Jump to content

ཨར་མི་ནི་ཡ

Wikipedia ལས།

ལྷོ་ཀ་ཀཱསི་(Caucasus)་ལུང་ཕྱོགས་ནང་ ས་མཚམས་མེད་པའི་རྒྱལ་ཁབ་ཅིག་ཨིན་མི་ ཨར་མི་ནི་ཡ(Armenia)་ལུ་ རྒྱལ་རབས་ཀྱི་ རིག་གཞུང་དང་ ལམ་སྲོལ་གྱི་ངོ་རྟགས་ གཏིང་ཟབ་སྦེ་ ཡོདཔ་ཨིན་པས། དེ་གི་རྒྱལ་ས་ལྟེ་བ་ ཡེ་རི་ཝན་འདི་ འཛམ་གླིང་ནང་ མི་རིགས་རྙིང་ཤོས་ཅིག་ཨིནམ་ལས་ དེང་སང་གི་ཡར་རྒྱས་དང་ སྔོན་མའི་སྲོལ་རྒྱུན་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། ཨར་མི་ནི་ཡ་འདི་ ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞི་༢༩,༧༤༣ དེ་ཅིག་ཁྱབ་སྟེ་ཡོདཔ་ད་ དེ་ནང་ གངས་རི་ཡོདཔ་དང་ འདི་ལས་ལས་འབབ་པའི་ཆུ་ཚུ་ མགྱོགས་དྲགས་སྦེ་འབབ་འགྱོཝ་མི་འདི་ ག་ནི་བ་མཛེས་ཏོག་ཏོ་སྦེ་མཐོང་དོ་ཡོདཔ་ཨིན་པས། ཐོ་བཀོད་འགོ་དང་པ་འདི་ ཨར་མི་ནི་ཡ་འདི་ དུས་རབས་༩ པའི་བི་སི་ཨི་ནང་ལུ་ Urartian Kingdom ལུ་ལྷོད་ཡོདཔ་ད་ ཤུལ་ལས་ ཨར་མི་ནི་ཡ་རྒྱལ་ཁབ་ལུ་འགྱུར་ཡོདཔ་ད་ འདི་ཡང་ སྤྱི་ལོ་༣༠༡ AD ལུ་ ཡེ་ཤུའི་ཆོས་ལུགས་འདི་ རྒྱལ་ཁབ་ཀྱི་ཆོས་ལུགས་ཅིག་སྦེ་ངོས་ལེན་འབད་མི་ རྒྱལ་ཁབ་འགོ་དང་པ་ཅིག་ཨིན་མས། []

སྤྱི་ལོ་༢༠༢༣ ལུ་ ཨར་མི་ནི་ཡ་གི་མི་རློབས་འདི་ མི་ས་ཡ་༣ དེ་ཅིག་ཡོདཔ་ད་ བརྒྱ་ཆ་༩༨ དེ་ཅིག་གིས་ ཨར་མི་ནི་ཡ་གི་མི་རིགས་ཨིནམ་སྦེ་ངོས་འཛིན་འབད་ནུག མི་སྡེ་གྲངས་ཉུང་མི་རིགས་ཚུ་ཡང་ Yazidis དང་ Russian དེ་ལས་ Assyrians དང་ Kurds ཚུ་ཨིནམ་ད་ འདི་གིས་ རྒྱལ་ཁབ་ནང་ལུ་ ལམ་སྲོལ་སྣ་ཚོགས་ཀྱི་ནང་ལུ་ ཕན་ཐོགས་བྱུང་ནུག།[]

Armenian Apostolic ལྷ་ཁང་འདི་ རྒྱལ་ཁབ་ཀྱི་ལམ་སྲོལ་དང་ཆོས་དོན་གྱི་མི་ཚེ་ནང་ལུ་ ཁག་ཆེ་བའི་ལྟེ་བ་ཅིག་སྦེ་རང་ ལུས་ཡོདཔ་ཨིན། [] ཨར་མི་ནི་ཡ་ལུ་ མངའ་སྡེ་༡༠ ཡོདཔ་ད་ མངའ་སྡེ་རེ་རེ་བཞིན་དུ་ གཞུང་ལྟེ་བ་གིས་ བསྐོ་བཞག་འབད་མི་ ལུང་ཕྱོགས་འགོ་ཁྲིདཔ་གིས་ འཛིན་སྐྱོང་འཐབ་ཨིན། []

རྒྱལ་ས་ལྟེ་བ་ ཡེ་རེ་ཝན་འདི་ དམིགས་བསལ་གྱི་བདག་སྐྱོང་འབད་དེ་ཡོད་པའི་མངའ་ཁོངས་ཅིག་ཨིནམ་ད་ རྫོང་ཁག་༡༢ ལུ་དབྱེ་སྟེ་ཡོདཔ་ཨིན། ཁྲོམ་ཚོགས་འདི་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྲིད་དོན་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིནམ་དང་ མི་ས་ཡ་ལྷགཔ་ཅིག་སྡོད་དོ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༨ ལུ་ Velvet Revolution གི་ཤུལ་ལས་ ཨར་མི་ནི་ཡ་འདི་ སྤྱི་ཚོགས་ཀྱི་མི་སེར་རྒྱལ་ཁབ་ལུ་འགྱུར་ཏེ་ སྲིད་འཛིན་གྱི་དབང་ཚད་འདི་ མཛད་སྒོའི་འགན་ཁུར་ལུ་མར་ཕབ་འབད་དེ་ བློན་ཆེན་ལུ་གཞུང་གི་འགོ་ཁྲིདཔ་སྦེ་ དབང་ཚད་བྱིན་ཡོདཔ་ཨིན། [] འདི་ཡང་ ངན་ལྷད་བཀག་སྡོམ་དང་ དྭངས་གསལ་ཡར་དྲག་གཏང་ནི་དང་ དམངས་གཙོའི་གནས་སྟངས་ མང་སུ་ཅིག་ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།

ཨིན་ཌོ་ཡུ་རོ་པེན་(Indo-European) སྐད་ཡིག་བཟའ་ཚང་ནང་ལས་ ཡན་ལག་མ་འདྲཝ་ཅིག་ཨིན་མི་ ཨར་མི་ནི་ཡཱན་ སྐད་ཡིག་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིན། []སྤྱི་ལོ་༤༠༥ ལུ་ Mesrop Mashtots གིས་བཟོ་མི་ ཨར་མི་ནི་ཡཱན་གི་ཡི་གུ་འདི་ རྒྱལ་ཡོངས་ཀྱི་ངོ་རྟགས་ཅིག་སྦེ་ལུས་ཡོདཔ་ཨིན།  ཨར་མི་ནི་ཡ་གི་བཟོ་རིགས་འདི་ མེ་རི་གི་རྡོ་གི་སྦེ་ བཟོ་སྐྲུན་འབད་མི་འདི་གིས་ མིང་གཞན་ཡང་ "The Pink City" ཟེར་སླབ་ཨིན་པས། མི་སྡེའི་སྙན་ཆ་དང་ཞབས་ཁྲ་ རྩོམ་རིག་དང་ བཞེས་སྒོ་ཚུ་གིས་ ཨར་མི་ནི་ཡ་གི་ལམ་སྲོལ་ཕྱུགཔོ་འདི་ ཧེང་སྐལ་རང་ གསལ་སྟོན་འབདཝ་ཨིན་པས།

ཨར་མི་ནི་ཡ་གི་དཔལ་འབྱོར་འདི་ འཕྲུལ་རིག་དང་སོ་ནམ་ དེ་ལས་ ས་གཏེར་ལས་སྡེ་ཚུ་ཡོདཔ་ཨིན་པས། སྤྱི་ལོ་༢༠༢༢ ལུ་ ཨར་མི་ནི་ཡ་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ བརྒྱ་ཆ་༡༢.༦ ཡར་སེང་འགྱོ་ཡོདཔ་ད་ བརྡ་དོན་འཕྲུལ་རིག་ལས་སྡེ་འདི་ ཁག་ཆེ་བའི་ཕན་འདེབས་འབད་མི་ཅིག་སྦེ་ཐོན་ནུག [] ཡི་རི་ཝན་འདི་ འཕྲུལ་རིག་ལྟེ་བ་ཅིག་ལུ་འགྱུར་དོ་ཡོདཔ་ལས་ འགོ་བཙུགས་མི་ཚུ་ ཡར་དྲག་བཏང་སྟེ་ ཕྱི་རྒྱལ་གྱི་མ་རྩ་བཙུགས་མི་ཚུ་ དམིགས་བསལ་གྱིས་ Russia དང་ Europe ལས་ འོང་བཅུག་དོ་ཡོདཔ་ཨིན།

དཔལ་འབྱོར་ཡར་རྒྱས་སོང་ཡོད་རུང་ ཨར་མེ་ནི་ཡ་ལུ་ གདོང་ལེན་ཚུ་ ཡུན་རིངམོ་སྦེ་ར་ ཐོན་དོ་ཡོདཔ་ཨིན་པས། Azerbaijan དང་ Nagorno-Karabakh གི་འཁྲུག་རྩོད་འདི་ ས་ཆའི་སྲིད་དོན་གྱི་ཚ་གྱང་སྦོམ་ཅིག་ཨིནམ་ལས་ ལུང་ཕྱོགས་བརྟན་ཏོག་ཏོ་ལུ་ ཐོ་ཕོག་དོ་ཡོདཔ་ཨིན། [] ད་རུང་ ཕྱི་ཁར་འགྱོ་མི་ཚུ་གིས་ ལཱ་འབད་མི་ཚུ་ འཕྲོ་མཐུད་དེ་རང་ མར་ཕབ་འགྱོ་དོ་ཡོདཔ་ད་ གཞུང་སྐྱོང་དང་དཔལ་འབྱོར་གྱི་ ནང་འཁོད་བསྒྱུར་བཅོས་ཚུ་ འཕྲོ་མཐུད་དེ་རང་ འབད་དོ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ ཕྱིའི་སྲིད་དོན་གྱི་གནོན་ཤུགས་ལུ་ཡང་ དམིགས་བསལ་གྱིས་ ར་ཤི་ཡ་ལས་ ཉེན་ཁ་ཅན་ཅིག་སྦེ་རང་ ལུས་ཡོདཔ་ཨིན་པས། [] གཞུང་གིས་ བརྡ་དོན་འཕྲུལ་རིག་བཟོ་གྲྭ་གོང་འཕེལ་གཏང་ནི་ལུ་ སྐུལ་མ་འབད་མི་འདི་གིས་ འགོ་བཙུགས་པའི་སྐྱེ་ལྡན་རིམ་ལུགས་འདི་ ཡར་འཕར་འགྱོ་ནུག། ཡི་རི་ཝན་འདི་ མཉེན་ཆས་བཟོ་རིག་དང་ བཅོས་མའི་བློ་རིག་གསར་བཏོད་ཀྱི་ ལྟེ་བ་ཅིག་ལུ་ འགྱུར་བཅོས་འགྱོ་དོ་ཡོདཔ་ད་ འདི་ཡང་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ལས་སྡེ་ཚུ་ལུ་ ཁྲལ་གྱི་དགོངས་ཡངས་དང་ ཚོང་འབྲེལ་གྱི་གྲོགས་རམ་ཚུ་ བྱིན་དོ་ཡོདཔ་ཨིན། ཡུ་རོབ་དང་ ཨེ་ཤི་ཡ་གི་བར་ན་ཡོད་པའི་ ཨར་མེ་ནི་ཡ་གི་ས་ཆའི་གནས་སྟངས་འདི་གིས་ ཚོང་འབྲེལ་གྱི་གོ་སྐབས་ཡང་ ཡར་སེང་འབདཝ་ཨིན། []

ཨར་མེ་ནི་ཡ་གི་རྒྱལ་ས་ལྟེ་བ་ ཡེ་རི་ཝན་འདི་ འཛམ་གླིང་ནང་ མི་རློབས་འཕྲོ་མཐུད་དེ་རང་སྡོད་མི་ ཁྲོམ་ཚོགས་རྙིང་ཤོས་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་༧༨༢ བི་སི་ཨི་ལུ་ གཞི་བཙུགས་འབད་ཡོདཔ་ཨིན། ཡི་རི་ཝན་ འདི་ དམར་སྐྱ་ཚོས་གཞི་ཅན་གྱི་མེ་རུད་ཀྱི་རྡོ་ལས་བཟོ་བསྐྲུན་འབད་མི་ མཛེས་ཏོག་ཏོ་ཡོད་པའི་བཟོ་རིགས་ལས་བརྟེན་ཏེ་ "The Pink City" ཟེར་ཡང་སླབ་ཨིན། འདི་གིས་ ཨར་མེ་ནི་ཡ་གི་སྲིད་དོན་དང་ལམ་སྲོལ་ དེ་ལས་ དཔལ་འབྱོར་གྱི་ལྟེ་བ་ཅིག་སྦེ་ཕྱག་ཞུ་དོ་ཡོདཔ་དང་ འདི་ཡང་ Republic Square དང་ Cascades དེ་ལས་ Matenadaran བཟུམ་གྱི་ ས་རྟགས་ཚུ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ལུ་ ཟ་ཁང་དང་འགྲེམས་སྟོན་ཁང་ དེ་ལས་ ཁྲོམ་ཁར་མི་ལེ་ཤ་འཛོམས་དོ་ཡོདཔ་ཨིཔ་པས། ཡི་རི་ཝན་འཕྲུལ་རིག་དང་ཚོང་འབྲེལ་ལྟེ་བ་ཅིག་ལུ་འགྱུར་བའི་བསྒང་ལས་ རྒྱལ་ཁབ་ཀྱི་ ཡུན་བརྟན་གྱི་སེམས་ཤུགས་དང་ མ་འོངས་པའི་ཡར་རྒྱས་ཀྱི་རྟགས་མཚན་ཅིག་སྦེ་ ལུས་ཡོདཔ་ཨིན།

ཨར་མེ་ནི་ཡ་འདི་ སྔོན་མའི་ལམ་སྲོལ་དང་ དེང་སང་གི་གོང་འཕེལ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོད་པའི་ རྒྱལ་ཁབ་ཅིག་སྦེ་ ལུས་ནུག རྒྱལ་ས་ལྟེ་བ་ཅིག་ཨིན་མི་ ཡི་རི་ཝན་གིས་ རྒྱལ་ཁབ་ཀྱི་ཡར་རྒྱས་འགྱོ་བའི་སེམས་ཤུགས་དང་ དཔལ་འབྱོར་གྱི་རེ་འདོད་ཚུ་ རྒྱལ་རབས་དང་ལམ་སྲོལ་གྱི་སྲོལ་རྒྱུན་ཚུ་དང་གཅིག་ཁར་སྦེ་ གོང་འཕེལ་བཏང་དོ་ཡོདཔ་ཨིན་པས། གདོང་ལེན་ཚུ་ འཕྲོ་མཐུད་དེ་རང་ཡོད་རུང་ ཨར་མེ་ནི་ཡ་གི་ཐབས་བྱུས་འདི་གིས་ གསར་བཏོད་དང་ གཞུང་སྐྱོང་བསྐྱར་ཞིབ་ དེ་ལས་ རྒྱལ་སྤྱིའི་མཐུན་ལམ་ཚུ་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ཨིན།

རྒྱལ་ཁུངས་དཔེ་དེབ།

  1. Britannica. (2024). Retrieved from Armenia:Geography, history, and facts: https://www.britannica.com/place/Armenia
  2. 1 2 World Bank. (2023). Retrieved from Armenia overview: https://www.worldbank.org/en/country/armenia/overview.
  3. Yerevan Municipality. (2024). Retrieved from Yerevan administrative districts: https://www.yerevan.am/en/our-city
  4. Freedom House. (2024). Retrieved from Armenia:Democracy and governance overview: https://www..freedomhouse.org/country/armenia
  5. Ryanair. (2024). Retrieved from The Pink City of Yerevan:Armenia culture, fine cuisine,and fascinating history: https://www.ryanair.com/try-somewhere-new/gb/en/travel-guides/The-Pink-City-of-Yerevan
  6. 1 2 Market Watch. (2024). Retrieved from Armenia's emerging tech sector: https://www.marketwatch.com
  7. 1 2 Time. (2024). Retrieved from Armenia's evolving economy amid regional tensions: https://time.com
འབྲུག་གི་དགོན་སྡེ་དང་ལྷ་ཁང།
བེ་ལ་རུ་སུ་ | གིརིསི་ | ཇཱར་མ་ནི་ | ཡུ་ནའི་ཊེཊ་ཀིང་ཌམ་ | ཨྀཊ་ལི་ | ཕརཱནསི་ | སིཔཱེན་ | པོར་ཅུ་གལ་ | སུའི་ཌན་ | ནོ་ཝེ་ | ནེ་དར་ལེནཌསི་ | བེལ་ཇིཡམ་ | ཌེན་མཱཀ་ | ཕིན་ལེནཌ་ | ཨའིསི་ལེནཌ་ | ཀོ་སོ་བྷོ། | ཨས་ཊི་ཡ་ | ཨའིརི་ལེནཌ | ཨིསི་ཊོ་ནི་ཡ་ | ཨཱལ་བེ་ནི་ཡ། | སུའིཊ་ཛར་ལེན་ | ལིཀ་ཏནས་ཏ་ཡིན། | ཅེཀ་རི་པབ་ལིཀ་ | སི་ལོ་པ་ཀེ་ | ལི་ཐུ་ནི་ཡ། | ཀུརོ་ཤི་ཡ | བ་ཊི་ཀཱན་ | ལེཊི་བི་ཡ | སི་ལོ་ཝེ་ཉི་ཡ | ཨའིརི་ལེནཌ་ | ཨས་ཊི་ཡ | བཱུལ་གཱ་རི་ཡ། | བྷོས་ནི་ཡ་ ཧར་ཛི་གྷོ་བི་ན།
ཕཱ་རོ་གླིང་ཕྲན།


"https://dz.wikipedia.org/w/index.php?title=ཨར་མི་ནི་ཡ&oldid=39118" ལས་ སླར་འདྲེན་འབད་ཡོདཔ།