ས་ཆ་རྒྱ་ཚད་ཀྱི་ཐད་ཁར་ ཨེ་ཤི་ཡ་ལྟེ་བའི་ནང་ལུ་ རྒྱལ་ཁབ་ཆུང་ཤོས་ཅིག་སྦེ་ཐོན་ཏེ་ཡོདཔ་ཨིན།
ཏ་ཇིག་ཀིས་ཏཱན་འདི་ འཛམ་གླིང་ནང་ གངས་རི་ལེ་ཤ་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་ད་ འདི་གི་ས་ཁོངས་བརྒྱ་ཆ་ ༩༠ ལྷག་ཙམ་ཅིག་ གངས་རི་གིས་སྤུབས་ཏེ་ཡོདཔ་ཨིན། ས་ཆ་འདི་ པཱ་མིར་གངས་རི་དང་ ཨ་ལེ་རི་རྒྱུད་ཀྱིས་གང་སྟེ་ཡོདཔ་ད་ ཨིས་མོའིལ་སོ་མོ་ནི་རི་རྩེ་འདི་ཡང་ རྒྱལ་ཁབ་ནང་ལུ་ མཐོ་ཚད་མི་ཊར་ ༧༤༩༥ གི་གངས་རི་མཐོ་ཤོས་ཅིག་ཨིན་མས། གཙང་ཆུ་སྦོམ་ཤོས་ བ་ཀཱཤ་དང་པཱནཇ་ཚུ་ སོ་ནམ་དང་ཆུར་བརྟེན་གློག་མེ་གི་དོན་ལུ་ གལ་གནད་ཅན་ཅིག་ཨིན། རྒྱལ་ཁབ་ཀྱི་ས་ཆའི་གདོང་ལེན་ལས་བརྟེན་ སྐྱེལ་འདྲེན་དང་གོང་འཕེལ་ལུ་ཐོ་ཕོག་སྟེ་ཡོད་རུང་ རང་བཞིན་གྱི་མཛེས་ཆ་ གནམ་མེད་ས་མེད་ལེགས་ཤོམ་ཡོད་མི་འདི་ ཧ་ལས་སི་སི་ཅིག་སྦེ་ཡོདཔ་ཨིན་པས།
རྒྱལ་ས་ལྟེ་བ།
རྒྱལ་ས་ལྟེ་བ་འདི་ དུ་ཤཱན་བི་ཨིནམ་དང་ རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཁ་ཐུག་ལུ་ཆགས་ཏེ་ཡོདཔ་ཨིན། དུ་ཤཱན་བི་འདི་ ཁྲོམ་ལམ་རྒྱ་སྦོམ་དང་ སོ་ཝིཊ་རྒྱལ་ཁབ་ཀྱི་བཟོ་རྣམ་གྱི་སྒྲིང་ཁྱིམ་ དེ་ལས་ དེང་སང་གི་གཞི་རྟེན་ཡར་རྒྱས་འགྱོ་བའི་ས་ཁོངས་ཅིག་ཨིན། རྒྱལ་ས་ལྟེ་བ་འདི་ ཏ་ཇིག་ཀིས་ཏཱན་གྱི་ སྲིད་དོན་དང་ དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ཡང་ཨིན་པས།
མི་རློབས།
སྤྱི་ལོ་༢༠༢༤ ཚུན་ཚོད་ ཏ་ཇིག་ཀིས་ཏཱན་གྱི་མི་རློབས་འདི་ ས་ཡ་༡༠ དེ་ཅིག་ཡོདཔ་ཨིན་པས། རྒྱལ་ཁབ་ནང་ མི་རློབས་གཞོནམ་བརྒྱ་ཆ་ ༦༠% དེ་ཅིག་ སྐྱེས་ལོ་ ༣༠ འོག་ལུ་ཡོདཔ་ཨིན་པས། མི་རློབས་མང་ཆེ་ཤོས་ར་ པར་ཤི་ཡཱན་གི་ཡན་ལག་ཨིན་པའི་ ཏ་ཇིག་གི་ཁ་སྐད་སླབ་མི་ ཏ་ཇིག་གི་མི་རིགས་ཚུ་ཨིན། མི་རིགས་སྡེ་ཚན་གཞན་གྱི་གྲངས་སུ་ཨུཛ་བེཀསི། ཨུ་རུ་སུ། ཀར་གིསི། དེ་ལས་ མི་རློབས་ཉུང་བའི་མི་རིགས་ཚུ་ཡོདཔ་ཨིན་པས། ཆོས་ལུགས་རྒྱ་ཆེ་ཤོས་རང་ སུ་ནི་ཟེར་བའི་ ཁ་ཆེའི་ཆོས་ལུགས་ཨིན་ཏེ་འབད་རུང་ ཤི་ཡ་ཆོས་ལུགས་འབད་མི་གི་མི་སྡེ་དང་ ཡེ་ཤུ་པའི་ཆོས་ལུགས་འབད་མི་ཚུ་གྱངས་ཁ་ ཉུང་སུ་སབེ་ཡོདཔ་ཨིན་པས།
ཁྲོམ་ཚོགས།
དུ་ཤཱན་བི་གི་ཁྲོམ་འདི་མ་བརྩི་བར་ ཨེ་ཤི་ཡའི་དབུས་ཕྱོགས་ལུ་ བཟོ་གྲྭ་དང་འབྲེལ་བའི་ས་གོ་རྙིང་ཤོས་ཅིག་ཨིན་མི་ ཁུ་ཇཱན་ཁྲོམ་ཚོགས་དང་ ལྷོ་ཕྱོགས་ལུ་ སོ་ནམ་ཞིང་ལཱ་གི་ལུང་ཕྱོགས་ ཁག་ཆེ་ཏོག་ཏོ་ཅིག་ཨིན་མི་ བོག་ཏར་ཁྲོམ་ཚོགས་ དེ་ལས་ བྱུང་རབས་དང་ལམ་སྲོལ་ལྡན་པའི་ ཀུ་ལོབ་ཁྲོམ་ཚོགས་ཚུ་ཡོདཔ་ཨིན། ཁྲོམ་འདི་ཚུ་གིས་ ལུང་ཕྱོགས་ཀྱི་ཚོང་འབྲེལ་དང་ ཤེས་ཡོན་ དེ་ལས་ གཞུང་སྐྱོང་ནང་ གལ་ཅན་གྱི་ལཱ་འགན་འབགཔ་ཨིན་པས།
གནམ་གཤིས།
ཏ་ཇིག་ཀིསི་ཊཱན་ལུ་ གནམ་བྱཱར་ཚ་ཏོག་ཏོ་དང་ དགུན་ཁོད་སི་སི་སྦེ་ གླིང་ཆེན་གྱི་བསིལ་དྲོད་གནས་སྟངས་ཡོད་པའི་རྒྱལ་ཁབ་ཅིག་ཨིན། ས་གཞི་དམའ་དྲགས་ཚུ་ གནམ་བྱཱར་གྱི་དྲོད་ཤུགས་ཌིགིརི་སེལ་ཤི་ཡཱསི་ ༤༠ ལྷག་ཙམ་འགྱོ་དོ་ཡོདཔ་དང་ གངས་རི་ཡོད་པའི་ལུང་ཕྱོགས་ཚུ་ནང་ བསིལ་ཏོང་ཏོ་སྦེ་ཡོདཔ་ཨིན་པས། གངས་རི་ཚུ་ནང་ གནམ་དགུན་འདི་ཁཝ་ཤུགས་སྦེ་རྐྱབ་སྟེ་ གནམ་མེད་ས་མེད་གྱང་དོ་ཡོདཔ་ཨིན་པས། གངས་རི་གི་ལུང་གཤོང་དག་པ་ཅིག་མ་གཏོགས་ ས་གནས་མང་ཤོས་ཅིག་ནང་ ཆརཔ་ཉུང་སུ་སྦེ་རྐྱབ་ཨིན།
སྲིད་དོན་གྱི་ལམ་ལུགས།
ཏ་ཇིག་ཀིསི་ཊཱན་འདི་ སྲིད་འཛིན་གྱི་དབུ་ཁྲིད་སྦེ་ཡོད་པའི་ མི་སེར་དམངས་གཙོའི་རྒྱལ་ཁབ་ཅིག་ཨིནམ་དང་ སྲིད་འཛིན་འདི་ གཞུང་དང་རྒྱལ་ཁབ་གཉིས་ཆ་ར་གི་དབུ་ཁྲིདཔ་སྦེ་ ཕྱག་ཞུཝ་ཨིན་པས། ཨི་མོ་མ་ལི་ ར་མཱོན་འདི་ སྤྱི་ལོ་༡༩༩༢ ལས་ར་ སྲིད་འཛིན་སྦེ་ཕྱག་ཞུ་ཡོདཔ་ད་ ཁོ་གི་གཞུང་སྐྱོང་འདི་ སྲིད་བྱུས་བརྟན་ཏོག་ཏོ་ཡོདཔ་ཨིན་རུང་ དབང་བཙོང་རིང་ལུགས་དང་ དབང་ཤུགས་དྲག་པོ་ལུ་ སྐྱོན་བརྗོད་འབད་དེ་ཡོདཔ་ཨིན། སྲིད་དོན་གྱི་ལམ་ལུགས་ནང་ལུ་ ཁྲིམས་བཟོའི་ཚོགས་ཁང་གོང་འོག་གཉིས་སྦེ་ཡོད་རུང་ དམངས་གཙོའི་རིང་ལུགས་ཀྱི་གཙུག་སྡེ་འདི་ ཤུགས་མེདཔ་དང་ ལྡོག་ཕྱོགས་ཚོགས་པ་ཡང་ ཚད་གཅིག་ལས་བརྒལ་མིན་འདུག།
དཔལ་འབྱོར།
ཏ་ཇིགག་ཀིས་ཏཱན་གྱི་དཔལ་འབྱོར་འདི་ ཡར་རྒྱས་འགྱོ་བའི་བསྒང་ཨིནམ་མ་ཚད་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ དཔྱ་གསུམ་ལས་དཔྱ་གཅིག་དེ་ཅིག་ ཕྱི་རྒྱལ་ལས་བཏང་བའི་དངུལ་ལུ་ བརྟེན་ཏེ་སྡོདཔ་ཨིན། སྤྱི་ལོ་ ༢༠༢༣ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཡུ་ཨེས་ཌོ་ལུ་ཐེར་འབུམ་ ༡༠.༦ དེ་ཅིག་ཨིན་མས། རྒྱལ་ཁབ་འདི་ སོ་ནམ་དང་ཀ་ལ་བཟོ་སྐྲུན་ དེ་ལས་ ཆུར་བརྟེན་གློག་མེ་ལུ་བརྟེན་ཏེ་སྡོད་ཡོདཔ་ཨིན་པས།
ནང་འདྲེན་འབད་མི་ཚུ་ཡང་ སྣུམ་འཁོར་མར་ཁུ། འཕྲུལ་ཆས། བཟའ་འཐུང་། ཉོ་སྤྱོད་འབད་མིའི་ཅ་ཆས་ཚུ་ཨིན་པས། ཕྱིར་ཚོང་གི་གྲངས་སུ་ ཧ་ཡང་། གསེར། ཀ་བལ། གློག་མེ་ཚུ་ཨིན་པས། ཏ་ཇིག་ཀིས་ཏཱན་གྱིས་ གློག་མེ་དང་འབྲེལ་བའི་ལས་སྡེ་ཚུ་ནང་ མ་རྩ་ཡར་སེང་དང་ དམིགས་བསལ་གྱིས་ རོ་གཱུན་ཆུ་བྱག་ནང་ལུ་ མ་རྩ་བཙུགས་མི་འདི་གིས་ མ་འོངས་པའི་དཔལ་འབྱོར་གོང་འཕེལ་ལུ་ ཐབས་ཤེས་གལ་ཅན་ཅིག་སྦེ་འཐོན་ནི་ཨིན་མས།
ལམ་སྲོལ།
ཏ་ཇིག་གི་ལམ་སྲོལ་འདི་ ཨིས་ལམ་དང་ སོ་བིཡཊ་ལམ་སྲོལ་དང་གཅིག་ཁར་ སླ་བསྲེ་སྟེ་ཡོད་པའི་ པཱར་ཤིཡཱན་གྱི་སྔར་སྲོལ་འདི་ ཤུགས་སྦེ་ཡོདཔ་ཨིན་པས། སྙན་རྩོམ་རིག་པ་ དམིགས་བསལ་གྱིས་ སྔ་རབས་ཀྱི་པར་ཤི་ཡའི་སྙན་ངག་མཁན་ རུ་དར་སྐྱིད་དང་ ཕེར་དོ་སི་གི་ལཱ་ཚུ་ ཏ་ཇིག་གི་ངོ་རྟགས་ཀྱི་གཙོ་བོ་ཅིག་ཨིན། ལམ་སྲོལ་གྱི་དུས་སྟོན་ ནའུ་རུཛ་(པར་ཤི་ཡཱན་ལོ་གསར་) ཚུ་ནང་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ སྔར་སྲོལ་གྱི་བཞེས་སྒོ་ཚུ་ གསལ་སྟོན་འབད་དེ་ རྒྱ་ཆེ་དྲགས་སྦེ་ བརྩི་སྲུང་འབད་དོ་ཡོདཔ་ཨིན་མས།
ལྟ་བཤལ།
ཏ་ཇིག་ཀིསི་ཊཱན་འདི་ ས་ཆ་ལྟ་བཤལ་གྱི་དོན་ལུ་གསང་བའི་ནོར་བུ་ཅིག་ཨིན། པཱ་མིར་གཞུང་ལམ་འདི་ རྐང་འཁོར་གཏང་མི་དང་ ལམ་འགྲུལཔ་འགྱོ་མི་ཚུ་ལུ་ གཡུས་ཚན་མཐའ་ཟུར་དང་ ས་ཆ་དགའ་ཏོག་ཏོ་ཡོདཔ་ལས་ དང་འདོད་སྦོམ་བསྐྱེད་དེ་འོང་དོ་ཡོདཔ་ཨིན་པས། ལྟ་བཤལ་གྱི་ས་གོ་ཚུ་ནང་ ཨིས་ཀཱན་ཌར་ཀུལ་མཚོ་དང་ དང་ཕུའི་ཁྲོམ་ པེན་ཇི་ཀེནཊ་ དེ་ལས་ པཱ་མིར་ལུ་འགྱོ་སའི་རྐང་ལམ་ཚུ་ཚུདཔ་ཨིན། ཨིན་རུང་ གཞི་རྟེན་མཁོ་ཆས་ཀྱི་དཀའ་ངལ་དང་ སྲིད་དོན་བཀག་འཛིན་གྱིས་ ལྟ་བཤལ་གོང་འཕེལ་ལུ་ གདོང་ལེན་འབྱུང་དོ་ཡོདཔ་ཨིན་པས།
གྱོན་ཆས།
གྲོང་གསེབ་ཀྱི་ས་གོ་ཚུ་ནང་ སྔར་སྲོལ་གྱི་གྱོན་ཆས་འདི་ ཁྱབ་ཆེཝ་སྦེ་ར་ཡོདཔ་ཨིན་པས། ཕོ་སྐྱེས་ཚུ་གིས་ བགོ་ལ་རིངམོ་ ཅ་པཱན་ཟེར་མི་འདི་ ཞྭམོ་དང་གཅིག་ཁར་གྱོན་རུང་ ཨམ་སྲུ་ཚུ་གིས་ བགོ་ལ་ཁྲ་ཅོམ་ཅོ་གི་བཟོ་རྣམ་དང་ སྐེ་རས་ཚུ་གྱོན་དོ་ཡོདཔ་ཨིན་པས། ཁྲོམ་གྱི་ས་ཁོངས་ཚུ་ནང་ དམིགས་བསལ་གྱིས་ མི་རབས་གཞོནམ་ཚུ་གི་གྱལ་ཁར་ དེང་སང་ནུབ་ཕྱོགས་ཀྱི་ལུགས་སྲོལ་གྱི་གྱོན་ཆས་ཚུ་ ཁྱབ་ཆེཝ་སྦེ་གྱོན་དོ་ཡོདཔ་ཨིན་པས།
བཞེས་སྒོ།
ཏ་ཇིག་བཞེས་སྒོ་འདི་ པར་ཤི་ཡཱན་དང་ དབུས་ཕྱོགས་ཨེ་ཤི་ཡཱན་ དེ་ལས་ ཨུ་རུ་སུའི་བཞེས་སྒོའི་ལམ་སྲོལ་དང་ འདྲ་དོ་ཡོདཔས་ཨིན། པིལོཔ་ ༼ཤ་དང་ཚོད་བསྲེ་ཚུ་སླ་བསྲེ་བཟོ་བའི་བཞེས་སྒོ་༽ འདི་རྒྱལ་ཡོངས་ཀྱི་བཞེས་སྒོ་ཨིན། གཞན་མི་ཡོངས་གྲགས་ཅན་གྱི་བཞེས་སྒོ་ཚུ་ སམ་ས་ ༼ཤ་གི་བག་ལེབ་༽། ཤུར་བྷོ་ ༼ཤ་ཁུ་༽། ཀུ་རུཊ ༼ཞོ་སྐམ་༽། དེ་ལས་ ནོན་བཟུམ་ལེབ་ཏེག་ཏེ་ཡོད་མི་བཱམ་རོ་ཊི་ཚུ་ཨིན། ཇ་འདི་ཉིན་བསྟར་གྱི་མི་ཚེ་དང་ མགྲོན་སྐྱོང་ནང་མེད་ཐབས་མེད་པའི་བཞེས་སྒོ་ཅིག་ཨིན་པས།
མཇུག་དོན།
ཏ་ཇིག་ཀིས་ཏཱན་འདི་ས་ཆ་དགའ་ཏོག་ཏོ་དང་ ན་གཞོན་མི་རློབས་ དེ་ལས་ ལམ་སྲོལ་སྒྲིང་སྒྲིང་ཡོད་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་ནང་ལུ་ དཔལ་འབྱོར་དང་ སྲིད་དོན་གྱི་གདོང་ལེན་ཚུ་འབྱུང་དོ་ཡོདཔ་ཨིན་རུང་ ལྟ་བཤལ་དང་ རང་བཞིན་ཐོན་སྐྱེད་ དེ་ལས་ ལམ་སྲོལ་གྱི་ཐོག་ལས་ གཞན་དང་མ་འདྲ་བའི་གོ་སྐབས་ཚུ་ འཐོབ་ཚུགས་དོ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ ཡར་རྒྱས་འགྱོ་བའི་བསྒང་ར་ཨིན་རུང་ རང་ལུགས་དང་ལམ་སྲོལ་ཚུ་ རྒྱལ་ཡོངས་ངོ་རྟགས་ཀྱི་སྙིང་པོ་ཅིག་སྦེ་ར་ཡོདཔ་ཨིན།
| ཇ་པཱན་ | ཀྲུང་ཀོ | སོག་པོ་ | ཏའི་ཝཱན་ | ཀམ་བོ་ཌི་ཡ་ | མེ་མར་ | ཐཱའི་ལེནཌ་ | ཝི་ཡཏ་ནམ | ལྷོ་ཀོ་རི་ཡ་ | བྱང་ཀོ་རི་ཡ་ | འབྲུག་ཡུལ་ | རྒྱ་གར་ | ཤྲཱྀ་ལངཀ་ | བལ་ཡུལ་ | བངྒ་ལ་དེཤ་ | མ་ལེ་ཤི་ཡ་ | ཨཕ་ག་ནིསི་ཏཱན་ | ཨི་རཱན་ | ལེ་བཱ་ནཱོན་ | ཨིཛ་རཱེལ་ | ཀུ་ཝེཊ་ | ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊསི་ | ཨུཛ་བེ་ཀིསི་ཏཱན་ | ཏ་ཇག་ཀིསི་ཏཱན་ | ཀ་ཏར་ | བཧ་རེན་ | སའུ་དི་ཨེ་ར་སྦི་ཡ་ |མོང་གོ་ལི་ཡ