བེལ་ཇིཡམ
| བེལ་ཇིཡམ་ Belgique België Belgien | ||
|
| ||
བེལ་ཇི་ཡམ་རྒྱལ་ཁབ་འདི་ ནུབ་ཕྱོགས་ཡུ་རོབ་ཀྱི་རྒྱལ་ཁབ་ཅིག་ཨིནམ་ད་ དེ་གི་ས་མཚམས་ལུ་ ཕཱརན་སི་དང་ ཇར་མ་ནི་ དེ་ལས་ ལུ་ཟེམ་བོརག་དང་ ནེ་དར་ལེནཌ་ཚུ་ཡོདཔ་ཨིན། བྱང་མཚོའི་མཐའ་འཁོར་ལས་ཕར་མཚོ་འགྲམ་ཡོདཔ་ད་ རྒྱ་ཚད་ཀི་ལོ་མི་ཊར་ ༣༠,༦༨༩ (མའིལ་གྲུ་བཞི་མ་ ༡༡,༨༤༩) ཡོདཔ་ཨིན་མས། དེ་གི་ས་གནས་ལྟེ་བ་འདི་གིས་ ཡུ་རོ་པིན་ཚོང་འབྲེལ་དང་སྲིད་དོན་གྱི་ལྟེ་བ་ཅིག་སྦེ་གཙིཝ་ཨིན་མས།
ཧེ་མའི་བྱུང་རབས་དང་མི་རིགས།
བེལ་ཇི་ཡམ་གྱི་བྱུང་རབས་དང་འཁྲིཝ་ད་ རོ་མཱན་རྒྱལ་ཁམས་ཀྱི་ཆ་ཤས་ཅིག་ཨིན་པའི་སྐབས་ བི་སི་ཨི་༥༧ ལུ་འགོ་བཙུགས་ནུག། དེ་ལས་ སྤྱི་ལོ་༡༨༣༠ སྤྱི་ཟླ་༡༠ པའི་ཚེས་༤ ལུ་ ནེ་དར་ལེནཌ་ལས་ རང་དབང་མ་ཐོབ་པའི་ཧེ་མ་ ཕེརེང་ཀིཤ་གི་དབང་ཚད་འོག་ལུ་ཚུད་དེ་ བཱར་གཱན་ཌི་ཡན་དང་ ཨིསི་པེ་ནིཤ་ དེ་ལས་ ཨས་ཊི་ཡན་ནེ་དར་ལེནཌ་གི་ཆ་ཤས་ཅིག་ཨིན་པས།
རྒྱལ་ཁབ་འདི་ མི་རིགས་མ་འདྲཝ་ཡོདཔ་ལས་ བྱང་ཕྱོགས་ལུ་ Flemish (བརྒྱ་ཆ་༦༠) དང་ ལྷོ་ཕྱོགས་ལུ་ Walloons (བརྒྱ་ཆ་༤༠) དེ་ལས་ ཤར་ཕྱོགས་ལུ་ German ཁ་སླབ་མི་མི་སྡེ་ཆུང་ཀུ་ཅིག་ཡོདཔ་ཨིན་མས།
གནམ་གཤིས་དང་ལུང་ཕྱོགས་ཆགས་ཚུལ།
བེལ་ཇི་ཡམ་ལུ་ གནམ་གཤིས་ཚ་དྲོད་དང་ལྡནམ་འབད་ཡོདཔ་ཨིན་མས། དེ་ཡང་ བྱར་གྱི་དུས་ལུ་ ཚ་དྲོད་དང་ལྡམ་དང་ དགུན་གྱི་དུས་ལུ་ བསིལ་དྲགས་ལྡན་ཏོག་ཏོ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ས་ཆའི་ཆགས་ཚུལ་གྱི་ལུང་ཕྱོགས་གསུམ་ལུ་དབྱེ་སྟེ་ཡོདཔ་ཨིན།
༡༽ མཚོ་འགྲམ་གྱི་ཐང་ཆེན་ – བྱེམ་གྱི་མཚོ་འགྲམ་དང་ བྱེ་མའི་ཕུང་ཡོད་མི་ཅིག་ཨིན།
༢༽ དབུས་མཐོ་སྒང་ – ལུང་གཤོངས་དང་ནགས་ཚལ་ཚུ་ཡོད་པའི་ ས་ཞིང་ཅིག་ཨིན།
༣༽ ཨར་ཌེན་ནིསི་ – ཤར་ལྷོ་ཁ་ཐུག་ལུ་ གངས་རི་དང་ནགས་ཚལ་གྱི་ལུང་ཕྱོགས་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་མཐོ་ཤོས་ཅིག་ཨིན་མི་ Signal de Botrange (694 m) ཟེར་མི་འདི་ཨིན།
བཱརུ་སིལ། རྒྱལ་ས་ལྟེ་བ།
བེལ་ཇི་ཡམ་གྱི་རྒྱལ་ས་ལྟེ་བ་འདི་ བཱརུ་སིལ་ཨིནམ་ད་ ས་གནས་དེ་ སྲིད་དོན་གྱི་ གལ་གནད་ཅན་གྱི་ ཁྲོམ་སྡེ་ཅིག་ཨིན་མས། བཱརུ་སིལ་འདི་ བེལ་ཇི་ཡམ་གྱི་དབུས་ཕྱོགས་ལུ་ཆགས་ཡོདཔ་ལས་ ཡུ་རོ་པིན་མཉམ་འབྲེལ་གྱི་ རྒྱལ་ས་ལྟེ་བ་སྦེ་ལཱ་འབདཝ་ཨིན་མས། བཱརུ་སིལ་རྒྱལ་ས་ལྟེ་བའི་ལུང་ཕྱོགས་ནང་ ཁྲོམ་སྡེ་འདི་ནང་ མི་རློབས་༡༨༦༠༠༠ དེ་ཅིག་ཡོད་རུང་ ཁྲོམ་ཆེན་ས་ཁོངས་ནང་ མི་རློབས་ས་ཡ་༢ ལྷགཔ་ཅིག་སྡོད་དོ་ཡོདཔ་ཨིན་མས།
ལོ་རྒྱུས་དང་འཁྲིཝ་ད་ བཱརུ་སིལ་འདི་ དུས་རབས་༡༠ པའི་ནང་ བཙན་རྫོང་ཆུང་ཀུ་ཅིག་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དུས་ཚོད་དང་འཁྲིལ་ཏེ་ ཚོང་འབྲེལ་དང་ལམ་སྲོལ་གྱི་ལྟེ་བ་སྦོམ་ཅིག་ལུ་འགྱུར་ནུག། དུས་རབས་༡༩པ་དང་༢༠པའི་ནང་ སྲིད་དོན་གྱི་ལྟེ་བ་ཁག་ཆེ་ཤོས་ཅིག་ལུ་འགྱུར་ཡོདཔ་དང་ ད་རེས་ནངས་པ་ ཡུ་རོ་པིན་ལྷན་ཚོགས་དང་ ཡུ་རོ་པིན་སྤྱི་ཚོགས་བཟུམ་གྱི་ གཙུག་སྡེ་གཙོ་བོ་ཚུ་ དེ་ཁར་ཡོདཔ་ཨིན་མས།
ས་ཆའི་གནས་སྟངས་ཀྱི་ཐད་ལུ་ བཱརུ་སེལ་འདི་ བེལ་ཇི་ཡམ་གྱི་ལྟེ་བའི་ཉེ་འདབས་ལུ་ཡོདཔ་ལས་ སྐྱེལ་འདྲེན་དང་དཔལ་འབྱོར་གྱི་ལྟེ་བ་གཙོ་བོ་ཅིག་ཨིན། ཁྲོམ་སྡེ་འདི་གི་དཔལ་འབྱོར་དེ་ རྒྱལ་སྤྱིའི་ཚོང་འབྲེལ་དང་དངུལ་ཁང་ དེ་ལས་ གཞུང་སྐྱོང་ཚུ་ལུ་བརྟེན་ཏེ་ ཡར་རྒྱས་འགྱོ་དོ་ཡོདཔ་ད་ དེ་ནང་ རྒྱལ་སྤྱིའི་ལས་འཛིན་དང་ ཕྱི་འབྲེལ་ལས་འགན་ཚུ་ ཤུགས་ཅན་སྦེ་ཡོདཔ་ཨིན། དེ་མ་ཚད་ ལྟ་བཤལ་བཟོ་གྲྭ་ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་ལས་ གཱརན་ཌི་པེལསི་དང་ ཨེ་ཊོ་མིཡམ་ དེ་ལས་ མཱན་ནེ་ཀེན་པིསི་བཟུམ་གྱི་ ས་རྟགས་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན།
བཱརུ་སིལ་ ལུ་ སྐད་ཡིག་གཉིས་ཀྱི་ལུང་ཕྱོགས་ཅིག་སྦེ་ གཞན་དང་མ་འདྲ་བའི་སྲིད་དོན་ལམ་ལུགས་ཀྱི་འོག་ལུ་ ལཱ་འབད་དོ་ཡོདཔ་ད་ དེ་ནང་ French དང་ Dutch གཉིས་ཆ་ར་ གཞུང་འབྲེལ་གྱི་སྐད་ཡིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན། བེལ་ཇི་ཡམ་སྤྱི་གཞུང་ལུང་ཕྱོགས་གསུམ་གྱི་གྲལ་ལས་གཅིག་སྦེ་ལཱ་འབད་དེ་ ལམ་སྲོལ་སྣ་མང་གི་ཁྱད་ཆོས་ཚུ་ གསལ་སྟོན་འབདཝ་ཨིན་མས།
མི་རློབས།
སྤྱི་ལོ་༢༠༢༣་ཚུན་ བེལ་ཇི་ཡམ་ལུ་ མི་རློབས་ས་ཡ་༡༡.༧ ཡོདཔ་ད་ མཐུག་ཚད་ཀི་ལོ་མི་ཊར་རེ་ལུ་ མི་རློབས་༣༨༢ ཡོདཔ་ཨིན་པས། རྒྱལ་ས་ལྟེ་བ་ བཱརུ་སིལ་ལུ་ མི་སྟོང་ཕྲག་༡༨༦ དེ་ཅིག་ཡོད་རུང་ ཁྲོམ་ཆེན་ནང་ མི་ས་ཡ་༢.༡ ལྷགཔ་ཅིག་ སྡོད་དོ་ཡོདཔ་ཨིན་པས། ཁྲོམ་ཚོགས་ཀྱི་མི་རློབས་བརྒྱ་ཆ་༩༨ དེ་ཅིག་ཡོདཔ་ལས་ བེལ་ཇི་ཡམ་འདི་ ཡུ་རོབ་ཀྱི་ཁྲོམ་ཚོགས་ཅན་གྱི་རྒྱལ་ཁབ་ཅིག་ཨིན།
ཆོས་ལུགས།
ཀེ་ཐོ་ལིག་རྒྱལ་ཁབ་ཅིག་ཨིན་མི་ བེལ་ཇི་ཡམ་ནང་ ཆོས་ལུགས་ལུ་ བརྩི་མཐོང་མར་ཕབ་འགྱོ་དོ་ཡོདཔ་ཨིན་པས། ད་རེས་ནངས་པ་ བེལ་ཇི་ཡམ་གི་མི་བརྒྱ་ཆ་༥༠ གིས་ ཡེ་ཤུའི་ཆོས་ལུགས་འཛིན་མི་ཨིནམ་སྦེ་ངོས་འཛིན་འབད་དོ་ཡོདཔ་ད་ བརྒྱ་ཆ་༣༢ དེ་ཅིག་གིས་ ཆོས་ལུགས་མེན་མི་དང་ བརྒྱ་ཆ་༧ དེ་ཅིག་གིས་ ཨིསི་ལམ་ལུ་དད་པ་བསྐྱེདཔ་ཨིན་མས། རྩ་ཁྲིམས་ཆེན་མོ་གིས་ ཆོས་ལུགས་ཀྱི་རང་དབང་བྱིན་ཡོདཔ་ད་ བེལ་ཇི་ཡམ་གྱིས་ གཞུང་འབྲེལ་དུ་ ཇིའུ་དང་ནང་པའི་ཆོས་ལུགས་རྩིས་ཏེ་ ཆོས་ལུགས་དྲུག་ལུ་ ངོས་ལེན་འབད་དེ་ཡོདཔ་ཨིན་པས།
སྒྱུ་རྩལ་དང་ལམ་སྲོལ།
བེལ་ཇི་ཡམ་འདི་ སྒྱུ་རྩལ་གྱི་སྲོལ་རྒྱུན་ཕྱུགཔོ་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་ད་ ཡོངས་གྲགས་ཅན་གྱི་རི་མོ་བ་ Jan van Eyck དང་ Pieter Bruegel དེ་ལས་ René Magritte ཚུ་བཏོན་དོ་ཡོདཔ་ཨིན་མས། འདི་ཡང་ ཊིན་ཊིན་དང་ ཨིསི་མཱརཕ་གི་སྐྱེས་སའི་ས་གནས་ཨིནམ་ལས་ དགོད་བྲོའི་རིགས་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན་མས། བེལ་ཇི་ཡམ་ གི་ལམ་སྲོལ་འདི་ French དང་ Dutch གི་ལམ་སྲོལ་ཚུ་གིས་ ཤུགས་སྦེ་ར་ཤན་ཞུགས་འབད་དེ་ཡོདཔ་ལས་ སྒྱུ་རྩལ་དང་སྙན་ཆ་ དེ་ལས་ བཟོ་རིགས་ཚུ་ གཞན་དང་མ་འདྲ་བའི་སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན།
རང་ལུགས་ཀྱི་གྱོན་ཆས།
དེང་སང་ནུབ་ཕྱོགས་ཀྱི་གྱོན་ཆས་ཚུ་ ཡོངས་གྲགས་ཡོད་རུང་ བེལ་ཇི་ཡམ་གྱི་རང་ལུགས་གྱོན་ཆས་འདི་ དུས་སྟོན་ཚུ་གི་དོན་ལུ་ ཉམས་སྲུང་འབད་དེ་ཡོདཔ་ཨིན་མས། Flemish གི་མི་སྡེའི་གྱོན་ཆས་ནང་ བལ་གྱི་གྱོན་ཆས་དང་ མཛེས་རྒྱན་ཚུ་ཚུདཔ་ཨིནམ་ད་ Walloon གི་རང་ལུགས་གྱོན་ཆས་ནང་ ཐགས་འཐག་ཡོད་པའི་ གྱོན་ཆས་ཚུ་ཚུདཔ་ཨིན་པས། བེལ་ཇི་ཡམ་འདི་ཡང་ དྲིསི་ཝན་ནོ་ཊེན་དང་ རཕ་སི་མོན་བཟུམ་གྱི་ མཐོ་རིམ་གྱོན་ཆས་ཚོང་རྟགས་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན་མས།
རྩེད་རིགས།
རྐང་རྩེད་འདི་ བེལ་ཇི་ཡམ་གྱི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ བེལ་ཇི་ཡམ་གྱི་རྒྱལ་ཡོངས་སྡེ་ཚན་ རེཌ་ཌི་ཝིལསི་འདི་ འཛམ་གླིང་ནང་ དྲག་ཤོས་ཚུ་གི་གྲངས་སུ་ཚུད་དེ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ རྐང་རྩེདཔ་དྲག་ཤོས་དང་ཡོངས་དྲག་ཡོད་མི་ ཨི་ཌེན་ཧ་ཟརཌ་དང་ ཀེ་ཝིན་ཌི་བུརུའིན་ཚུ་ཡོདཔ་ཨིན། རྐང་འཁོར་རྒྱུག་ནི་འདི་ཡང་ཁག་ཆེ་ཤོས་ཅིག་ཨིནམ་དང་ འདི་ཡང་ Eddy Merckx དང་ བེལ་ཇི་ཡམ་ གིས་ Flanders གི་ལྟ་བཤལ་པ་ཚུ་གིས་ འཕྲལ་འཕྲལ་རང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན། ཊེ་ནིསི་དང་ ཕིལཌ་ཧོ་ཀི་ དེ་ལས་ མོ་ཊར་རྩེད་རིགས་ཚུ་ཡང་ ཁྱབ་ཆེཝ་སྦེ་ རྩེད་གསོལ་ཡོདཔ་ཨིན།
ཆབ་སྲིད་ལམ་ལུགས་དང་གཞུང་སྐྱོང་།
བེལ་ཇི་ཡམ་འདི་ རྩ་ཁྲིམས་ཆེན་མོའི་ རྒྱལ་བརྒྱུད་རྒྱལ་ཁབ་ཅིག་ཨིནམ་ད་ སྤྱི་ཚོགས་ཀྱི་དམངས་གཙོའི་རིང་ལུགས་ཡོདཔ་ཨིན། ད་རེས་ནངས་པའི་རྒྱལཔོ་ ཕི་ལིཔ་གིས་ སྤྱི་ཟླ་༧ པའི་ཚེས་༢༡ ལས་ རྒྱལ་སྲིད་བསྐྱོངས་ཡོདཔ་ད་ ད་རེས་ བློན་ཆེན་ ཨེ་ལེགས་ཟན་ཌར་ཌི་ཀྲུ་གིས་ གཞུང་གི་འགོ་ཁྲིད་འབད་དོ་ཡོདཔ་ཨིན་པས།
བེལ་ཇི་ཡམ་འདི་ མངའ་སྡེ་གསུམ་ལུ་དབྱེ་སྟེ་ཡོདཔ་ཨིན།
༡༽ ཕ་ལན་ཌར་ ༼ཌཆ་སྐད་སླབ་མི༽
༢༽ ཝ་ལོ་ནི་ཡ་ ༼ཧྥ་རན་སིའི་སྐད་སླབ་མི༽
༣༽ བྷུ་རུ་སེལ་ ༼རྒྱལ་ས་ལྟེ་བ༽
དེ་མ་ཚད་ མངའ་སྡེ་༡༠ དང་ ཁྲོམ་སྡེ་༥༨༡ ཡོདཔ་ཨིན་པས།
ཕྱི་འབྲེལ།
བེལ་ཇི་ཡམ་འདི་ ཡུ་རོབ་དང་ ནེ་ཊོ་ ཡུ་ཨེན་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ གཞི་བཙུགས་འཐུས་མི་ཅིག་ཨིན། ཁྱིམ་ཚང་རྒྱལ་ཁབ་ཚུ་དང་ མཐུན་ལམ་དམ་ཟབ་བཞག་སྟེ་ ཡུ་རོ་པིན་དང་ འཛམ་གླིང་སྲིད་དོན་ནང་ འགན་ཁུར་གཙོ་བོ་འབགཔ་ཨིན་པས། བཱརུ་སིལ་ལུ་ ཡུ་རོ་པིན་ལྷན་ཚོགས་དང་ ནེ་ཊོ་ཡིག་ཚང་ལྟེ་བ་ཚུ་རྩིས་ཏེ་ རྒྱལ་སྤྱིའི་གཙུག་སྡེ་སྦོམ་ཚུ་ གཞི་བཙུགས་འབད་ནིའི་གོ་སྐབས་བྱིན་དོ་ཡོདཔ་ཨིན་མས།
སྐད་ཡིག་དང་ཤེས་རིག།
བེལ་ཇི་ཡམ་ལུ་གཞུང་འབྲེལ་སྐད་ཡིག་གསུམ་ཡོདཔ་ཨིན།
༡༽ ཕ་ལེནཌར་ལུ་ ཌཆ་ (༦༠%) སླབ་ཨིན།
༢༽ ཕ་རཱན་སིའི་སྐད་ཡིག་ (བརྒྱ་ཆ་༤༠) ཝ་ལོ་ནི་ཡ་དང་ བཱརུ་སེལ་སི་ལུ་སླབ་ཨིན།
༣༽ ཤར་ཕྱོགས་སུ་སླབ་པའི་འཇར་མན་སྐད། (<1%)
ཤེས་རིག་གི་ལམ་ལུགས་འདི་ ལེགས་ཤོམ་སྦེ་གོང་འཕེལ་འགྱོ་སྟེ་ཡོདཔ་ལས་ སྐྱེས་ལོ་༡༨ ཚུན་ཚོད་ རིན་མེད་སྟོང་པ་སྦེ་ སློབ་གྲྭ་ནང་ ཤེས་ཡོན་བྱིན་དོ་ཡོདཔ་ཨིན། KU Leuven དང་ Ghent གཙུག་ལག་སློབ་སྡེ་བཟུམ་གྱི་གཙུག་ལག་སློབ་སྡེ་ཚུ་ ཡུ་རོབ་ཀྱི་ དྲག་ཤོས་ཚུ་གི་གྲངས་སུ་ཚུདཔ་ཨིན།
དཔལ་འབྱོར།
བེལ་ཇི་ཡམ་ལུ་ དཔལ་འབྱོར་གོང་འཕེལ་སྦོམ་སྦེ་འགྱོ་སྟེ་ཡོདཔ་ལས་ རྒྱལ་ཡོངས་ནང་འོང་འབབ་ ཡུ་ཨེས་ཌོ་ལར་ཐེར་འབུམ་༦༤༢ དང་ མི་རེའི་ནང་འོང་འབབ་ ཡུ་ཨེས་ཌོ་ལར་༥༤༨༠༠ ཨིན་པས།(༢༠༢༣)
རྒྱལ་ཡོངས་དངུལ་ལོར་ཡུ་རོབ་ (€) ཨིན། དཔལ་འབྱོར་དེ་ ཕྱིར་ཚོང་ལུ་བརྟེན་ཏེ་ ཐོན་སྐྱེད་གཙོ་བོ་ཚུ་ འཕྲུལ་ཆས་དང་སྨན་རིགས་ དེ་ལས་ རྡོ་རྗེ་ཕ་ལམ་ཚུ་ཨིན་པས། བེལ་ཇང་ཡམ་ གྱི་ཚོང་འབྲེལ་མཉམ་འབྲེལ་པ་ངོ་མ་འདི་ ཇར་མ་ནི་ ཕཱརན་སི་དང་ ནེ་དར་ལེནཌ་ཚུ་ཨིན་མས།
ལྟ་བཤལ།
བེལ་ཇི་ཡམ་ལུ་ ལོ་བསྟར་བཞིན་དུ་ ལྟ་བཤལཔ་ས་ཡ་༡༠ ལྷགཔ་ཅིག་ འོང་དོ་ཡོདཔ་ཨིན་པས། ཡོངས་གྲགས་ཅན་གྱི་མཛེས་ལྗོངས་ཁག་ཡང་
- བཱརུ་སེལ་ – གྷྲན་ཌི་པེལེསི་དང་ ཨེ་ཊོ་མིཡམ་ དེ་ལས་ ཡུ་རོབ་ཀྱི་གཙུག་སྡེ་ཚུ་ཨིན།
- Bruges – དུས་རབས་བར་མའི་ཁྲོམ་ཚོགས་ཅིག་ནང་ ཆུ་གཡུར་དང་ རྒྱལ་རབས་ཅན་གྱི་སྒྲིང་ཁྱིམ་ཚུ་ཡོདཔ་ཨིན།
- ཨེན་ཊི་ཝརཔ་ – འཛམ་གླིང་རྡོ་རྗེ་ཕ་ལམ་ཚོང་འབྲེལ་ལྟེ་བ་དང་ ང་བཅས་རའི་ཨམ་སྲུའི་ལྷ་ཁང་གི་ཁྱིམ།
- གྷེནཊ་ – གྷི་རེ་ཝེན་སི་ཊིན་བཙན་རྫོང་དང་ སེནཊ་བཱ་ཝོ་གི་ལྷ་ཁང་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན།
བེལ་ཇི་ཡམ་འདི་ ཅོག་ལེ་ཊི་དང་ ཝ་ཕེལ་ བི་ཡར་ དེ་ལས་ ལམ་སྲོལ་གྱི་དུས་སྟོན་ ཊོམ་རོ་ལེནཌ་དང་ ཀར་ནི་ཝལ་ཨོཕ་བིན་ཆི་ཚུ་གི་དོན་ལུ་ཡང་ ཡོངས་གྲགས་ཡོདཔ་ཨིན།
མཇུག་དོན།
བེལ་ཇི་ཡམ་འདི་ རྒྱལ་རབས་ཕྱུགཔོ་དང་ དཔལ་འབྱོར་སྒྲིང་སྒྲིང་ དེ་ལས་ འཛམ་གླིང་སྲིད་དོན་གྱི་ གལ་གནད་ཅན་གྱི་ རྒྱལ་ཁབ་མ་འདྲཝ་དང་ ཤན་ཞུགས་ཅན་གྱི་ རྒྱལ་ཁབ་ཅིག་ཨིན། བེལ་ཇི་ཡམ་གྱིས་ དུས་རབས་བར་མའི་ཁྲོམ་ཚོགས་ལས་ དེང་སང་གི་གཙུག་སྡེ་ཚུན་ཚོད་ ཡུ་རོབ་ཀྱི་ལམ་སྲོལ་དང་གཞུང་སྐྱོང་བཟོ་ནི་ལུ་ ཁག་ཆེ་བའི་འགན་ཁུར་འབག་སྟེ་འདུག།
རྒྱབ་རྟེན་ཐོ།
https://en.wikipedia.org/wiki/Belgium
https://en.wikipedia.org/wiki/City_of_Brussels
| བེ་ལ་རུ་སུ་ | གིརིསི་ | ཇཱར་མ་ནི་ | ཡུ་ནའི་ཊེཊ་ཀིང་ཌམ་ | ཨྀཊ་ལི་ | ཕརཱནསི་ | སིཔཱེན་ | པོར་ཅུ་གལ་ | སུའི་ཌན་ | ནོ་ཝེ་ | ནེ་དར་ལེནཌསི་ | བེལ་ཇིཡམ་ | ཌེན་མཱཀ་ | ཕིན་ལེནཌ་ | ཨའིསི་ལེནཌ་ | ཀོ་སོ་བྷོ། | ཨས་ཊི་ཡ་ | ཨའིརི་ལེནཌ | ཨིསི་ཊོ་ནི་ཡ་ | ཨཱལ་བེ་ནི་ཡ། | སུའིཊ་ཛར་ལེན་ | ཅེཀ་རི་པབ་ལིཀ་ | སི་ལོ་པ་ཀེ་ | ལི་ཐུ་ནི་ཡ། | ཀུརོ་ཤི་ཡ | བ་ཊི་ཀཱན་ | ལེཊི་བི་ཡ | སི་ལོ་ཝེ་ཉི་ཡ | ཨའིརི་ལེནཌ་ | ཨས་ཊི་ཡ | བཱུལ་གཱ་རི་ཡ། ཕཱ་རོ་གླིང་ཕྲན། | |