Jump to content

བེ་ལ་རུ་སུ་

Wikipedia ལས།
བེ་ལ་རུ་སུ
Беларусь

བེ་ལ་རུས་ཟེར་མི་འདི་ གཞུང་འབྲེལ་གྱི་ཐོག་ལས་ བེ་ལ་རུས་སྤྱི་མཐུན་རྒྱལ་ཁབ་ཟེར་སླབ་ཨིན། རྒྱལ་ཁབ་འདི་སྐོབས་ཚུད་ཅན་དང་ ཤར་ཡུ་རོབ་ཀྱི་ས་གནས་ནང་ཚུདཔ་ཨིན། རྒྱལ་ཁབ་འདི་ནང་ སྲིད་དོན་གྱི་འགྱུར་བ་དང་ གཞན་དང་མ་འདྲ་བའི་ལམ་སྲོལ་གྱི་ངོ་རྟགས་ དེ་ལས་ བྱུང་རབས་ཕྱུགཔོ་སྦེ་ཡོདཔ་ལས་ ཡུ་རོབ་ཀྱི་དབུས་ཕྱོགས་ལུ་ གཞན་དང་མ་འདྲ་བའི་རྒྱལ་ཁབ་ཅིག་ཨིན་མས།

ཧེ་མའི་བྱུང་རབས།

བེ་ལ་རུས་ཀྱི་བྱུང་རབས་འདི་ དུས་རབས་སོ་སོ་ནང་ རྒྱལ་ཁམས་མ་འདྲཝ་དང་ མངའ་སྡེ་ དེ་ལས་ ས་ཆའི་སྲིད་དོན་མ་འདྲཝ་ཆགས་ཡོད་པའི་རྒྱལ་ཁབ་ཅིག་ཨིན་པས། རྒྱལ་ཁབ་འདི་གི་བྱུང་རབས་འདི་ དུས་རབས་༩ པའི་ནང་ལས་ འགོ་བཙུགས་ཡོདཔ་ད་ འདི་ཡང་ ས་གཞི་འདི་ ཤར་ཕྱོགས་སེ་ལེ་བིཀ་གི་མི་རིགས་ཚུ་གིས་ འགོ་ཐོག་ཆགས་ཡོདཔ་སྦེ་ཨིན་པས། དུས་རབས་༡༣ པ་ལས་༡༨ པ་ཚུན་ཚོད་ དུས་རབས་བར་མའི་ ལི་ཐུ་ཝེ་ནི་ཡ་གི་ཌ་ཆི་མི་རིགས་ཀྱི་ ཆ་ཤས་ཅིག་ཨིན་མས། དུས་རབས་༡༨ པའི་མཇུག་ལུ་ བེ་ལ་རུས་འདི་ པོ་ལེནཌ་ཁ་ཕྱེ་འགྱོ་བའི་དུས་སྐབས་ལུ་ ར་ཤི་ཡའི་རྒྱལ་ཁམས་ཀྱི་ཆ་ཤས་ཅིག་ལུ་སྒྱུརཝ་མ་ཚད་ ཡར་རྒྱས་ཀྱི་དུས་ཚོད་ཡང་ མཇུག་བསྡུ་ཡོདཔ་ཨིན་པས།

ར་ཤི་ཡའི་རྒྱལ་ཁམས་ཀྱིས་ བེ་ལ་རུ་སི་འདི་ དུས་རབས་༢༠ པ་འགོ་བཙུགས་ཚུན་ཚོད་ འཛིན་སྐྱོང་འབད་ནུག། སྤྱི་ལོ་ ༡༩༡༧ ལོའི་ནང་ ར་ཤི་ཡའི་རྒྱལ་ཁམས་ནང་ལུ་ གཞུང་རྒོལ་འབྱུང་བའི་ཤུལ་ལས་ བེ་ལ་རུས་ཀྱིས་ ༡༩༡༨ ལོར་རང་དབང་སྡོད་ནིའི་ གསལ་བསྒྲགས་འབད་ནུག། ཨིན་རུང་ སྤྱི་ལོ་ ༡༩༢༢ ལུ་ སོ་ཝེཊ་ཡུ་ནིའོན་གི་ནང་ན་ བེ་ལ་རུ་སི་སོ་ཝེཊ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཟེར་ མཉམ་བསྡབ་འབད་ནུག། འཛམ་གླིང་དམག་ཆེན་གཉིས་པ་གིས་ རྒྱལ་ཁབ་འདི་ མེདཔ་བཏང་ཡོདཔ་ལས་ ན་ཟཱི་གིས་ དབང་བཟུང་འབད་བའི་སྐབས་ མི་རློབས་དང་ གཞི་རྟེན་མཐུན་རྐྱེན་ཚུ་ མང་ཤོས་ཅིག་མེདཔ་བཏང་ནུག།

སྤྱི་ལོ་༡༩༩༡ ལུ་ སོ་ཝེཏ་ཡུ་ནི་ཡན་ཧྲམ་འགྱོ་བའི་ཤུལ་ལས་ བེ་ལ་རུས་ཀྱིས་ སྤྱི་ལོ་༡༩༩༡ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ རང་དབང་གསལ་བསྒྲགས་འབད་ནུག། དེ་ལས་ཚུར་ རྒྱལ་ཁབ་འདི་ རང་དབང་ཅན་གྱི་རྒྱལ་ཁབ་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན། སྲིད་དོན་ལམ་ལུགས་འདི་ མང་ཆེ་བ་དབང་ཚད་ཅན་གྱིས་འོག་ལུ་ ལུས་ཡོདཔ་ཨིན་པས། དམིགས་བསལ་དུ་ ༡༩༩༤ ལས་ཚུར་ དབང་ཚད་འདི་ སྲིད་འཛིན་ ཨེ་ལེགས་ཟེན་ཌར་ ལུ་ཀ་ཤེན་ཀོ་ གི་སྲིད་སྐྱོང་འབད་དེ་ཡོདཔ་ཨིན།

ས་ཆ་དང་རྒྱ་ཚད།

བེ་ལ་རུ་སི་གི་སའི་རྒྱ་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་༢༠༧,༦༠༠ དེ་ཅིག་ཡོདཔ་ལས་ ཡུ་རོབ་ཀྱི་རྒྱལ་ཁབ་སྦོམ་ཤོས་༡༣ པ་ཨིན་པས། བེ་ལ་རུ་སི་གི་ཤར་དང་བྱང་ལུ་ ར་ཤི་ཡ་དང་ ལྷོ་ལུ་ ཡུ་ཀེ་རེན་ ནུབ་ལུ་ པོ་ལེནཌ་ ནུབ་བྱང་ལུ་ ལི་ཐུ་ཝེ་ནི་ཡ་དང་

ལཊ་ཝི་ཡ་ཚུ་དང་ ས་མཚམས་མཐུད་དེ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ མང་ཤོས་ཅིག་རང་ ས་སྟོང་སྦེ་ཡོདཔ་ལས་ ནགས་ཚལ་སྦོམ་དང་ རླན་གཤེར་གྱི་ས་ཆ་ཡོད་པའི་གུར་ གཙང་ཆུ་སྦོམ་ ཌི་ནི་པར་དང་ པྲི་པི་ཡཱཏ་ དེ་ལས་ ནེ་མཱན་ཚུ་ཡོདཔ་ཨིན་པས། ས་ཆ་བརྒྱ་ཆ་༤༠ དེ་ཅིག་ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ལས་ རྒྱལ་ཁབ་འདི་ རང་བཞིན་ལྡན་པའི་གུར་ཕུན་སུམ་ཚོགས་པའི་ མིང་གཏམ་ཅན་ཅིག་སྦེ་ཡོདཔ་ཨིན་པས།

གནམ་གཤིས་ཚ་དྲོད་ལྡན་ཏོག་ཏོ་ཡོདཔ་དང་ གནམ་དགུན་འདི་བསིལ་དྲགས་དང་ གནམ་བྱཱར་འདི་ཚ་དྲོད་རན་ཏོག་ཏོ་ཡོདཔ་ཨིན་པས། བེ་ལ་རུས་ལུ་ ཁོང་རའི་ས་ཁོངས་ཀྱི་གླིང་ཆེན་གྱི་གནམ་གཤིས་ཀྱི་ཉམས་མྱོང་འབྱུང་དོ་ཡོདཔ་དང་དེ་ནང་ གནམ་དགུན་འདི་དུས་ཡུན་རིངམོ་སྦེ་ ཁཝ་རྐྱབ་དོ་ཡོདཔ་དང་ གནམ་བྱཱར་འདི་དུས་ཡུན་ཐུང་ཀུ་དང་ ཚ་དྲོད་ཆེ་སུ་སྦེ་ཡོདཔ་ཨིན་པས། ས་ཆའི་རང་བཞིན་གནས་སྟངས་འདི་ མཚོ་དང་ནགས་ཚལ་སྟུག་དྲགས་ཡོད་མི་འདི་གིས་ རང་བཞིན་ལུ་དགའ་མི་ཚུ་གི་དོན་ལུ་ ལྟ་སྐོར་འབད་སའི་ རྒྱལ་ཁབ་ཅིག་ལུ་འགྱུར་དོ་ཡོདཔ་ཨིན།

མིན་སི་ཀ། རྒྱལ་ས་ལྟེ་བ།

བེ་ལ་རུས་ཀྱི་རྒྱལ་ས་ལྟེ་བ་འདི་ མིན་སི་ཀ་ཨིནམ་ད་ འདི་ཤར་ཕྱོགས་ཡུ་རོབ་ལུ་ཆགས་ཡོདཔ་ཨིན་པས། མིན་སི་ཀ་འདི་ རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ ཆགས་ཡོདཔ་ཨིན་པས། མིན་སི་ཀ་འདི་ བེ་ལ་རུས་ཀྱི་དབུས་ཕྱོགས་ལུ་ཆགས་ཡོདཔ་ལས་ སྐྱེལ་འདྲེན་དང་ཚོང་འབྲེལ་གྱི་ ཐབས་བྱུས་ལྟེ་བ་ཅིག་ལུ་འགྱུར་ཡོདཔ་ཨིན། ཁྲོམ་འདི་ གཙང་ཆུ་བདའ་སྟེ་ཆགས་ཡོདཔ་ལས་ མཛེས་ཆ་དང་ལྡནམ་འབད་ཡོདཔ་ཨིན། ཞིབ་འཚོལ་དང་འཁྲིལ་བ་ཅིན་ མིན་སི་ཀ་ལུ་ མི་རློབས་ས་ཡ་༢ དེ་ཅིག་ཡོདཔ་ལས་ བེ་ལ་རུས་ཀྱི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་མ་ཚད་ ལུང་ཕྱོགས་འདི་ནང་ ཁྲོམ་ཚོགས་ལྟེ་བ་གལ་ཅན་ཅིག་ཡང་ཨིན་པས།

མི་དང་ལམ་སྲོལ།

སྤྱི་ལོ་༢༠༢༠ ལུ་འབད་བ་ཅིན་ བེ་ལ་རུ་སི་ལུ་ མི་རློབས་ས་ཡ་༩.༥ དེ་ཅིག་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ནང་ མི་རིགས་མང་ཤོས་ཅིག་ བེ་ལ་རུ་ཤི་ཡཱན་ཨིནམ་དང་ ཁོང་ཚུམི་རློབས་ཡོངས་བསྡོམས་ལས་བརྒྱ་ཆ་༨༥ དེ་ཅིག་ཡོདཔ་ཨིན་པས། དེ་ལས་ ར་ཤི་ཡ་གི་མི་རིགས་ཡོདཔ་དང་ ཁོང་ཚུ་མི་རློབས་བརྒྱ་ཆ་༨ དེ་ཅིག་ཡོདཔ་ད་ དེ་ལས་ མི་རིགས་གཞན་འདི་ པཱོལསི་༼བརྒྱ་ཆ་༣.༡༽ དང་ ཡུ་ཀེ་རེན་༼བརྒྱ་ཆ་༡.༧༽ དེ་ལས་ ཇི་ཨུསི་ཚུ་ཨིན་མས། ཆོས་ལུགས་ཀྱི་ཐད་ཁར་ བརྒྱ་ཆ་༩༡ གིས་ཀིརིསི་ཊིཡཱན་ནི་ཊི། བརྒྱ་ཆ་༨༣.༣ གིས་ཨིསི་ཊན་ཨོར་ཐོ་ཌོག་སི། བརྒྱ་ཆ་༧.༧ གིས་ཀིརིསི་ཊིཡཱན་གཞན་མི། བརྒྱ་ཆ་༧.༨ ལུ་ཆོས་མེད། བརྒྱ་ཆ་༡.༢ གིས་ཆོས་ལུགས་གཞན་སྟོན་དོ་ཡོདཔ་ཨིན་པས། བེ་ལ་རུ་སི་ལུ་ གཞུང་འབྲེལ་དུ་ སྐད་ཡིག་གཉིས་སྟོན་མི་རྒྱལ་ཁབ་ཅིག་ཨིནམ་ལས་ ཁ་སྐད་བེ་ལ་རུ་ཤི་ཡ་དང་ ར་ཤི་ཡ་གཉིས་ཆ་ར་ གཞུང་འབྲེལ་གྱི་སྐད་ཡིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས། ཨིན་རུང་ ཉིན་བསྟར་བཞིན་གྱི་ལག་ལེན་ནང་ ར་ཤི་ཡའི་སྐད་ཡིག་འདི་ ཁྱབ་ཆེ་ཤོས་ཅིག་ཨིནམ་ད་ བེ་ལ་རུ་ཤི་ཡན་གྱི་སྐད་ཡིག་འདི་ ལམ་སྲོལ་དང་རྩོམ་རིག་གི་སྐབས་ལུ་ མང་ཆེ་སུ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན།

གཞུང་སྐྱོང་།

བེ་ལ་རུས་འདི་ སྲིད་འཛིན་གྱི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིནམ་ད་ སྲིད་འཛིན་གྱིས་ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ གཞུང་གི་འགོ་ཁྲིདཔ་གཉིས་ཆ་རའི་འགན་ཁུར་འབགཔ་ཨིན། སྲིད་དོན་ལམ་ལུགས་འདི་ སྤྱི་ལོ་༡༩༩༤ ལས་ སྲིད་འཛིན་ སྲིད་འཛིན་ཨེ་ལེག་ཟན་ཌར་ལུ་ཀ་ཤེན་ཀོ་གིས་ དབང་ཚད་བཟུང་ཡོདཔ་ཨིན། ལུ་ཀ་ཤེན་ཀོ་གིས་ ཉོག་བཤད་ཅན་གྱི་བཙག་འཐུ་ནང་ ཚར་ལེ་ཤ་ཅིག་རང་ ལོག་སྟེ་རང་ བཙག་འཐུ་གྲུབ་ཡོདཔ་ལས་ རྒྱལ་ཁབ་ཕྱི་ནང་གཉིས་ལས་ སྐྱོན་བརྗོད་འབད་ཡོདཔ་ཨིན་པས། ཁོ་གི་གཞུང་གི་དབང་ཚད་འདི་ག་ར་ལེན་ཏེ་ སྲིད་དོན་གྱི་ལྡོག་ཕྱོགས་ཚུ་ མར་གནོན་འབད་དེ་ བརྡ་བརྒྱུད་དང་ཞི་བའི་མི་སྡེ་ལས་ཚོགས་ཚུ་ རང་དབང་ཚད་འཛིན་འབད་དེ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༠ སྤྱི་ཟླ་༨ པའི་ནང་ འགོ་འདྲེན་འཐབ་མི་བཙག་འཐུ་ནང་ གཡོ་སྒྱུ་འབད་ཡོད་པའི་ཐོབ་བརྗོད་བཀོད་པའི་ཤུལ་ལས་ ངོ་རྒོལ་དང་ འུར་ཟིང་ལེ་ཤ་ཐོན་ཡོདཔ་ད་ ལུ་ཀ་ཤེན་ཀོ་གིས་ཚོགས་རྒྱན་བརྒྱ་ཆ་༨༠ འཐོབ་མི་འདི་འོས་འབབ་མེདཔ་སྦེ་ བཤད་ཡོདཔ་ཨིན་པས། ངོ་རྒོལ་གྱི་ལས་རིམ་ཚུ་ གཞུང་གིས་དྲག་པོའི་སྒོ་ལས་ མར་གནོན་འབད་ཡོདཔ་དང་ མི་སྟོང་ཕྲག་ལས་བཅད་དེ་ འཛིན་བཟུང་འབདཝ་ལས་ རྒྱལ་སྤྱིའི་གནས་ཚད་ནང་ སྐྱོན་བརྗོད་འབད་ཡོདཔ་ཨིན་པས།

བེ་ལ་རུས་འདི་ ར་ཤི་ཡ་རྒྱལ་ཁབ་དང་ མཐུན་ལམ་དམ་ཟབ་སྦེ་བཞག་དོ་ཡོདཔ་ཨིན། རྒྱལ་ཁབ་གཉིས་ཀྱིས་ མཉམ་འབྲེལ་མངའ་སྡེ་བཟུམ་གྱི་ གན་ཡིག་ཚུ་གི་ཐོག་ལས་ དཔལ་འབྱོར་དང་ སྲིད་དོན་ དེ་ལས་ དམག་གི་མཐུན་ལམ་ཚུ་ སྒྲིང་སྒྲིང་སྦེ་ཡོདཔ་ཨིན་པས།

དཔལ་འབྱོར།

བེ་ལ་རུས་ལུ་ རྒྱལ་ཁབ་ཀྱི་དབང་འཛིན་དང་ སྒེར་སྡེ་གཉིས་ཆ་ར་ སླ་བསྲེ་རྐྱབ་སྟེ་ཡོད་པའི་དཔལ་འབྱོར་ཡོདཔ་ཨིན། རྒྱལ་ཁབ་འདི་གིས་ དཔལ་འབྱོར་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ཡོདཔ་ད་ རྒྱལ་ཁབ་ནང་ལུ་ ནུས་ཤུགས་དང་སོ་ནམ་ དེ་ལས་ བཟོ་གྲྭ་དང་བཟོ་གྲྭ་ཁང་སྦོམ་ཚུ་ བདག་དབང་འབད་དེ་ཡོདཔ་ཨིན། དཔལ་འབྱོར་ནང་ ཚོང་འབྲེལ་དང་ མར་ཁུ་དང་རང་བཞིན་རླངས་རྫས་བཟུམ་གྱི་ ནུས་ཤུགས་ཀྱི་ནང་འདྲེན་གྱི་དོན་ལུ་ ར་ཤི་ཡ་ལུ་ བརྟེན་ཏེ་སྡོད་དོ་ཡོདཔ་ཨིན།

སྤྱི་ལོ་༢༠༢༣ ལུ་ བེ་ལ་རུས་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་(GDP) དངུལ་ཀྲམ་ཐེར་འབུམ་ ༧༠ ཙམ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་དཔལ་འབྱོར་དེ་ སྤྱི་ལོ་༢༠༠༠ ལོ་གྲངས་ནང་ མགྱོགས་དྲགས་སྦེ་ ཡར་འཕར་སོང་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ ཕྱིའི་བཀག་ཆ་དང་ ནང་འཁོད་དཔལ་འབྱོར་གྱི་ ལྕོགས་གྲུབ་མེད་མི་ དེ་ལས་ ར་ཤི་ཡའི་ གྲོགས་རམ་ལུ་ བརྟེན་སྡོད་མི་ལུ་བརྟེན་ གདོང་ལེན་བྱུང་ཡོདཔ་ཨིན་པས། བཟོ་གྲྭའི་ཐོན་སྐྱེད་འདི་ དཔལ་འབྱོར་གྱི་ཆ་ཤས་གཙོ་བོ་ཅིག་སྦེ་ཡོདཔ་ད་ འཕྲུལ་ཆས་དང་ ཊེག་ཊར་ དེ་ལས་ རྫས་སྦྱོར་ཚུ་ ཕྱིར་ཚོང་འཐབ་སའི་ ཐོན་སྐྱེད་གཙོ་བོ་ཅིག་ཨིན་མས། ཨིན་རུང་ ཞབས་ཏོག་ལས་ཁུངས་དང་ བརྡ་དོན་འཕྲུལ་རིག་བཟོ་གྲྭ་ཚུ་ ཡར་རྒྱས་འགྱོ་དོ་ཡོདཔ་ལས་ བེ་ལ་རུས་འདི་ དམིགས་བསལ་གྱིས་ མཉེན་ཆས་བཟོ་སྐྲུན་དང་ བརྡ་དོན་འཕྲུལ་རིག་ཕྱི་ཁར་གཏང་ནིའི་ནང་ འཕྲུལ་རིག་གི་མི་སྡེ་སྒྲིང་སྒྲིང་ཡོད་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཐོན་ཏེ་ཡོདཔ་ཨིན།

སོ་ནམ་གྱིས་ཡང་ དཔལ་འབྱོར་ནང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིནམ་ད་ བེ་ལ་རུས་ལས་ ཨོམ་གྱི་ཐོན་སྐྱེད་དང་ ཤ་ དེ་ལས་ འབྲུ་སྣ་ཚུ་ ཐོན་སྐྱེད་གཙོ་བོ་ཅིག་ཨིན་པས། རྒྱལ་ཁབ་འདི་ཆུང་ཀུ་འབད་རུང་ སོ་ནམ་ལས་སྡེ་སྒྲིང་སྒྲིང་ཡོདཔ་ལས་ འཕྲལ་འཕྲལ་རང་ "ཡུ་རོབ་ཀྱི་ཟ་ཆས་འཐོན་ས་"ཟེར་ཡང་སླབ་ཨིན།

སྤྲོ་བ་ཡོད་པའི་ས་ཁོངས།

བེ་ལ་རུས་ལུ་ སྲིད་དོན་གྱི་གནས་སྟངས་ཡོད་རུང་ ལྟ་བཤལཔ་ཚུ་གི་དོན་ལུ་ སྤྲོ་བ་ཅན་གྱི་ས་ཁོངས་དང་མཐོང་སྣང་ལེ་ཤ་ཅིག་ཡོདཔ་ད་ དེ་ཡང་ དམིགས་བསལ་གྱིས་ རྒྱལ་རབས་དང་ རང་བཞིན་གནས་སྟངས་ དེ་ལས་ སོ་ཝེཊ་དུས་སྐབས་ཀྱི་ ས་རྟགས་ཚུ་ཡོདཔ་ལས་ མི་ཚུ་སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་པས།

མཇུག༌དོན།

བེ་ལ་རུས་འདི་ དུས་རབས་ལས་བཅད་དེ་ ཕྱི་རྒྱལ་གྱི་དབང་ཤུགས་དང་ སོ་ཝེཏ་གི་ཤན་ཞུགས་ དེ་ལས་ རང་དབང་གི་དོན་ལུ་ འཐབ་རྩོད་འབད་བའི་བསྒང་ཡོད་མི་ རྒྱལ་ཁབ་ཅིག་ཨིན། ལོ་ངོ་བཅུ་ཕྲག་ལས་བཅད་དེ་ འགོ་ཁྲིདཔ་གཅིག་གིས་ སྲིད་དོན་ལམ་ལུགས་འདི་ དབང་བསྒྱུར་འབད་དེ་ཡོདཔ་ལས་ རྒྱལ་ཁབ་འདི་ ཤར་ཕྱོགས་ཡུ་རོབ་ལུ་ གཞན་དང་མ་འདྲ་བའི་གནས་སྟངས་ཅིག་སྦེ་རང་ ལུས་ནུག། དཔལ་འབྱོར་དེ་ ཡར་རྒྱས་སོང་ཡོད་རུང་ ར་ཤི་ཡ་ལུ་ བརྟེན་སྡོད་མི་དང་ སྣ་མང་བཟོ་མ་ཚུགས་པའི་ གདོང་ལེན་ཚུ་ ཐོན་དོ་ཡོདཔ་ཨིན་པས། བེ་ལ་རུས་གིས་ རང་བཞིན་འདི་མཛེས་ཏོག་ཏོ་དང་ རྒྱལ་རབས་འདི་ཕྱུགཔོ་སྦེ་ཡོདཔ་ལས་ ཤར་ཕྱོགས་ཡུ་རོབ་ཀྱི་རྒྱལ་རབས་ཁ་གསལ་སྦེ་ ཧ་གོ་དགོ་མནོ་མི་ཚུ་གི་དོན་ལུ་ སྤྲོ་བ་ཡོད་པའི་རྒྱལ་ཁབ་ཅིག་ལུ་འགྱུར་ཡོདཔ་ཨིན།

རྒྱབ་བརྟེན་ཐོ།

https://en.wikipedia.org/wiki/Belarus

  • Commons:
འབྲུག་གི་དགོན་སྡེ་དང་ལྷ་ཁང།
བེ་ལ་རུ་སུ་ | གིརིསི་ | ཇཱར་མ་ནི་ | ཡུ་ནའི་ཊེཊ་ཀིང་ཌམ་ | ཨྀཊ་ལི་ | ཕརཱནསི་ | སིཔཱེན་ | པོར་ཅུ་གལ་ | སུའི་ཌན་ | ནོ་ཝེ་ | ནེ་དར་ལེནཌསི་ | བེལ་ཇིཡམ་ | ཌེན་མཱཀ་ | ཕིན་ལེནཌ་ | ཨའིསི་ལེནཌ་ | ཀོ་སོ་བྷོ། | ཨས་ཊི་ཡ་ | ཨའིརི་ལེནཌ | ཨིསི་ཊོ་ནི་ཡ་ | ཨཱལ་བེ་ནི་ཡ། | སུའིཊ་ཛར་ལེན་ | ལིཀ་ཏནས་ཏ་ཡིན། | ཅེཀ་རི་པབ་ལིཀ་ | སི་ལོ་པ་ཀེ་ | ལི་ཐུ་ནི་ཡ། | ཀུརོ་ཤི་ཡ | བ་ཊི་ཀཱན་ | ལེཊི་བི་ཡ | སི་ལོ་ཝེ་ཉི་ཡ | ཨའིརི་ལེནཌ་ | ཨས་ཊི་ཡ | བཱུལ་གཱ་རི་ཡ། | བྷོས་ནི་ཡ་ ཧར་ཛི་གྷོ་བི་ན།
ཕཱ་རོ་གླིང་ཕྲན།


"https://dz.wikipedia.org/w/index.php?title=བེ་ལ་རུ་སུ་&oldid=38888" ལས་ སླར་འདྲེན་འབད་ཡོདཔ།